མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་དག་ལ་ཉམས་ཞིབ་བྱས་ཏེ་རྒྱལ་སྤྱིའི་སྟེང་ཐེར་འདོན་བྱེད་དགོས་ལ་ཐེར་འདོན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་སྐོར་གསུངས།

ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ། ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་དང་འབྲེལ་བགྲོ་གླེང་འཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། ནོར་གླིང་མཐོ་སློབ་ཀྱི་རྒྱ་ཡིག་དགེ་རྒན་རྒྱལ་མཚན་ཆོས་སྐྱིད་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས། ཉམས་ཞིབ་པ་བློ་བཟང་བཀྲ་ཤིས་ལགས་དང་ཉམས་ཞིབ་ཁང་གི་ལས་བྱེད་བཅས་འཛོམས་འདུག

ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁོར་ཡུག་གཏོར་བརླག་ཕྱིན་པ་ཡིན་ན། བོད་མི་རིགས་འཚོ་གནས་བྱ་རྒྱུ་མེད་པར་ཆགས་ཀྱི་ཡོད་སྟབས། བོད་ཀྱི་ཁོར་ཡུག་དེ་གལ་ཆེ་ཤོས་ཡིན། ཞེས་གསུངས་ཡོད་པ་རེད། ང་ཚོས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་སོགས་བྱེད་ཀྱི་ཡོད། ད་ལན་སྙན་ཐོ་བཏོན་ཏེ་མི་ཚང་མས་དེབ་ནང་ནས་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་། ཉམས་ཞིབ་པའི་ནུས་པ་སྟོན་ཐུབ་པ། དེ་བཞིན་མུ་མཐུད་དུ་སྙན་ཐོ་འདོན་སྤེལ་དང་། ཁོར་ཡུག་དེ་གལ་ཆེན་ཡིན་པ་མ་ཟད། དེའི་ཐོག་དོ་སྣང་ཡོང་རྒྱུར་དམིགས་པ་ཞིག་རེད། ཅེས་གསུངས་སོང་།

སྙན་ཐོ་དེའི་རྩོམ་པ་པོ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་སྙན་ཐོ་བྲིས་པའི་བརྒྱུད་རིམ་དང་། རྒྱབ་ལྗོངས་ཀྱི་ལོ་རྒྱུས། གནས་ཚུལ་མཁོ་སྒྲུབ་གང་འདྲ་བྱས་ཡོད་པའི་སྐོར། རྒྱ་ནག་གི་བོད་ནང་དུ་གནས་སྤོའི་ལས་གཞི་སྤེལ་བཞིན་པའི་དངོས་ཡོད་གནས་སྟངས་སོགས་ངོ་སྤྲོད་གནང་སོང་། དེ་རྗེས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ད་ལན་བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་བཏོན་པར་ཉམས་ཞིབ་པ་རྣམ་པ་དང་། སློབ་སྟོན་གནང་མཁན། ཕྱག་རོགས་གནང་མཁན་རྣམས་ལ་དགའ་བསུ་ཞུ་རྒྱུ་ཡིན། ཉམས་ཞིབ་བྱེད་པར་དེབ་མང་པོ་ཀློག་དགོས་པ་དང་། དུས་ཚོད་མང་པོ་གཏོང་དགོས་པ། གནས་ཚུལ་མང་པོ་མཁོ་སྒྲུབ་བྱེད་དགོས་ཀྱི་ཡོད་པ་སོགས་ཉམས་ཞིབ་བྱ་རྒྱུ་ཧ་ཅང་གི་ཁག་པོ་རེད། བཀའ་ཤག་གི་དགོངས་པ་ལྟར་བོད་ནང་དུ་རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་དག་ཉམས་ཞིབ་བྱས་ཏེ་རྒྱལ་སྤྱིའི་སྟེང་ཐེར་འདོན་བྱེད་དགོས་ལ། ཐེར་འདོན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། སྙན་ཐོ་བཏོན་པ་འདི་བསྐྱར་ཞིབ་དང་ཁ་སྣོན་བྱས་ཏེ་མ་འོངས་པར་དབྱིན་ཡིག་དང་། རྒྱ་ཡིག་སོགས་སྐད་ཡིག་གཞན་གྱི་ནང་འདོན་སྤེལ་གནང་རྒྱུ་དེ་གལ་ཆེན་པོ་ཡིན་ལ། དེའི་ཐོག་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་དང་། སྐད་ཡིག་གཞན་པའི་ནང་སྙན་ཐོ་འདོན་སྤེལ་བྱེད་པ་དེས་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་མང་དུ་འགྲོ་ཡི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

སྙན་ཐོ་འདོན་སྤེལ་དང་འབྲེལ་ནས་ཉམས་ཞིབ་པ་བློ་བཟང་བཀྲ་ཤིས་ལགས་ཀྱིས། སྙན་ཐོ་འདིའི་དམིགས་ཡུལ་གཙོ་བོ་ནི། སྐྱེ་ཁམས་གནས་སྤོའི་ལས་གཞི་འདིས་བོད་ཀྱི་ངོ་བོ་དང་མི་རིགས་ལ་གནོད་སྐྱོན་ཇི་ཙམ་ཡོད་མེད་དང་། གནས་སྤོའི་ལས་གཞི་ལ་བརྟེན་ནས་བོད་ནང་གི་འབྲོག་པ་རྣམས་ལ་དཀའ་ངལ་གང་དག་འཕྲད་ཀྱི་ཡོད་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། ལས་གཞི་དེ་གང་མགྱོགས་མཚམས་འཇོག་ཡོང་བར་དམིགས་པ་ཞིག་རེད། ད་དུང་སྙན་ཐོ་འདིའི་ནང་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྐོར་དང་། ད་ལྟའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ལ་བརྟེན་ནས། ཕྱི་ལོ་ ༢༠༡༩ ནས་ ༢༠༢༥ བར་ནག་ཆུའི་རྫོང་ཁག་གསུམ་ནས་འབྲོག་པ་ ༣༦༠༠༠ ཙམ་ལྷོ་ཁའི་སྲིན་བུ་རིར་གནས་སྤོ་ཟིན་པ་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཐད་དཀའ་ངལ་ཅི་ཞིག་བྱུང་གི་ཡོད་པ་སོགས་གསལ་སྟོན་བྱས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese