མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་བྱས་པ་དེས་སོ་སོའི་རྒྱུད་ལ་ཞི་བདེ་ཡོང་བར་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སློབ་སྩལ་འདུག

༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ། ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོའི་དཔེ་ཆའི་ནང་དུ་སེམས་ཁམས་རིག་པའི་བློའི་འགྲོ་སྟངས་དེ་ཧ་ཅང་གསལ་བོ་འདུག དེ་དབྱིན་ཇིའི་སྐད་ཡིག་ནང་དུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་གིས་ངོ་ཤེས་པའི་ཚན་རིག་མང་པོ་ངོས་ཀྱི་འགྲམ་དུ་ཡོང་བ་རེད། ཁོང་ཚོས་དམིགས་བསལ་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་ཀྱི་འདུག སྐྱེ་བ་སྔ་ཕྱི་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་སྐོར་སྐད་ཆ་མི་དགོས་པར་འཕྲལ་དུ་སེམས་ཀྱི་ཞི་བདེ་ག་འདྲ་བཟོ་དགོས་པའི་ཐོག་དོ་སྣང་ཤུགས་ཆེན་པོ་འདུག བྱས་ཙང་། ངོས་ཀྱིས་སེམས་ཁམས་རིག་པའི་འགྲོ་སྟངས་ཐོག་ཏོག་ཙམ་བཤད་བསྡད་ཀྱི་ཡོད། ནང་པ་སངས་རྒྱས་པའི་གཞུང་ལ་སློབ་སྦྱོང་བྱས་ཏེ་སེམས་ཁམས་རིག་པའི་སྐོར་ལ་སོ་སོས་ཉམས་ལེན་བྱོས། ཤེས་སོང་ངམ། གང་ལྟར་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་སེམས་ག་འདྲ་བྱས་ནས་འདུལ་དགོས་ཀྱི་ཡོད་པ་དེ་རེད། སེམས་འདུལ་ཐབས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཡང་ང་ཚོའི་དཔེ་ཆའི་ནང་དུ་སེམས་མ་དུལ་བ་དེ་འདྲ་ཡོང་གི་འདུག  དེ་འདྲའི་རིགས་ལ་ང་ཚོས་བལྟ་རྒྱུ་ཡོད་པ་མ་རེད། དཔེ་ཆ་ཡང་ཁ་བདེ་བོ་དེ་འདྲའི་རིགས་ཀྱང་ཡོང་གི་འདུག  དེ་དག་གི་རིགས་ནི་དཀོན་མཆོག་གོང་ཕུད་རེད། གང་ལྟར་ང་ཚོ་སྤྱིར་བཏང་ཆོས་པ་ཡིན་པ་དང་། དེའི་ནང་ཚན་ནས་གྲྭ་ཆས་གྱོན་བསྡད་པའི་ཁྱེད་རང་ཚོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་སློབ་སྦྱོང་བྱོས། སློབ་སྦྱོང་བྱས་པ་དང་ཆབས་ཅིག་སོ་སོའི་རྒྱུད་ལ་ཞི་བདེ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

འདི་གའི་གསར་འགོད་པས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐེག་རྩེ་རིན་པོ་ཆེ་མཆོག་ལ་ཐེངས་འདིའི་མཇལ་ཁའི་སྐོར་དྲིས་པར་ཁོང་གིས། སྔོན་མ་རྒྱ་གར་གཞུང་གིས་བོད་ཡིག་གམ་བྷོ་ཊིའི་ཡི་གེ་ངོས་ལེན་ཡོད་པ་མ་རེད། ད་ལྟའི་ཆར་རྒྱ་གར་གཞུང་གིས་ཞལ་བཞེས་བཟང་བོ་ཐོབ་ཡོད། དེ་ནི་ཧ་ཅང་གི་གནས་ཚུལ་བཟང་པོ་ཞིག་རེད། དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུ་རྒྱུ་བྱུང་། རྒྱ་གར་གཞུང་གིས་བོད་ཡིག་དེ་ངོས་འཛིན་ཐོབ་པ་བཞིན་དུ། ལ་དྭགས་ནས་ཨ་རུ་ན་ཅལ་བར་དུ་བོད་ཡིག་དེ་དགོན་སྡེ་དང་འཛིན་རིམ་བཅུ་གཉིས་བར་དུ་སློབ་སྦྱོང་དང་ལག་འཁྱེར་ངོས་ལེན་ཡོད་པ་ཞིག་ཞལ་བཞེས་ཐོབ་ཡོད། མ་འོངས་བར་སངས་རྒྱས་བསྟན་པ་རྒྱ་གར་ཙམ་དུ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུའང་གོང་སྤེལ་ཡོང་བར་སྐྱབས་འཇུག་ཞུས་ཡོད་ལ། ང་ཚོའི་དམིགས་ཡུལ་དེ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དགེ་བཤེས་ཆོས་འཕེལ་བཟོད་པ་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་གར་གཞུང་གིས་བྷོ་ཊའི་ཡི་གེ་ངོས་ལེན་བྱས་ཏེ་ལོ་གཅིག་ཙམ་འགྲོ་བཞིན་ཡོད། དེ་ལ་བསྟུན་ནས་སློབ་དེབ་བཟོས་པ་རེད། ད་ལྟ་བར་དུ་ཧི་མ་ལ་ཡའི་ནང་དགོན་སྡེ་དང་སློབ་གྲྭ་གྲངས་ ༣༥ ཙམ་ལ་སློབ་སྦྱོང་མགོ་ཚུགས་པ་རེད། དེའི་ནང་ཚན་རིག་དང་ནང་དོན་རིག་པ་སོགས་ཡོད་ཅིང་། དེ་ནས་རིམ་བཞིན་མཐོ་རིམ་སློབ་གྲྭ་བར་དུ་སློབ་སྦྱོང་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་མཉེས་བོའི་ཐོག་ཁྱེད་ཚོས་བསྟན་པ་དང་འགྲོ་བའི་ཆེད་དུ་རླབས་ཆེ་བའི་ལས་ཀ་བྱས་འདུག ཧ་ཅང་དགའ་བོ་དང་ཐུགས་སྨོན་ཡོད། ཁྱེད་ཚོས་ཧུར་ཐག་འབད་ཐག་བྱེད་རོགས་ཅེས་གསུངས་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཕྱི་ཚེས་༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས།  ༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་སླད་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་དང་བསྟུན།  ༸རྒྱལ་བའི་༸སྐུ་ཕྱའི་ཞབས་རིམ་དུ་ལོ་རྒྱུས་ལྡན་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཐུན་མོང་མིན་པའི་སྨན་བླའི་སྒྲུབ་མཆོད་ཆེན་མོ་འཚོག་བཞིན་ཡོད་པ་དང་། ཁ་སང་ཚོགས་ཉིན་དང་པོའི་ཚོགས་མགོན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གྱིས་བཀའ་རྩོམ་ལྷ་མོའི་འཕྲིན་བསྐུལ་གྱི་ལྗགས་ལུང་སྩལ་འདུག

མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན། བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་བོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་སྔ་དྲོ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག  དེ་བཞིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གོ་སྒྲིག་ཞུས་པའི་མགོན་པོ་གང་ཉིད་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

སྐར་མ ༧ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese