མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དབང་འོག་ནས་བོད་བཙན་བཟུང་བྱས་པ་གསལ་བོ་ཡིན་པས། བདེན་པའི་མཐའ་གསལ་བའི་ལོ་རྒྱུས་འདི་རྒྱལ་སྤྱིའི་ཐོག་དང་བོད་ཀྱི་གཞོན་སྐྱེས་རྣམས་ལ་འགྲེལ་བཤད་བྱ་རྒྱུ་ལས་འགན་རེད་ཅེས་བརྗོད་སོང་།

བཙན་འོག་གི་གྲོས་མཐུན་དོན་ཚན་བཅུ་བདུན་གླེང་བ་ཞེས་པའི་བགྲོ་གླེང་འཚོགས། ༢༠༢༥།༥།༢༣ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༣ཉིན་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ། དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཙན་འོག་གི་གྲོས་མཐུན་དོན་ཚན་བཅུ་བདུན་གླེང་བ་ཞེས་པའི་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་། བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས། དེ་བཞིན་གཞུང་ཁུངས་དང་གཞུང་ཁུངས་མིན་པའི་ཚོགས་པ་ཁག་གི་འཐུས་མི། ཉམས་ཞིབ་པ། དྷ་སའི་མི་མང་བཅས་མཉམ་ཞུགས་གནང་སོང་།

ཐེངས་འདིའི་བགྲོ་གླེང་སྐོར་ལ་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདི་གའི་གསར་འགོད་པར། བཙན་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོ་འདིར་ཡང་ནས་བསྐྱར་དུ་རྟོག་ཞིབ་བྱས་ཏེ། འཛམ་གླིང་ཐོག་འདེིའི་སྐོར་གྱི་དངོས་ཡོད་གནས་ཚུལ་གང་ཡིན་པ་གསལ་བསྒྲགས་བྱ་དགོས་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་ཡིག་ཆ་འདི་ལ་བརྟེན་ནས་བོད་བཙན་འཕྲོག་བྱས་པ་རེད། ད་དུང་ཡང་རྒྱ་ནག་གིས་བོད་དེ་བཙན་འོག་ཏུ་ཉར་བསྡད་ཡོད། རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་བར་དྲིལ་བསྒྲགས་བྱས་ཡོད། ང་ཚོས་བདེན་པའི་མཐའ་གསལ་བོ་བཤད་དགོས་པ་གལ་ཆེན་པོ་རེད། རྒྱ་ནག་གིས་ཐོག་མར་བོད་བཙན་གནོན་བྱེད་དུས་བོད་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་མཆོག་ནས་གཞུང་འཛིན་པའི་དུས་སྐབས་རེད། དེ་དུས་རྒྱ་གཞུང་གིས་བོད་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་པས་དམག་ལ་བརྟེན་ནས་བཙན་འཛུལ་བྱས་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། བོད་ཀྱི་སྐུ་ཚབ་རྣམས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱིན་ཡང་། རྒྱ་གཞུང་གིས་འཇིགས་སྐུལ་དང་གཉའ་གནོན་གྱི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་དགོས་ཁེལ་བ་རེད། དེ་དུས་ང་ཕོད་ངག་དབང་འཇིགས་མེད་སོགས་ལ་བོད་དོན་ཐག་གཅོད་བྱེད་པའི་དབང་ཆ་མེད་ཀྱང་། རྒྱ་ནག་གཞུང་གིས་ཡི་གེའི་དག་ཆ་ནོར་བའི་དམ་ཕྲུག་རྫུན་མ་བརྒྱབ་སྟེ། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དགོས་པའི་གནས་སྟངས་ཆགས་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་རེ་རེ་བཞིན་ནུས་མེད་དུ་བཏང་བས། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་ཕེབས་ཏེ། གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་གསལ་བསྒྲགས་གནང་བ་རེད། རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དབང་འོག་ནས་བོད་བཙན་བཟུང་བྱས་པ་གསལ་བོ་རེད་ལ། ང་ཚོས་ཡང་ནས་བསྐྱར་དུ་བདེན་པའི་མཐའ་གསལ་བའི་ལོ་རྒྱུས་འདི་རྒྱལ་སྤྱིའི་ཐོག་དང་བོད་ཀྱི་གཞོན་སྐྱེས་རྣམས་ལ་འགྲེལ་བཤད་བྱ་རྒྱུ་དེ་ལས་འགན་རེད། བོད་དོན་འཐབ་རྩོད་ནི་བདེན་པའི་མཐའ་དང་ལོ་རྒྱུས་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གྲོས་མཐུན་དོན་ཚན་བཅུ་བདུན་གྱི་བགྲོ་གླེང་གི་གལ་གནད་སྐོར་ལ་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་རྒྱ་ནག་གི་མངའ་ཁོངས་ཡིན་ཟེར་གྱི་ཡོད་པ་མ་ཟད། དེ་ནི་ཁྲིམས་མཐུན་ཡིན་ཟེར་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་མངའ་ཁོངས་སུ་ཆགས་པའི་གཞི་བཅོལ་ས་དང་ཁུངས་གཙོ་བོ་གྲོས་མཐུན་དོན་ཚན་བཅུ་བདུན་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་ཐོག་ནས་ལོ་རྒྱུས་ཀྱི་གནད་དོན་མང་པོ་བཤད་ཡོང་གི་ཡོད་ཀྱང་ཁུངས་འདི་གཙོ་བོར་འཛིན་གྱི་ཡོད་པ་རེད། ང་ཚོས་ཐོག་མ་ནས་བཙན་གནོན་འོག་བཞག་པས་ཁས་ལེན་མེད་པའི་གནད་དོན་ཞིག་ཡིན། ང་ཚོས་ཁས་མ་བླངས་ཚེ་རྒྱ་ནག་གི་མངའ་ཁོངས་ཆགས་ཀྱི་མེད་ལ་ཁྲིམས་མཐུན་ཡང་ཆགས་ཀྱི་མེད། ང་ཚོ་བཙན་བྱོལ་དུ་ཡོང་བའི་གནད་དོན་འདི་དང་འབྲེལ་བ་ཆགས་ཡོད།  ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། གྲོས་མཐུན་དོན་ཚན་བཅུ་བདུན་ཐོག་བགྲོ་གླེང་བྱེད་དགོས་པ་གནད་འགག་ཆེན་པོ་ཆགས་ཀྱི་འདུག སྤྱིར་ང་ཚོའི་ངོས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཁྲིམས་ཐོག་ནས་ངོས་ལེན་མེད་པ་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་ཡིག་ཆའི་ཐོག་ནས་བོད་བཅིངས་གྲོལ་བྱས་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་པས། ད་ལྟའི་ཆར་བོད་ནང་དུ་རང་དབང་མེད་པའི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ཏུ་བཤད་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་ཀྱི་བདག་དབང་འཛིན་སྟངས་ཐོག་རྒྱ་ནག་གི་མགོ་ཁྲིད་རྣམས་ཀྱིས་ལོ་རྒྱུས་ཀྱི་དུས་ཚིགས་འདྲ་མིན་ལུང་འདྲེན་བྱས་ཡོད་ཀྱང་། ལོ་རྒྱུས་ཀྱི་ཁ་གྲགས་ས་གཙོ་བོ་གྲོས་མཐུན་དོན་ཚན་བཅུ་བདུན་ཆགས་ཀྱི་ཡོད་པས། བོད་ཀྱི་བདེ་སྡུག་གི་ཆེད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་ཡོད་པ་མ་ཟད། ཕྱི་རྒྱལ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་རྒྱ་ནག་གི་བཙན་གནོན་ཐད་ཞུ་གཏུགས་གནང་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 1 སྔོན།

    ཆིང་ཡིག་དོན་ཚན་བཅུ་བདུན་ནང་བོད་ས་གནས་སྲིད་གཞུང་ཟེར་བ་འཁོད་འདུག་དབུ་མའི་ལམ་གྱི་དགོས་འདུན་ནང་བོད་ས་གནས་སྲིད་གཞུང་ཟེར་བའི་ཐ་སྙད་དེ་འཁོད་ཡོད་རེད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese