མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ངོ་བོ་འགྱུར་བའི་ནད་འབུ་གསར་པ་ཞིག་མི་གྲངས་ ༡༠༠༠ ལྷག་འགོས་ཟིན་པ་དང་མི་གྲངས་ ༧ འདས་གྲོངས་སུ་ཕྱིན་ཡོད་པས་བོད་མིའི་སྒྲིག་འཛུགས་ནས་དེ་འབྲེལ་མི་མང་ལ་འབོད་སྐུལ་ཞིག་ཀྱང་གནང་འདུག

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༥།༢༧

འདས་པའི་ཉིན་ཤས་རིང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ངོ་བོ་འགྱུར་བའི་ནད་འབུ་གསར་པ་(NB.1.8.1 དང་ LF.7)ཁྱབ་གདལ་དུ་འགྲོ་མུས་ཡིན་འདུག་ལ། དེ་རིང་ཕྱི་ཚེས་ ༢༧  བར་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཀྱིས་ན་བཞིན་པའི་ནད་པ་གྲངས་ ༡༠༡༠ ཡོད་ཅིང་། འདས་པའི་ཉིན་ཤས་རིང་ནད་པ་ ༧ འདས་གྲོངས་སུ་གྱུར་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་བོད་མི་རྣམས་ཀྱིས་རིམས་ནད་ལ་དོགས་གཟོན་གནང་དགོས་པའི་འབོད་སྐུལ་གསལ་བསྒྲགས་ཤིག་ཀྱང་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དེ་འབྲེལ་གསལ་བསྒྲགས་ནང་། དེ་སྔ་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྣམ་པ་འགྱུར་བའི་ནད་འབུ་ད་ཆ་རྒྱ་ནག་དང་རྒྱ་གར་ས་གནས་ཁག་ཅིག ཨེ་ཤ་ཡའི་ཡུལ་གྲུ་ཁག་ཅིག་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པར། ནད་གཞི་དེ་ཛ་དྲག་གྱི་གནས་སྟངས་མེད་ནའང་བོད་མིའི་འདུ་སྡོད་ས་གནས་ཁག་ནང་ཁྱབ་གདལ་མི་འགྲོ་བའི་སླད། དེ་སྔ་སྔོན་ཁབ་བརྒྱབ་མེད་པ་དང་། དུས་རྒྱུན་ནས་ན་ཚ་མང་དག་གིས་མནར་བཞིན་པ་ནད་གཅོང་ཅན། ལུས་ཟུངས་ནུས་པ་ཞན་པ་རྣམས་ལ་འགོས་སླ་བ་ཡོད་པའི་གནས་སྟངས་འདུག་པར་མི་མང་ཚང་མས་ཡིད་གཟབ་དང་ཐུགས་སྣང་དགོས་གལ། ནད་གཞིའི་ནད་རྟགས་དེ་བཞིན་དེ་སྔའི་ཏོག་དབྱིབས་གཉན་རིམས་ལྟར་གློ་རྒྱག་པ་དང་། ཚ་བ་འབར་བ། སྣ་ཁུག་འགག་པ། དབུགས་གཏང་རྒྱུར་དཀའ་ངལ་སོགས་ཡོད་འདུག་ན། མང་ཚོགས་ལ་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་ནན་པོ་གནང་དགོས་རྒྱུ་ཞེས་ཕེབས་སོང་བ་དེ་དོན་དགོངས་འཇགས་ཞུ། ཞེས་གསལ་འདུག

ད་ལྟ་རྒྱ་གར་ནང་རིམས་ནད་ན་བཞིན་པ་མི་གྲངས་ ༡༠༡༠ བྱུང་ཡོད་པའི་ཁྲོད། རྒྱ་གར་ལྷོ་རྒྱུད་ཀྱི་ཀེ་རེ་ལར་མི་གྲངས་ ༤༣༠ དང་། མ་ཧཱ་ར་ཤི་ཊ་ལ་ ༢༡༠། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་ལ་ ༡༠༤ ཡོད་འདུག  དེ་དག་ནི་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་མཆེད་སའི་ས་ཚིགས་ལྟེ་བར་གྱུར་འདུག་ལ། རྒྱ་གར་དབུས་འཕྲོད་བསྟེན་དང་ནང་མི་བདེ་འཇགས་ལས་ཁུངས་(Ministry of Health and Family Welfare ) ཀྱི་གྲངས་ཐོ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ལྷག་རིང་རྒྱ་གར་ནང་ཉུང་མཐར་ཡང་ཏོག་དབྱིབས་རིམས་ནད་ཀྱི་དབང་གིས་མི་གྲངས་ ༧ རྐྱེན་འདས་སུ་གྱུར་ཡོད་པ་རྣམས་ཀྱང་རྒན་འཁོགས་དང་ནད་པ་ཡིན་སྐོར་སོགས་གསལ་འདུག་ལ། རྒྱ་གར་ནང་རིམས་ནད་ཁྱབ་གདལ་དུ་མི་འགྲོ་སླད། མུ་མཐུད་དོགས་གཟོན་དང་སྔོན་འགོག་གི་ལས་དོན་རྣམས་གཉེར་དགོས་པའི་སྐུལ་མ་གནང་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལྟར་ན། ད་ལྟ་མཆེད་མུས་ཡིན་པའི་ངོ་བོ་གྱུར་བའི་ཏོག་དབྱིབས་རིམས་ནད་ཀྱིས་མིའི་ཚེ་སྲོག་ལ་ཉེན་ཁ་ཆུང་ནའང་། མིད་པ་ན་བ་དང་། གློག་རྒྱག་པ། ཚ་བ་རྒྱས་པ། རུས་ཚིགས་ན་བ། མགོ་ན་བ་སོགས་ཀྱི་ནད་རྟགས་མངོན་གྱི་ཡོད་སྐོར་གསལ་འདུག་ལ། ད་ལྟ་རིམས་ནད་དེ་རྒྱ་གར་དང་། སིངྒ་པུར། ཐའེ་ལེན་ཌི་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་མཆེད་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྐུ་པར་རྙིང་བ་ཞིག

ཆུ་ཚོད་ ༡༧ སྔོན་ལ།
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

ཆུ་ཚོད་ ༡༨ སྔོན་ལ།
Crew members of the "Madleen" are seen with their hands in the air as Israeli forces come aboard, in this image from the Freedom Flotilla Coalition. Freedom Flotilla Coalition/Freedom Flotilla Coalition/Teleg

Mobile App

ངལ་སེལ་ཆེད་གྷ་ཛར་སྐྱོད་མཁན་གྱི་ལས་འགུལ་བ་རྣམས་འཛིན་བཟུང་བྱས།

༢༠༢༥/༠༦/༡༠
About 358 fresh cases of the virus were reported in the last 24 hours in the country. (Express Archive Photo)
Mobile App

རྒྱ་གར་ནང་ཏོག་དབྱིབས་ན་མཁན་མི་གྲངས་ ༦༤༩༡ ཙམ་འདུག

༢༠༢༥/༠༦/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese