མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ན་ལེནྡྲའི་ཆོས་བརྒྱུད་ནང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིས་མེད་ལམ་ནས་གཏན་ལ་ཕབ་པ་ཧ་ཅང་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་རེད་ཅེས་བཀའ་སློབ་སྩལ་འདུག

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་ཅིང་།  སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆེད་མངགས་འབྱོར་བའི་སོག་པོའི་སྤུན་ཟླ་རྣམས་གཙོ་བོ་བྱས་པའི་སོག་རིགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་སོག་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ངོས་རང་ལ་ཆ་བཞག་ནའང་ངོས་ཀྱི་དགེ་རྒན་གཙོ་བོ་གཅིག་ནི་དངོས་གྲུབ་ཚོགས་གཉིས་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ང་ཚོ་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་པ་རེད། དེ་རིང་འདིར་སོག་རིགས་མང་པོ་ཞིག་ཆེད་མངགས་ཡོང་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལ་རྟགས་གསལ་སློབ་མཁན་གྱི་དགེ་རྒན་གཙོ་བོ་དེ་དངོས་གྲུབ་ཚོགས་གཉིས་རེད། ཁོང་སོག་པོ་རེད། དུས་ཚོད་ལ་ཧ་ཅང་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་། སངས་རྒྱས་ཆོས་ཀྱི་གཟི་བརྗིད་ལ་ཉམས་རྒྱུ་ཁྱོན་ནས་མི་འདུག དེ་རིང་ཁ་སང་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་དོ་སྣང་བྱེད་བཞིན་འདུག ངོས་ཀྱིས་ཚན་རིག་དང་འབྲེལ་ནས་ཀླད་པའི་རྣམ་གཞག་གི་ཐོག་འགྲེལ་བཤད་རྒྱག་གི་ཡོད། གང་ལྟར་ང་ཚོའི་བོད་ལ་ཡོད་བསྡད་པའི་སངས་རྒྱས་ཀྱི་ཆོས་དང་། དེའི་ནང་ཚན་ནས་ན་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་རིས་མེད་ལམ་ནས་གཏན་ལ་ཕབ་པ་ཧ་ཅང་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་འདུག ངོས་རང་ཚུར་རྒྱ་གར་དུ་བསླེབ་སྟེ་མོན་ནས་བཟུང་དྷ་རམ་ས་ལར་བསྡད་པའི་རིང་། རྒྱ་གར་གཙོས་འཛམ་གླིང་གི་ནང་པ་དང་། སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཡོད་མཁན།  ཚན་རིག་ལའང་དོ་སྣང་ཡོད་མཁན་སོགས་ལ་ཐུག་རྒྱུ་མང་པོ་བྱུང་སོང་། ཞེས་གསུངས།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ངོས་རང་ལྷ་སར་བསླེབ་སྟེ་ཡོངས་འཛིན་རྡོ་རྗེ་འཆང་གི་འགྲམ་ནས་དཔེ་ཆ་བཀའ་ཁྲིད་ཞུས་པ་རེད། དེ་དག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ངོས་ཀྱི་རྣམ་དཔྱོད་གོང་དུ་འཕེལ་ནས་ཧ་ཅང་ཡག་པོ་བྱུང་། གང་ལྟར་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་སྤྱི་དང་། ལྷག་པར་དུ་དཔལ་ན་ལེནྡྲའི་བརྒྱུད་པ་དེ་རིག་པའི་ལམ་གཏན་ལ་ཕབ་པ་གཙོ་བོ་རེད་འདུག ངོས་རང་མོན་རྟ་དབང་བརྒྱུད་ནས་རྒྱ་གར་དུ་འབྱོར་ཏེ་འདིར་གཞིས་ཆགས་པ་རེད། ལུང་པ་འདྲ་མིན་གྱི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་འདྲ་མིན་ཡོད་པའི་མི་རྣམས་དང་ཐུག་གི་ཡོད། ངོས་རང་ལ་བློ་བསྐྱེད་ཡོང་གི་འདུག་ལ། ཁོང་ཚོར་ཡང་བློ་བསྐྱེད་ཡོང་གི་འདུག་པས། ཧ་ཅང་ཡག་པོ་འདུག སེམས་ཁམས་རིག་པའི་སྐོར་ལ་བོད་ཡིག་ཐོག་འགྱུར་ཡོད་པའི་ནང་ཆོས་ཁྲོད་བཤད་ཡོད་པ་ལས་གཏིང་ཟབ་པ་དང་རྒྱ་ཆེ་བ་ཞིག་ཡོད་པ་མ་རེད། ང་ཚོ་བོད་པ་བཙན་བྱོལ་བ་ཆགས་ཏེ་སྤྱིར་བཏང་གི་འགྲོ་སྟངས་ཐོག་ནས་ཉམས་དམའ་བོ་ཞིག་རེད། ཡིན་ནའང་། དེ་སྔ་སློབ་སྦྱོང་བྱས་ཡོད་པའི་གཟི་བརྗིད་དེ་མུ་མཐུད་དུ་འཕྲོས་བསྡད་པ་མ་གཏོགས་ཉམས་རྒྱུ་མི་འདུག ང་ཚོ་རྒྱ་གར་དུ་བསླེབ་སྟེ་ལོ་མང་པོ་ཕྱིན་པ་རེད། སངས་རྒྱས་ཀྱི་ཆོས་དང་ལྟ་གྲུབ་ཐོག་ཏུ་འཛམ་གླིང་གི་གང་སར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ངོས་ཀྱིས་ཆུང་ཆུང་སྐབས་སུ་ལྟ་གྲུབ་ཀྱིི་འགྲོ་སྟངས་ཐོག་སློབ་སྦྱོང་བྱས་ཡོད་པ་དེས། དེ་རིང་ཁ་སང་ཧ་ཅང་ཕན་ཐོགས་འདུག ཅེས་གསུངས་སོང་།

མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན། བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་བོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཟླ་ ༧ ཚེས་ ༥ ཉིན་གྱི་སྔ་དྲོ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག  དེ་བཞིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གོ་སྒྲིག་ཞུས་པའི་མགོན་པོ་གང་ཉིད་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese