མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བོད་མིའི་རྣམས་ཀྱི་འཆམ་མཐུན་གཏོར་བཤིག་ཆེན་པོ་འགྲོ་མུས་ཡིན་པས་དེ་ནི་སེམས་ཁྲལ་བྱ་དགོས་པ་ཞིག་ཡིན་སྐོར་སོགས་གསུངས་འདུག 

དེ་རིང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༤༠ ཕེབས་པའི་འཁྲུངས་སྐར་ཡིན་པ་ལྟར། དེ་རིང་འབྲས་ལྗོངས་མངའ་སྡེའི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ། རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེ་རེམ་སིན་ཏཱ་མཱང་ (Prem Singh Tamang) མཆོག་དང་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག དེ་བཞིན་༸སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་སོགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་བྱུང་ཡོད་འདུག་ལ། མཛད་སྒོའི་སྟེང་༧རྒྱལ་དབང་ཀརྨ་པ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་ནས་བཀའ་སློབ་ཅིག་གནང་བའི་ཁྲོད། ནང་ཁུལ་གྱི་མཐུན་སྒྲིལ་དང་འཆམ་མཐུན་ལ་གཏོར་བཤིག་ཆེན་པོ་འགྲོ་མུས་ཡིན་སྟབས། བོད་མི་རྣམས་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག 

༧རྒྱལ་དབང་ཀརྨ་པ་མཆོག་ནས། དེང་སང་དུས་ཚོད་འདིར་འཛམ་གླིང་སྤྱིའི་གནས་སྟངས་ལ་བལྟས་ཚེ་ཧ་ཅང་འཁྲུག་ཆ་དོད་པོ་དང་འགྱུར་བ་འགྲོ་བཞིན་འདུག ག་ས་གང་དུ་དམག་འཁྲུག་དང་རྙོག་གྲ་ལངས་བསྡད་པའི་དུས་ཚོད་ཞིག་ཆགས་འདུག དེ་བཞིན་ང་ཚོ་བོད་ལ་ཆ་བཞག་ནའང་། བཙན་བྱོལ་དུ་ཡོད་བསྡད་པའི་བོད་པའི་སྤྱི་ཚོགས་འདི་ཡང་སྔར་དང་མི་འདྲ་བར་ཟང་ཟིང་དང་ཉ་ཉོག་མང་དུ་འགྲོ་བཞིན་འདུག སྔོན་མ་ང་རང་རྒྱ་གར་དུ་ཡོད་དུས་འདི་ལྟའི་རྙོག་གྲ་ཞེ་དྲགས་ཡོད་པ་མ་རེད། ང་རང་རྒྱ་གར་དུ་མ་བསླེབས་ནས་ལོ་མང་པོ་འགྲོ་བཞིན་ཡོད་པ་དེའི་ནང་དུ། འགྱུར་བ་མང་པོ་ཕྱིན་ཏེ་ནང་ཁུལ་གྱི་མཐུན་སྒྲིལ་དང་འཆམ་མཐུན་ལ་གཏོར་བཤིག་ཆེན་པོ་ཞིག་འགྲོ་བསྡད་བཞིན་འདུག  དེ་ཡང་ང་ཚོས་སེམས་ཁྲལ་ལངས་དགོས་པ་ཞིག་རེད་འདུག དེའི་ཐོག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ད་ལོ་ཕྱི་ལུགས་ལྟར་ན་དགུང་གྲངས་ ༩༠ དང་བོད་ལུགས་ཀྱི་དགུང་གྲངས་ ༩༡ ལ་ཕེབས་ཡོད་པ་རེད། དེའི་ཐོག་ཕྱོགས་གཅིག་ནས་ང་ཚོའི་སྐལ་བ་བཟང་བ་བསམ་པ་ཞིག་རེད། ཕལ་ཆེར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཚེ་རིང་ཤོས་གྲས་སུ་ཕེབས་བསྡད་ཡོད། ང་ཚོས་དགའ་བ་དང་རྗེས་སུ་ཡི་རངས་སྐྱེ་དགོས་པ་ཞིག་ཡོང་བསྡད་ཀྱི་འདུག ཅེས་གསུངས་སོང་།

 ཡང་༧རྒྱལ་དབང་ཀརྨ་པ་མཆོག་ནས། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་གསུང་བཤད་སོགས་སྔོན་མ་བཞིན་གནང་ཐུབ་ཀྱི་མེད་པ་ང་ཚོས་མཁྱེན་གསལ་རེད། དེ་འདྲའི་གནས་སྟངས་མཇལ་ཡོང་སྐབས་མ་འོངས་པའི་ཐོག་གང་ཅིའི་ཐད་ནས་སེམས་ཁུར་ཡོང་དགོས་པ་ཞིག་འདུག སེམས་ཁྲལ་ལངས་པ་གཅིག་པུས་ཀྱང་ཕན་ཐོགས་ཀྱི་མི་འདུག ང་ཚོ་མི་རེ་ངོ་རེ་ངོས་ནས་སེམས་ཤུགས་བསྐྱེད་དགོས་པ་དང་། འགན་འཁུར་དགོས་པའི་དུས་ཚོད་ཞིག་སླེབས་འདུག དེང་སང་དེ་འདྲའི་བསམ་བློ་འཁོར་མཁན་ཉུང་ཉུང་ཆགས་མེད་འགྲོ་བསམ་གྱི་འདུག  གཅིག་བྱས་ན་སོ་སོས་མཐོང་རྒྱ་ཐོས་རྒྱ་མེད་པས་མ་མཐོང་བ་ཡིན་རྒྱུ་རེད་མ་གཏོགས། གཞན་བསམ་བློ་གཏོང་ཐུབ་མཁན་དང་འགན་འཁུར་ཐུབ་མཁན་ཞེ་དྲགས་མེད་བསྡད་པའི་དཀའ་ངལ་ཞིག་ཡོང་བསྡད་ཀྱི་འདུག  ད་ལྟ་༧གོང་ས་རྒྱལ་བ་རིན་པོ་མཆོག་སྐུ་འཚོ་ཞིང་བཞུགས་པའི་སྐབས་སུ་ང་ཚོ་ཚང་མར་བློ་མ་བདེ་བ་དང་སེམས་ཁྲལ་ལངས་དགོས་པ་ཞིག་ཡོང་གི་ཡོད་ན། ཉིན་གཅིག་ཞིང་གཞན་དུ་གཤེགས་ཆོག་པའི་སྐབས་སུ་ག་འདྲ་ཆགས་མིན་བཤད་དཀའ་བ་ཞིག་རེད། དེའི་རྒྱུ་མཚན་གྱིས་ང་ཚོ་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་པ་ཞིག་རེད། སོ་སོའི་མིག་མདུན་གྱི་གནས་སྟངས་ཙམ་མིན་པར་ཕུགས་རྒྱང་རིང་པོར་ཡག་ཤོས་བྱུང་ན་ལོ་བརྒྱ་ཕྲག་གི་གནས་སྟངས་ཐོག་ཐུགས་བསམ་བཞེས་དགོས་པ་དང་། དེའི་ཆེད་དུ་དམིགས་འདུན་བཅངས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག  དེ་རིང་ངའི་སྐྱེས་སྐར་དང་བསྟུན་ནས་འདི་འདྲའི་བསམ་འཆར་ཞིག་ཞུ་འདོད་བྱུང་། གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མི་འདུག ཅེས་གསུངས་སོང་།

དེ་བཞིན་དེ་རིང་བོད་མི་གཙོ་བོ་གྱུར་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་དྲ་ལམ་ཁག་ཏུ་༧རྒྱལ་དབང་ཀརྨ་པ་མཆོག་གི་སྐུ་པར་བཞག་ནས་འཁྲུངས་སྐར་སྲུང་གཙིའི་འཚམས་འདྲི་དང་ཁ་གཡང་འབོད་ཀྱིན་ཡོད་པ་མ་ཟད། འདི་གའི་གསར་འགོད་པའི་འབྲེལ་ཡོད་བོད་ནང་གི་བོད་མི་ཁག་ཅིག་གིས། ཨ་བུ་དགའ་དགའ་སྐུ་ཚེ་བརྟན་ཞེས་བྲིས་ནས་འཁྲུངས་སྐར་སྲུང་གཙི་བྱེད་ཀྱིན་འདུག 

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese