མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་དང་སྤྱི་ཚོགས་གླེང་སྟེགས་སོགས་ཀྱི་ནང་དམར་ཤོག་ཚོགས་པར་དམའ་འབེབས་དང་རྒྱལ་ཁབ་ཁ་བྲལ་གཏོང་བ་ཟེར་བའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་བྱ་རྒྱུ་ཡིན་འདུག

Tibetan Children at China’s Colonial Boarding School in Nagchu area, Tibet

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་དབུས་སློབ་གསོ་ཁང་གིས་ཚད་ལྡན་མིན་པའི་སློབ་གཉེར་བྱ་སྤྱོད་གཙང་བཤེར་བཅོས་སྒྲིག་བྱ་རྒྱུ་ཟེར་བའི་དོན་ཚན་བཅུ་དྲུག་ཅན་ཞིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བ། དམར་ཤོག་ཚོགས་པའི་གཟུགས་བརྙན་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལ་དམའ་འབེབས་གཏོང་བའི་སློབ་ཚན་དང་། གླེང་སྟེགས་འཆད་ཁྲིད། རྒྱུགས་ཤོག་སོགས་ཀྱི་ནང་ནང་དོན་དེ་རིགས་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དབུས་སློབ་གསོ་ཁང་གི་གསལ་བསྒྲགས་དེའི་མགོ་རུ་མི་ཆོག་པ་ཁག་མང་པོ་བཀོད་ཡོད་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་ལ་དམའ་འབེབས་གཏོང་བ། རྒྱལ་ཁབ་ཀྱི་མགོ་ཁྲིད་ལ་དམའ་འབེབས་གཏོང་བ། རྒྱལ་ཁབ་ཁ་བྲལ་གཏོང་བ། ལོ་རྒྱུས་འཁྱོག་བཤད་བྱེད་པ། ནོར་འཁྲུལ་གྱི་ལྟ་ཚུལ་ཁྱབ་སྤེལ་བྱེད་རིགས་སོགས་གཏན་འགོག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་སློབ་ཚན་གཏན་འབེབས་དང་འགལ་ནས་སློབ་ཚན་གྱི་ནང་དོན་གང་འདོད་ལེགས་སྒྲིག་དང་གསབ་འཕྲི་བྱེད་མི་ཆོག་པ་དང་། ཚད་ལས་བརྒལ་ནས་སྔོན་ལ་སློབ་ཁྲིད་བྱེད་པ་དང་། ཀུན་སྤྱོད། ལུས་རྩལ། མཛེས་རིག་སློབ་གསོ། ངལ་རྩོལ་སློབ་གསོ། ཕྱོགས་བསྡུས་ལག་ལེན་བྱེད་སྒོ་སོགས་ཀྱི་སློབ་ཚན་གྱི་དུས་ཚོད་བཙན་གྱིས་ལེན་མི་ཆོག སློབ་གསོ་དང་འབྲེལ་བའི་སྡེ་ཁག་ཚང་མས་གཏན་འབེབས་བྱས་པའི་དུས་ཡུན་ལས་བརྒལ་བའི་ལས་འཆར་བཀོད་སྒྲིག་དང་བསྐྱར་ཟློས་བྱེད་ཆོག་གི་མེད་སྐོར་སོགས་གསལ་འདུག

སློབ་སྦྱོང་གི་དུས་ཚོད་དང་འབྲེལ་ནས་མི་ཆོག་པ་ཁག་ཅིག་བྲིས་ཡོད་པའི་ནང་། སློབ་གྲྭ་སྔ་སྣུར་དང་ཕྱིར་འགྱངས་བྱེད་མི་ཆོག དུས་ཆེན་དང་དབྱར་དགུན་གུང་གསེང་དུ་གསབ་ཁྲིད་བྱེད་མི་ཆོག་པ། དེ་བཞིན་དམའ་འབྲིང་དང་སློབ་ཆུང་གི་སློབ་མ་འདེམས་སྒྲུག་བྱེད་པར་ཡིག་རྒྱུགས་དང་། སྤྱི་ཚོགས་གསོ་སྦྱོང་གི་རྒྱུགས་འབྲས་སོགས་སློབ་བསྡུའི་གཞི་འཛིན་སར་བྱེད་པ་རྣམས་གཏན་འགོག་དགོས་པ་དང་། ཡིག་རྒྱུགས་ལ་གཞིགས་ནས་སློབ་གྲྭར་དཔྱད་ཞིབ་དང་ཨང་རིམ་དགར་བ། དགེ་རྒན་ལ་ཨང་རིམ་དང་བྱ་དགའ་ཆད་གཅོད་བྱེད་མི་ཆོག

རྒྱ་ནག་ནང་ལ་དགེ་རྒན་གྱིས་སློབ་མར་ཉེས་རྡུང་བཏང་བའི་གནད་དོན་ཡང་ཡང་འབྱུང་གི་ཡོད་པར་བརྟེན། ད་ལན་གྱི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། དགེ་རྒན་གྱིས་སློབ་མར་མཐོང་ཆུང་དང་། རྣམ་པ་སྒྱུར་ནས་ལུས་ཆད་གཅོད་པ། གཤེ་གཤེ་གཏོང་བ། འདོད་སྲེད་བརྙས་བཅོས་དང་མི་གཤིས་ལ་རྒྱར་དམའ་འབེབས་གཏོང་བའི་བྱ་སྤྱོད་རྣམས་གཏན་འགོག་དགོས་སྐོར་དང་། སློབ་མ་རྒན་པས་ཆུང་བར་བརྙས་བཅོས་བྱེད་པ་སོགས་བརྙས་བཅོས་བྱེད་པའི་བྱ་སྤྱོད་སྣང་མེད་དུ་འཇོག་པ་དང་བཟོད་སྒོམ་བྱེད་རིགས་བཀག་འགོག་དགོས་སྐོར། དེ་བཞིན་སློབ་མར་ཟས་དུག་ཤོར་བའི་གནད་དོན་རིགས་གཏན་འགོག་བྱེད་དགོས་སྐོར། སློབ་མར་བཙན་གྱིས་སྒྲིག་ཆས་ཉོ་རུ་འཇུག་པ་སོགས་བྱེད་མི་ཆོག་པ་བཀོད་འདུག

བོད་ནང་གི་སློབ་གྲྭ་ཆུང་འབྲིང་གི་ནང་དུ་སློབ་མ་རྣམས་ཀྱིས་སྒྲིག་ཆས་ངེས་པར་དུ་གྱོན་དགོས་པ་དང་། ཐོག་མར་བོད་ནང་སློབ་ཆུང་སློབ་མར་གཏན་འཇགས་སློབ་གྲྭ་མང་པོ་ཆེད་འཛུགས་བྱས་ཏེ། བྱིས་པ་རང་ལོ་ ༤ དང་ ༥ ནས་གཏན་འཇགས་སློབ་གྲྭར་བཅུག་པའི་སྐབས། དང་ཐོག་སློབ་ཕྲུག་རྣམས་ལ་ཟས་དུག་ཤོར་བ་དང་། འཕྲོད་བསྟེན་ཡག་པོ་མ་བྱུང་བའི་དཀའ་ངལ་ཤུགས་ཆེན་འཕྲད་པར་བརྟེན། སློབ་གྲྭའི་འཛིན་སྐྱོང་དང་ཕ་མའི་བར་ལ་རྩོད་རྙོག་ཆེན་པོ་བྱུང་བར་བརྟེན། སློབ་གྲྭ་ཁག་གི་ཟ་མ་དང་འཕྲོད་བསྟེན་ལ་སྔར་ལས་ཡར་རྒྱས་གཏོང་དགོས་པའི་གནས་སྟངས་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. ཇ་མ། says:
    ཟླ་བ། 10 སྔོན།

    དགྱ་ནག་གི་སློབ་གསོ་ནི་གུང་ཇག་གསོན་པའི་ཆེད་ངོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese