མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་སྟོབས་ཆེན་རྒྱལ་ཁབ་ལྔ་ཡི་ཚོགས་ཆེན་ཐོག་རྒྱ་ནག་གི་མགོ་ཁྲིད་ཞི་དང་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་གཉིས་ཀྱིས་མཉམ་ཞུགས་བྱ་རྒྱུ་མིན་པ་རེད།

Brazil, as the current rotating chair of BRICS, is hosting its regular 17th summit in Rio de Janeiro on July 6-7. photo:India Today

ཕྱི་ཟླ་ ༧ ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་ལྷོ་ཨ་མེ་རི་ཁའི་བྷི་ར་ཛིལ་རྒྱལ་ཁབ་ཀྱི་གོ་སྒྲིག་འོག འདི་ལོའི་དཔལ་འབྱོར་ཡར་རྒྱས་འགྲོ་མུས་ཡིན་པའི་སྟོབས་ཆེན་རྒྱལ་ཁབ་ལྔ་(BRICS Summit) ཡི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ། བྷི་ར་ཛིལ་གྱི་རྒྱལ་ས་རིའོ་ (Rio De Janeiro) ཁུལ་དུ་འཚོག་རྒྱུ་ཡིན་ཞིང་། ཚོགས་ཆེན་དེའི་ཐོག་བྷིག་སི་ (BRICS) མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དག་གི་མགོ་ཁྲིད་ཚོས་མཉམ་ཞུགས་བྱ་རྒྱུ་ཡིན་ཡང་། རྒྱ་ནག་གི་མགོ་ཁྲིད་ཞི་དང་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་གཉིས་ཀྱིས་མཉམ་ཞུགས་བྱ་རྒྱུ་མིན་པ་རེད།

ད་ལན་གྱི་སྟོབས་ཆེན་རྒྱལ་ཁབ་ལྔ་ཡི་ཚོགས་ཆེན་དེའི་ཐོག བྷ་རི་ཛིལ་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་གོ་ལའི་དབང་འཛིན་བསྐྱར་གསོ། གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་བར་མཐུན་སྒྲིལ་ཡར་སྐྱེད་སོགས་མཚོན་པའི། སྲིད་འབྱོར་གཉིས་ཀྱི་ཐོག་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་དཀའ་ངལ་ལ་གདོང་ལེན་དང་མཉམ་འབྲེལ་གྱི་ནུས་པ་མཉམ་བསྐྱེད་བྱེད་ཐབས་བྱ་རྒྱུ་ཡིན་པའི་མུར། ཞིང་ལས་དང་། འཛུགས་སྐྲུན། ཚོང་ལས་རྒྱ་སྐྱེད། མ་འཇོག་སོགས་ཚུད་པའི་ཚོང་དོན་ལ་མཉམ་ལས་བྱ་རྒྱུ་དང་། དེ་བཞིན་སློབ་མ་བརྗེ་ལེན་སོགས་ཀྱི་ཐོག་ནས་རིག་གཞུང་བརྗེ་ལེན། ད་ལྟ་གོ་ལར་འབྱུང་མུས་ཡིན་པའི་ནད་ཡམས་དང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་ལ་གདོང་ལེན། དེ་བཞིན་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དབང་ཤུགས་སྐྱེད་པར་འགོག་རྒོལ་བྱ་རྒྱུ་བཅས་ཡིན་འདུག

ད་ལན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གློ་བུར་དུ་ཚོགས་ཆེན་དེར་མཉམ་ཞུགས་བྱ་རྒྱུ་མིན་ལུགས་བསྒྲགས་ཏེ། ཁོའི་ཚབ་ཏུ་རྒྱ་ནག་གི་སྲིད་བློན་ལི་ཆང་ ( Li Qiang ) གིས་མཉམ་ཞུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀོའོ་ཇ་ཡེ་ཀུན་(Guo Jiakun) ཟེར་བས། རྒྱ་ནག་དང་བྷི་ར་ཛིལ་རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་རྒྱལ་ཁབ་ཆེ་གྲས་དང་། གོ་ལའི་ལྷོ་རྒྱུད་ཀྱི་ཚབ་མཚོན་རྒྱལ་ཁབ་གཉིས་སུ་གྱུར་ཡོད་སྟབས། རྒྱ་ནག་གིས་བྷི་ར་ཛིལ་གྱིས་སྣེ་འཁྲིད་པའི་ཚོགས་ཆེན་ལ་མཉམ་ཞུགས་ཀྱིས་མཉམ་ལས་ཀྱི་ནུས་པ་བསྐྱེད་རྒྱུ་ཡིན། ཞེས་བཤད་འདུག དེ་བཞིན་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་པའི་གནད་དོན་དང་འབྲེལ་རྒྱལ་སྤྱིའི་ཁྲིམས་ཁང་གིས་པུ་ཊིན་འཛིན་བཟུང་བྱ་རྒྱུའི་མིང་འོག་ཏུ་བཅུག་ཡོད་པའི་དབང་གིས། ཐེངས་འདིའི་ཚོགས་ཆེན་ལ་དྲ་ལམ་ནས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གོ་ལའི་དཔལ་འབྱོར་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་སུ་དམིགས་པའི་ལྷན་ཚོགས་དེ་ཕྱི་ལོ་ ༢༠༠༩ ལོར་ཐོག་མར་རྒྱ་གར་དང་རྒྱ་ནག བྷ་ར་ཛིལ། ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་བཅས་ཀྱིས་གསར་འཛུགས་བྱས་ཡོད་པ་དང་། འདི་ལོའི་ལྷན་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ཁག་གི་མགོ་ཁྲིད་གཙོས་ཨི་རན་དང་། ཨ་ཧྥི་རི་ཁའི་ཨི་ཐོ་བྷི་ཡ། ཨིན་ཌོ་ནེ་ཤི་ཡ། ཨ་རབ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་མགོ་ཁྲིད་སོགས་ཀྱིས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག་ལ། ལྷན་ཚོགས་དེས་ད་བར་ཚོགས་ཆེན་ཐེངས་བཅུ་དྲུག་འཚོགས་ཟིན་ཡོད་ཅིང་། ཕྱི་ལོ་ ༢༠༢༦ ལོར་རྒྱ་གར་གྱིས་ལྷན་ཚོགས་དེའི་ཚོགས་གཙོ་བྱ་རྒྱུ་ཡིན་འདུག

བསྟན་འཛིན་ཉི་སྒྲོན། རྩོམ་སྒྲིག་བྱེད་མཁན། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese