མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་དཀའ་ངལ་སེལ་སླད་ཡང་བསྐྱར་འཛམ་གླིང་རྒྱལ་ཁབ་བདུན་ཅུ་ཡི་མི་སེར་རྣམས་ལ་ཐོངས་མཆན་རིན་མེད་སྤྲད་ནས་རྒྱ་ནག་ལ་ཡུལ་སྐོར་དུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)

 ཏོག་དབྱིབས་གཉན་རིམས་ཁྱབ་རྗེས་རྒྱ་ནག་ནང་སྤྱི་ཡོངས་ནས་དཔལ་འབྱོར་ཉམས་དམས་ཤུགས་ཆེན་འགྲོ་བཞིན་ཡོད་པའི་གནས་སྟངས་ལས་སྐྱོབ་ཆེད། འཛམ་གླིང་རྒྱལ་ཁབ་མང་པོའི་མི་སེར་ཚོར་རྒྱ་ནག་ནང་ལོག་དང་བོད་སོགས་སུ་ཡུལ་སྐོར་དུ་བསྐྱོད་རྒྱུར་ཐོངས་མཆན་རིན་མེད་ཐོག་སྤྲོད་པའི་སྲིད་ཇུས་ཡང་དང་བསྐྱར་དུ་ལག་བསྟར་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གི་གཞིས་སྤོར་དོ་དམ་ལྷན་ཁང་གིས། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་འཛམ་གླིང་རྒྱལ་ཁབ་ ༧༤ ཡི་མི་སེར་ལ་ཉིན་གྲངས ༣༠ རིང་ཐོངས་མཆན་རིན་མེད་དུ་སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག

རྒྱ་ནག་གཞིས་སྤོར་དོ་དམ་ལྷན་ཁང་གི་གསལ་བསྒྲགས་དེའི་ནང་།  རྒྱ་ནག་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་སླད། རྒྱ་ནག་ནང་རིན་མེད་ཐོངས་མཆན་དུས་འགྱངས་བྱས་ཏེ་ཡུལ་སྐོར་བ་ཇེ་མང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་ནང་ཐོངས་མཆན་རིན་མེད་ཀྱི་ཐོག་ནས་ཡུལ་སྐོར་བ་ས་ཡ་ ༢༠ ལྷག་ཡོང་ཡོད་ཅིང་། དེ་ནི་ཕྱི་ལོ་ ༢༠༢༣ ལོ་དང་བསྡུར་ན་ལྡབ་གཅིག་ལས་མང་བ་ཡིན་སྐོར་བསྒྲགས་འདུག 

 རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་གཅིག་པུར་འཛམ་གླིང་ཤར་ནུབ་ནས་ཡུལ་སྐོར་བ་མི་གྲངས་ས་ཡ ༣༡།༩ ལྷག་རྒྱ་ནག་ནང་ཡོང་ཡོད་འདུག ཡིན་ནའང་། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་བཀག་རྒྱ་དང་། དེའི་རྗེས་རྒྱ་ནག་ནང་ཏོག་དབྱིབས་གཙང་སེལ་གྱི་བཀག་རྒྱ་སོགས་བསྡམས་རྗེས་ཡུལ་སྐོར་བ་ཧ་ཅང་ཉུང་དུ་ཕྱིན་ཏེ། ཕྱི་ལོ་ ༢༠༢༣ ལོར་ཡུལ་སྐོར་བ་མི་གྲངས་ས་ཡ་ ༡༣།༨ ཙམ་ལས་བྱུང་མེད་སྟབས།  འདས་པའི་ལོ་ཤས་རིང་གི་ཡུལ་སྐོར་བའི་གྲངས་འབོར་ཉུང་ཤོས་ཤིག་ཆགས་ཡོད་འདུག 

 ཕྱི་ལོ ༢༠༢༣ ལོར་རྒྱ་ནག་གི་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་ཀྱི་བརྒྱ་ཆ ༥།༤ ལ་བསླེབས་ཡོད་ཀྱང་། གནས་བབ་དེ་ལ་གཞིགས་ན་ཕྱི་ལོ ༢༠༢༨ ལོར་རྒྱ་ནག་གི་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་དེ་བརྒྱ་ཆ་ ༣།༥ ལ་མར་ཆག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ལ། ལྷག་པར་དུ་ཕྱོགས་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་དམས་ཆེན་པོ་ཕྱིན་རྐྱེན། ཕྱི་ལོ ༢༠༢༣ ལོའི་ལོ་མཇུག་ཙམ་ནས་རྒྱ་ནག་གིས་ཡུ་རོབ་དང་ཨེ་ཤ་ཡ་ཁུལ་གྱི་རྒྱལ་ཁབ་མང་པོར་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཤར་གཏོང་བྱེད་མགོ་བཙུགས་ཡོད་པ་རེད། རྒྱ་ནག་གིས་ཕྱི་མི་རིན་མེད་ཤར་གཏོང་གི་སྲིད་ཇུས་ལག་བསྟར་བྱས་པའི་འདས་པའི་ཟླ་བ་གསུམ་ཙམ་གྱི་ནང་། ཕྱི་མི་ས་ཡ་ ༡༩༨ ཙམ་གྱིས་རིན་མེད་ཐོངས་མཆན་བླངས་ཡོད་པས། ཕྱི་ལོ་ ༢༠༢༣ བསྡུར་ན་རྒྱ་ནག་ཏུ་ཡོང་མཁན་ཡུལ་སྐོར་བའི་གྲངས་འབོར་འཕར་ཡོད་འདུག 

 ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཐོག་མར་ཧྥ་རན་སི་དང་། འཇར་མི་ནི། ཨི་ཊི་ལི། ནིའུ་ཌར་ལིན་ཌི།  སི་པེན། མེ་ལེ་ཤི་ཡ་སོགས་རྒྱལ་ཁབ་དྲུག་གི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲོད་པ་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༢༠༢༤ ལོར་ཨེ་ཤ་ཡ་དང་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༨ ཀྱི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲད་དེ་ཉིན་གྲངས་ ༣༠ རིང་རྒྱ་ནག་ནང་ཡུལ་སྐོར་དུ་འགྲོ་ཆོག་པ་བཟོས།   ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ བར་འཛམ་གླིང་རྒྱལ་ཁབ་ ༣༨ ཀྱི་མི་སེར་ཟླ་ངོ་གཅིག་རིང་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་འགྲོ་ཆོག་པ་བཟོས་ཡོད་པ་རེད།

འདས་པའི་ལོ་གཉིས་གསུམ་ནང་རྒྱ་ནག་གཞུང་གིས་ཐོངས་མཆན་རིན་མེད་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་མི་མང་པོ་བོད་ནང་གཉེན་འཕྲད་དུ་འགྲོ་བཞིན་ཡོད་ཀྱང་། པེ་ཅིན་རྒྱལ་སྤྱིའི་གནམ་ཐང་དང་ལྷ་ས་གོང་དཀར་གནམ་ཐང་། ཁྲིན་ཏུའུ་རྒྱལ་སྤྱིའི་གནམ་ཐང་སོགས་ནས་བོད་མི་ཁག་ཅིག་ཕྱིར་ལོག་བཏང་འདུག་ལ། འདི་གའི་གསར་འགོད་པས་ཕྱིར་ལོག་བཏང་བའི་དབྱིན་ཡུལ་གྱི་བོད་མི་གཅིག་དང་ཡུ་རོབ་ཀྱི་བོད་མི་ཞིག་ལ་ཁ་བརྡ་བྱེད་སྐབས། གནམ་ཐང་ནས་ཞིབ་བཤེར་བྱེད་སྐབས་ཕྱི་ནས་ཡོང་བའི་བོད་མི་ཡིན་པ་ཤེས་བ་དང་སྔོག་བཤེར་མང་བ་བྱེད་ཀྱི་ཡོད་པ་མ་ཟད། ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ཞིབ་བཤེར་བྱས་རྗེས་ཆུ་ཚོད་མང་པོར་གནམ་ཐང་དུ་བཀག་པ་དང་དེ་ནས་ཕྱིར་ལོག་བཏང་ཡོད་སྐོར་དང་། ནང་མི་རྣམས་གནམ་ཐང་ལ་བསུ་རུ་ཡོང་ཡོད་པས་ཧ་ཅང་བློ་ཕམ་ཆེན་པོ་བྱུང་སྐོར་བརྗོད་ཀྱི་འདུག་ལ། གནད་དོན་དེ་བོད་མི་གཅིག་གཉིས་ཙམ་ལ་བྱུང་བ་ཞིག་རེད་མི་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese