མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་༧སྐུའི་གོ་སྟོན་ལ་དོ་སྣང་ཆེན་པོས་བལྟས་ནས་བསྡད་ཡོད་པས།  མང་ཚོགས་ཀྱིས་གོ་སྟོན་དང་འབྲེལ་བའི་གནས་ཚུལ་རིགས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ (ghoton.net) ཞེས་པ་ནས་གཟིགས་པ་ལས་སྤྱི་ཚོགས་དྲ་ལམ་གྱི་གནས་ཚུལ་ཁག་ལ་མགོ་མི་འཁོར་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་བ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། གསར་འགོད་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། ཚོགས་མི་ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་ཀྱིས་མཉམ་ཞུགས་གནང་སོང་། 

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙི་བྱས་པ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་། མཛད་པ་འཕྲིན་ལས་སོགས་ཁྱབ་འགྱུར་དུ་འགྲོ་དགོས་དུས། ང་ཚོས་ཕྱག་རྟགས་དབུལ་རྒྱུའི་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་དུམ་དག་བཏོན་ནས། དེ་དག་ལ་བོད་ཀྱི་རི་མོས་བརྒྱན་ཏེ། ནང་ལ་རྒྱན་བཞིན་དུ་དཔྱང་རྒྱུ་ཡོད་པ་ཞིག་དང་། གསུང་དུམ་རྣམས་ཉིན་ལྟར་མཐོང་ནས་བསམ་བློ་གཏང་རྒྱུ་ཡོད་པའི་རིགས་གང་མང་མང་དབུལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡིན། ཞེས་དང་། ངས་ནན་ཏན་གྱིས་ཞུ་འདོད་པ་ཞིག་ལ་སྐུའི་གོ་སྟོན་སྲུང་གཙི་ཡི་ལས་རིམ་དེ་དག་བོད་པའི་སྤྱི་ཚོགས་གཅིག་པུའི་ནང་སྲུང་གཙི་བྱས་པ་ཁོ་ན་མ་ཡིན་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་རྣམས་རྒྱ་ཁྱབ་དུ་འགྲོ་དགོས་ན། བོད་པའི་སྤྱི་ཚོགས་ཀྱི་ཕྱི་ལ་ཐོན་ནས་དཔེར་ན། སློབ་གྲྭ་ཁག་ཏུ་ལས་རིམ་ཞིག་ཡོད་ཚེ། རྒྱ་གར་གྱི་སློབ་གྲྭ་ཁག་ལྷན་དུ་ལས་རིམ་ག་རེ་བསྒྲིག་རྒྱུ་ཡོད་མེད་ཐོག་དགོངས་པ་བཞེས་ཐུབ་པ་ཡིན་ན། རང་བཞིན་གྱིས་སྐུའི་གོ་སྟོན་སྲུང་གཙི་དེ་གཞི་རྒྱ་ཇེ་ཆེར་འགྲོ་ཡི་རེད།  ཅེས་གསུངས་སོང་། 

ཡང་སྲིད་སྐྱོང་མཆོག་གིས། རེ་འདུན་ཞུ་རྒྱུ་ཞིག་ལ་སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་རྒྱ་ལས་ག་རེ་ཕབ་ལེན་གནང་བ་ཡིན་ནའང་། དྲ་ཚིགས་ཀྱི་ནང་དུ་ཚོན་མདོག་སོགས་ག་རེ་ཡོད་ན་དེ་བཞིན་བཞག་རོགས་གནང་། དེ་མིན་ཡང་ཁག་ཅིག་གིས་དྲ་ཚིགས་ནང་ནས་རི་མོ་དེ་མར་བཏོན་ནས། དེར་བཟོ་བལྟ་ཞེ་དྲགས་བརྒྱབ།  སོ་སོས་བཟོས་པ་ཡིན་ན་གནས་ཚུལ་ཁ་ཁག་རེད། དེ་མིན་གཞུང་འབྲེལ་གྱིས་གང་བཟོས་པ་དེ་ག་རང་བེད་སྤྱོད་གཏང་དགོས་ཀྱི་ཡོད་རེད་ལ། ཚོན་མདོག་ཀྱང་དེ་དག་རང་བེད་སྤྱོད་གཏང་དགོས་པ་རེད། མི་མང་གིས་སྐུའི་གོ་སྟོན་སྲུང་གཙི་བྱས་པ་ལ་རོགས་གང་འདྲ་བྱ་དགོས་མིན་ལས། གཅིག་འགྲིག་གི་མི་འདུག་ལབ་བསྡད་པ་དེ་གཞུང་འབྲེལ་གྱིས་བཟོས་བཞག་པ་ཕབ་ལེན་ཏག་ཏག་མ་བྱས་པ་ལ་བརྟེན་ནས་ཡོང་བསྡད་ཀྱི་འདུག ང་ཚོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་དགོས་པ་ཞིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་དགུ་བཅུ་ཕེབས་པ་དེར་རྒྱ་ནག་གཞུང་གིས་དོ་སྣང་ཆེན་པོས་བལྟས་བསྡད་ཡོད་རེད། གནས་ཚུལ་བྱུང་རིམ་ལ་བལྟས་ན་བོད་པའི་སྤྱི་ཚོགས་ནང་དཀྲུག་ཤིང་བརྒྱག་རྒྱུ་ཞིག་མགོ་བཙུགས་ཚར་འདུག་པས། རྒྱ་ནག་གཞུང་གིས་བོད་པའི་སྤྱི་ཚོགས་དཀྲུག་རྒྱུ་དེ་ཤུགས་ཆེ་རུ་གཏོང་བ་ལས་ཤུགས་ཆུང་དུ་མི་འགྲོ་བས། མང་ཚོགས་ཀྱིས་གནས་ཚུལ་གྱི་དངོས་ཡོད་གཟིགས་དགོས་ན་དྲ་ཚིགས་འདི་ལ་གཟིགས་ན་ཤེས་པ་ལས། སྤྱི་ཚོགས་དྲ་ལམ་དུ་ཡར་མར་བཤད་བསྡད་པ་དེ། ང་ཚོའི་སྤྱི་ཚོགས་དཀྲུག་རྒྱུར་ལས་ཀ་བྱེད་མུས་ཡིན་པ་རེད། ཅེས་གསུངས་སོང་། 

ཡང་སྲིང་སྐྱོང་མཆོག་གིས་ཉེ་ལམ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་ (Michael McCaul) མཆོག་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝིན་ (Jim McGovern) མཆོག་རྣམ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན་ཡོད་ཅིང་། མི་འགྱངས་བར་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་ཇོ་ཊིལ་སན་མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་རིའི་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཞིག་དབུལ་རྒྱུ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་ནས་གནད་དོན་གཙོ་བོ་གསུམ་དང་འབྲེལ་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ཀྱི་བདག་དབང་རྩོད་མུས་ཡིན་སྐོར་སོགས་གསུངས་སོང་། 

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ནས་བོད་ཀྱི་ཆོས་བརྒྱུད་ཆེན་མོ་ལྔ་དང་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམས་ཀྱིས་དབུས་སྐུ་ཚབ་རྣམས་བཞུགས་སྒར་དུ་ཞབས་སོར་འཁོད་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐུའི་གོ་སྟོན་སྲུང་གཙི། ཕྱི་ཟླ་ ༧ ཚེས་ ༡ ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན། ཕྱི་ཟླ་ ༧ ཚེས ༢ ནས་༤ བར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུ་ཡིན་ཞིང་། ཚོགས་ཆེན་དེའི་ཐོག་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག སྨན་གླིང་མཁན་ཆེན་རིན་པོ་ཆེ་མཆོག འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་སོགས་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག 

དེ་བཞིན་སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༥ ཉིན་བོད་ཀྱི་ལྷ་རྗེ་མི་སྡེ་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་། ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་ལྷ་དབྱར་གསོལ་དང་། ༸སྐུའི་གོ་སྟོན་དངོས་གཞི་བྱམས་བརྩེའི་ལོ་ཞེས་པའི་ལོ་འཁོར་གཞུང་འབྲེལ་མཛད་སྒོ་དབུ་འཛུགས་ཞུ་རྒྱུ། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༧ ནས་༩ བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་གོ་སྟོན་ལས་རིམ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དགའ་སྟོན་ལ་ཆེད་བཅར་ཞུས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་རྣམས་ཀྱིས་ཡུལ་ལུང་སོ་སོའི་རིག་གཞུང་སྒྱུ་རྩལ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་ཁར། གོ་སྟོན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་ལས་བྱེད་དང་། འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པུ་རམ་སིང་རྟ་དམག་མཆོག་དང་ལས་བྱེད། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་ལས་བྱེད་སོགས་ཕེབས་རྒྱུ་ཡིན་འདུག 

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ཁྲོད།  བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༥  ཟླ་ ༧  པ་ནས་ལོ་འཁོར་གཅིག་རིང་བྱམས་བརྩེའི་ལོ་ཞེས་སྲུང་གཙི་ཞུ་རྒྱུ་དང་། ལོ་འཁོར་མོའི་རིང་བཞུགས་སྒར་དྷ་རམ་ས་ལ་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གོ་སྟོན་དང་འབྲེལ་བའི་མཛད་རིམ་སྣ་མང་གྲ་སྒྲིག་གནང་གི་ཡོད་འདུག འདི་ལོར་བྱམས་བརྩེའི་ལོ་སྲུང་གཙི་དང་འབྲེལ་ནས་འཛམ་གླིང་ཁྱོན་ཡོངས་སུ་རིག་གཞུང་འཁྲབ་སྟོན་དང་། འགྲེམས་སྟོན། གློག་བརྙན་དུས་སྟོན་དང་ཤེས་རིག་བགྲོ་གླེང་། རིན་མེད་སྨན་བཅོས་བརྟག་དཔྱད། ཆོས་ལུགས་ཀྱི་བྱེད་སྒོད་དང་ཆོས་ལུགས་མཐུན་འབྲེལ་དང་འབྲེལ་བའི་བགྲོ་གླེང་སོགས་གོ་སྒྲིག་གནང་རྒྱུ་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese