མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འདུག

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་ས་གནས་བོད་མི་རྣམས་ལ་ཐུག་འཕྲད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༥།༦།༡

ཕྱི་ཟླ་ ༤ ཚེས་ ༢༦ ནས་ཕྱི་ཟླ་ ༦ ཚེས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་དང་། ཁེ་ན་ཌ། ཉི་ཧོང་བཅས་རྒྱལ་ཁབ་གསུམ་གྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་བཅས་ཀྱིས་ཉི་ཧོང་ས་གནས་བོད་མི་རྣམས་ལ་ཐུག་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། འཛིན་སྐྱོང་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྤྱི་དང་ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དཔང་རྟགས་ཡོད་པའི་ཐོག་ནས་བསྒྲུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། བོད་མི་ཚང་མས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པ། བོད་རྒྱའི་དཀའ་རྙོག་སེལ་སླད་རྒྱ་ནག་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་བཞག་ཡོད་ཀྱང་། ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་རུང་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་མ་བྱེད་པར་ཆབ་སྲིད་ཀྱི་དཀའ་རྙོག་དེ་སེལ་ཐབས་མེད་པས། ཐབས་ལམ་ཞིག་མ་རྙེད་བར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་བར་སྐུ་ངལ་འཛེམས་མེད་སྐྱོན་པའི་འབྲས་བུར་རྒྱལ་སྤྱི་ཁྱོན་ཡོངས་ལ་གསོན་པོར་གནས་པའི་བོད་མིའི་རང་དབང་འཐབ་རྩོད་དེ་རྒྱུན་གནས་ཐུབ་ཐབས་སུ་བཙན་བྱོལ་བོད་མི་ཚང་མས་སོ་སོ་གནས་ཡུལ་རྒྱལ་ཁབ་ནང་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་མུ་མཐུད་གནང་དགོས་སྐོར་སོགས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༡༩༩༤ ལོར་བསྐོང་ཚོགས་གནང་བ་ནས་བཟུང་ད་བར་གྱི་འབྱུང་རིམ་སྐོར་ལ་ངོ་སྤྲོད་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་དམིགས་ཡུལ་ནི་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་ངོ་བོ་དང་། འཛམ་གླིང་ཞི་བདེའི་ཐོག་ཞབས་འདེགས་ཞུ་ཐུབ་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་སྲུང་སྐྱོབ་ཐོག་ལ་འགན་ཁུར་ཆེ་བཞེས་གནང་རྒྱུར་ནུས་པ་འདོན་སྤེལ་ཐུབ་པ་སོགས་ཀྱི་ཆེད་དུ་ཡིན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དང་། རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ངོ་སྤྲོད། གཞོན་སྐྱེས་རྣམ་པས་བོད་ཀྱི་རྩ་དོན་ཐོག་ཆ་ཤས་གང་མང་ལེན་དགོས་པའི་སྐུལ་མ་དང་འབྲེལ་ཚང་མས་བོད་དོན་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་ས་ཡེ་ཏཱ་མ་མངའ་སྡེའི་མོ་རོ་ཡ་མ་གྲོང་སྡེའི་ནང་བཅའ་བཞུགས་བོད་མི་ཁག་ཅིག་དང་ཐུག་འཕྲད་གནང་ཡོད་འདུག ཁོང་རྣམས་ནི་ཕྱི་ལོ་ ༡༩༦༠ ནང་ཉི་ཧོང་དུ་སློབ་སྦྱོང་ཆེད་ཕེབས་པའི་བོད་ཕྲུག་ཐོག་མའི་གྲས་ཡིན་འདུག

ཕྱི་ཟླ་ ༥ ཚེས་ ༣༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧི་ཧོང་ཨོ་ས་ཀའི་སེ་ཕུ་གཱ་ཀུན་སློབ་གྲྭར་ (Seifu Gakuin) ཕེབས་ཏེ། སློབ་གྲྭའི་སློབ་སྤྱི་ཧི་རའོ་ཀི་ཧི་རའོ་ཀ་ (Hiroaki Hiraoka) ལགས་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཟུར་པ་ན་གྷའོ་ཏ་ཀ་ཤི་ (Nagao Takashi) ལགས་རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་སྐབས་སློབ་གྲྭ་དེར་ཞབས་སོར་འཁོད་ཡོད་ཅིང་། སློབ་སྤྱི་ཁོང་གི་ནང་མི་ནི་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་ཨོ་སཱ་ཀ་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་། ༢༠༢༥།༠༥།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉི་ཧོང་ཨོ་ས་ཀ་ས་གནས་ཀྱི་ཨེ་ཝི་ན་མགྲོན་ཁང་ (Awina Hotel) དུ། སེ་ཕུ་གཱ་ཀུན་སློབ་གྲྭའི་ (Seifu Gakuin) སློབ་སྤྱི་སྐུ་ཞབས་ཧི་རོ་ཨ་ཀི་ཧི་རའོ་ཀ་ (Hiroaki Hiraoka) ལགས་ཀྱིས་སྣེ་ཁྲིད་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁ་བའི་འོག་གི་མེ་ལྕེ་ (Fire under snow) ཞེས་པའི་ཉི་ཧོང་གི་ཤེས་ཡོན་ཅན་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་ད་ལྟའི་བོད་རྒྱའི་རྩོད་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་ཤིག་ཡིན་པ་ར་སྤྲོད་གནང་བ་མ་ཟད། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་དྲག་སྤྱོད་དང་དམག་འཁྲུག་གི་རྙོག་གླེང་བྱུང་བའི་སྐབས། བོད་ནི་འཚེ་མེད་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་འཐབ་རྩོད་གནང་རྒྱུ་ཡིན་པ་དང་། ཉི་ཧོང་གིས་འདས་པའི་ལོ་རྒྱུས་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བཞིན་མུ་མཐུད་གནང་རྒྱུའི་རེ་སྐུལ་ཞུ་ཡི་ཡོད་སྐོར་གསུངས་འདུག

ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཉི་ཧོང་ཨོ་སཱ་ཀ་གྲོང་ཁྱེར་དུ། སེ་ཕུ་གཱ་ཀུན་སློབ་གྲྭའི་ (Seifu Gakuin) སློབ་སྤྱི་སྐུ་ཞབས་ཧི་རོ་ཨ་ཀི་ཧི་རའོ་ཀ་ (Hiroaki Hiraoka) ལགས་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ས་ཀི་ (Masaki) ལགས་གཉིས་ཀྱིས་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་འཕྲད་དང་བཞུགས་མོལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། སྐབས་དེར་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧི་ར་ཏ་ཀ་ཏ་གུ་ཆི་ (Hirataka Taguchi) མཆོག་གཙོས་པའི་གྲོས་ཚོགས་འཐུས་མི་ཧི་དེ་ཧི་ས་ཧི་ར་མོ་ཏོ་ (Hidehisa Hiramoto) ལགས་དང་། ཡུ་མ་ཨ་རི་ས་ཝ་ (Yuma Arisawa) ལགས། ཤི་ཡོ་རི་སོ་ཨེ་ད་ (Shiori Soeda) ལགས། ཤོ་ཀོ་ནོ་ད་ (Shoko Noda) ལགས། ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨུ་ཨེ་ད་ (Rev. Ueda) ལགས། ར་ཡུ་ཤིན་ཨོ་ནི་ཤི་ (Rev. Ryushin Onishi) ལགས། བྱིས་པའི་ཕུགས་བསམ་ (Dream for Children) ཚོགས་པའི་ཧི་རོ་ཕུ་མི་ཀ་མེ་ཊ་ (Hirofumi Kameda) ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཉི་ཧོང་གྲོས་ཚོགས་ཚོགས་ཁང་ (National Diet Building) དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཡ་མ་ཏ་ནི་ཨེ་རི་ཀོ་ (Yamatani Eriko) ལགས།  ཉི་ཧོང་བསམ་མཛོད་བསྟི་གནས་ཁང་ ( Institute for National Fundamentals) གི་འགན་འཛིན་ལྕམ་ཡོ་ཤི་ཀུ་ས་ཀུ་རའེ་ (Yoshiku Sakurai) ལགས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཧི་རོ་ཤི་ཡ་མ་ད་ (Hiroshi Yamada) ལགས་སོགས་གྲོས་ཚོགས་འཐུས་མི་ ༣༢ ལྷན་འཛོམས་བྱུང་ཡོད་འདུག ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་གི་ཁེ་ན་ཌའི་ནང་འཚམས་གཟིགས་འགྲུབ་སྟེ་ཕྱི་ཚེས་ ༢༨ ཉིན་ཉི་ཧོང་དུ་ཕེབས་འབྱོར་བྱུང་ཡོད་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བསྡུ་སྒྲིག་བྱས།

རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. ཇ་མ། says:
    ལོ་ 1 སྔོན།

    སྤྱི་འཐུས་ཚོ་ལས་དོན་གང་གི་ཆེད་སོང་བ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese