མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་གོ་སྟོན་སྲུང་གཙི་དང་བསྟུན་བཞུགས་སྒར་དྷ་སར་བསྡུ་འཆར་ཡོད་པའི་༧རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་ཚོགས་ཐེངས་ ༣༠ པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞིན་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ཡིན་འདུག 

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡ ནས་ ༡༡ བར་ཉིན་གྲངས་བཅུ་གཅིག་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན། ༧རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་ཚོགས་ཐེངས་ ༣༠ པ་དེ་བཞུགས་སྒར་དྷ་སར་འཚོག་རྒྱུ་ཡིན་ཞིང་། འདི་ལོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག 

དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས་ཁ་པར་བརྒྱུད་འདི་གའི་གསར་འགོད་པར། འདི་ལོའི་རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་སྤོལ་འགྲན་སྡུར་ཐེངས་སུམ་ཅུ་པ་ཆགས་ཡོད་ཅིང་། འདི་ལོར་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་གི་ཡོད་པའི་ཁྲོད། དུས་ཡུན་རིང་པོར་འཛུལ་ཞུགས་གནང་མ་ཐུབ་པའི་རུ་ཁག་ཁག་ཅིག་གིས་འཛུལ་ཞུགས་གནང་གི་ཡོད་ལ། དེ་བཞིན་འདི་ལོར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ལྔ་ནས་བཞི་ཡི་རུ་ཁག་གིས་ཀྱང་འཛུལ་ཞུགས་གནང་གི་ཡོད། འདི་ལོའི་རྩེད་འགྲན་དེ་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་མཐུན་ཚོགས་(AIFF)ཀྱིས་ཆོག་མཆན་རང་བཞིན་ལྡན་པའི་རྐང་སྤོལ་གྱི་འགྲན་ཚོགས་དམིགས་བསལ་ཞིག་ཡིན། ཞེས་བརྗོད་བྱུང་། 

ཡང་ཁོང་གིས། ལོ་ལྟར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་པ་རྣམས་ཀྱིས་ཆུ་འཐུང་ནས་འགྱིག་དམ་གྱིས་ཁོར་ཡུག་སྦག་བཙོག་བཟོ་ཡི་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་དགོས་པའི་དགོངས་བཞེད་བཞིན། ༧རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་འདིའི་ཐོག་ཏུ་རྐང་སྤོལ་བ་རྣམས་ལ་ཆེད་དུ་བཟོས་པའི་ཆུའི་འགྱིག་དམ་རེ་རེ་སྤྲད་ནས། ཁོར་ཡུག་སྲུང་སྐྱོབ་གང་ཐུབ་བྱ་རྒྱུ་དང་། རྗེས་མ་ཡང་རྩེད་འགྲན་གང་དུ་བསྡུས་རུང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་དོ་སྣང་བྱ་རྒྱུའི་རེ་བ་ཡོད་སྐོར་སོགས་བརྗོད་བྱུང་། 

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། རྩེད་འགྲན་འདི་ལོ་ལྟར་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་འཚོགས་ཐུབ་མེད་ཅིང་། རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་དེ་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་ ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་(Clement town)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ཕྱི་ལོ་ ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས། ཕྱི་ལོ་ ༢༠༢༣ དང་ ༢༠༢༤ བཅས་སུ་དྷ་ས་དང་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་བཅས་སུ་འཚོགས་ཡོད། 

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲ་རྒྱར་གཞིགས་ན། ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༢༩ བྱས་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། ༢༠༡༦ ལོར་ཊི་ཌི་ཨེལ་སྦེལ་ཀོབ་རུ་ཁག ༢༠༡༧ ལོར་བཀྲིས་གླིང་ཧི་མ་ལ་ཡ་རུ་ཁག ༢༠༡༨ དང་ ༢༠༡༩ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག ༢༠༢༡ ལོར་སིམ་ལ་རུ་ཁག ༢༠༢༢ ལོར་དོན་གྲུབ་གླིང་རུ་ཁག ༢༠༢༣ ལོར་དྷ་ས་གཅིག་སྒྲིལ་རུ་ཁག་དང་ཕྱི་ལོ་ ༢༠༢༤ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese