མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་མ་དང་རང་བཙན་གྱི་ལྟ་བ་གང་ཞིག་བཟུང་ཡང་བོད་སྤྱིའི་བདེ་དོན་ཐོག་ཚང་མས་ཁུར་མཉམ་ལེན་དང་ནུས་པ་མཉམ་སྤུངས་བྱ་དགོས་སྐོར་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༥།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་ ༤ ཚེས་ ༢༦ ནས་ཕྱི་ཟླ་ ༦ ཚེས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་དང་། ཁེ་ན་ཌ། ཉི་ཧོང་བཅས་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ད་ལྟ་ཁེ་ན་ཌའི་ནང་དུ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝར་དུ་འཚམས་གཟིགས་ཀྱིས་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དབུ་མ་དང་རང་བཙན་གྱི་ལྟ་བ་གང་ཞིག་བཟུང་ཡང་བོད་སྤྱིའི་བདེ་དོན་ཐོག་ཚང་མས་ཁུར་མཉམ་ལེན་དང་ནུས་པ་མཉམ་སྤུངས་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྟེང་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་བཀྲོལ་གྱིས་བོད་དོན་བདེན་པའི་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་སྐོར་གསུངས་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་མི་མང་ལ་གསུང་བཤད་གནང་སྐབས། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་སླད་རྒྱལ་སྤྱིའི་སྟེང་ཞུ་གཏུག་རིམ་པ་བྱེད་བཞིན་པའི་ཁྲོད། ཉེ་ལམ་ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་དང་། ཁྲིམས་ཡིག་ནང་བོད་རྒྱའི་དཀའ་རྙོག་དེ་ད་བར་སེལ་ཐུབ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཞིག་ལ་ངོས་འཛིན་གནང་སྟེ། ཞི་བའི་གྲོས་མོལ་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་དགོས་སྐོར་འཁོད་ཡོད་པ་མ་ཟད།  ཁྲིམས་ཡིག་དེ་བརྒྱུད་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གིས་བོད་དེ་གནའ་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་བཞིན་པ་དེར་ཁ་གཏད་གཅོག་རྒྱུར་ནུས་པ་ཆེ་རུ་གཏོང་གི་ཡོད་ཅེས་དང་། བཀའ་ཤག་སྐབས་ ༡༦ པས་འཛམ་གླིང་གང་སར་བཀྲམ་ནས་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོའི་ངོས་ནས་རང་རེའི་འཐབ་རྩོད་ལ་དབུ་འོག་དཔུང་འདེགས་དང་གཞོན་སྐྱེས་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་། དེ་བཞིན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་མཐུད་ཡོང་རྒྱུར་དམིགས་ཏེ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་ཡོད་པས་གཞོན་སྐྱེས་གང་མང་མཉམ་ཞུགས་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད་བཙན་བྱོལ་རང་དབང་ལུང་པར་གནས་འཁོད་རང་རིགས་མང་ཚོགས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་དང་བཅས་པ་མི་ཉམས་རྒྱུན་འཛིན་དགོས་སྐོར་སོགས་གསུངས་འདུག

ཟླ་འདིའི་ཚེས་ ༢༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ས་གནས་བོད་མི་དང་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཐོག་མར་བོད་མི་རྣམས་ཁེ་ན་ཌར་གནས་སྡོད་བྱེད་འགོ་ཚུགས་པའི་བྱུང་རིམ་དང་། མི་རབས་རྒན་པ་དང་བོད་རིགས་སྤྱི་མཐུན་ཚོགས་པས་འགན་ཁུར་ནས་བོད་པའི་སྤྱི་ཚོགས་རྒྱུན་སྐྱོང་ཐུབ་པའི་སྐོར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་ནང་གི་བོད་མི་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། བོད་མི་རྣམས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བ་ཞིག་ཆགས་ཐུབ་པ་དང་། བོད་ཀྱི་གནད་དོན་འཛམ་གླིང་སྟེང་གསོན་པོར་གནས་ཐུབ་པ། དེ་བཞིན་བཙན་བྱོལ་དུ་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཤིག་བཙུགས་ཐུབ་ཡོད་སྐོར་གསུངས་འདུག

དེ་བཞིན་ཁོང་གིས་དེང་སྐབས་མི་སྒེར་ཡར་རྒྱས་འགྲོ་བཞིན་པའི་སྐབས་སྤྱི་པ་ཉམས་ཆག་འགྲོ་བའི་རྣམ་པ་ཞིག་འབྱུང་གི་འདུག མི་མང་ཚང་མ་སོ་སོའི་རང་མགོ་ཐོན་ཏེ་ཕྱིན་པ་ཡིན་ན་སྤྱི་ཚོགས་ཀྱི་ཕྱག་ལས་གནང་མཁན་མེད་པ་ཆགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱིས་རོགས་བྱེད་མི་ཐུབ་པའི་གནས་སྟངས་ཤིག་བྱུང་ཚེ། མི་མང་རང་ནས་འགན་འཁུར་གནང་དགོས། དེའི་ཆེད་དུ་ཕྲུ་གུ་རྣམས་ངེས་པར་དུ་གཟའ་མཇུག་སློབ་གྲྭར་འཇུག་དགོས་པ་དང་། དུས་ཐོག་ཏུ་དཔྱ་ཁྲལ་ཕུལ་དགོས། གཞན་ཡང་ས་གནས་རེ་རེར་སྤྱི་པའི་སྒྲིག་འཛུགས་ཚགས་ཚུད་པོ་དགོས་ཀྱི་ཡོད། ཅེས་དང་། བོད་མིའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་སྐོར་གསལ་སྟོན་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་སྤོ་གཙོས་པའི་གཞིས་ཆགས་སྲ་བརྟན་གྱི་ལས་གཞིའི་སྐོར།  ཁ་ཐོར་གཞིས་ཆགས་ཀྱི་བོད་མིའི་འཚོ་བའི་དཀའ་ངལ་སོགས་ཀྱི་སྐོར་གསུངས་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བསྡུ་སྒྲིག་བྱས།  རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese