མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཁྲིམས་རྩོད་པ་རིན་ཆན་ནིའུ་ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་གི་ཁྲིམས་ལུགས་ཀྱི་དབང་ཆ་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐད་ནས་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བའི་གནས་སུ་གྱར་ཡོད་སྐོར་བརྗོད་འདུག

Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༡༥ ལོའི་ ༧༠༩ ཁྲིམས་རྩོད་པར་དྲག་གནོན་བྱས་ཏེ་མི་ལོ་ ༡༠ འཁོར་ཀྱི་ཡོད་པ་དང་བསྟུན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་རིན་ཆན་ཉིའུ་ལགས་ཀྱིས། མི་ལོ་ ༡༠ རྗེས་སུ་རྒྱ་ནག་དམར་གཞུང་གིས་ཁྲིམས་རྩོད་པར་དྲག་གནོན་བྱེད་པའི་གནས་སྟངས་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཌི་གྷར་ཌིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་རིན་ཆན་ནིའུ་ལགས་ཀྱིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཀྱི་ཁོར་ཡུག་སྔར་ལས་ཉམས་ཆག་ཏུ་ཕྱིན་ཡོད་པ་དང་། དམིགས་བསལ་གྱིས་ཏོག་དབྱིབས་ནད་ཡམས་བྱུང་རྗེས་རིམ་བཞིན་བསྐྱར་ལོག་བརྒྱབ་སྟེ། ད་ལྟའི་ཆར་རྒྱ་ནག་གི་ཁྲིམས་ལུགས་ཀྱི་དབང་ཆ་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐད་ནས་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བའི་གནས་སུ་གྱར་ཡོད་སྐོར་དང་། ད་ལྟ་རྒྱ་ནག་གཞུང་གི་དྲག་གནོན་འོག་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མཁན་ཁྲིམས་རྩོད་པ་མཐོང་ཇེ་དཀོན་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

ཁྲིམས་རྩོད་པར་དྲག་གནོན་བྱས་པའི་ཆེས་མུན་ནག་གི་ལོ་རྒྱུས་སུ་གྲགས་པའི་དུས་ཚེས་ཏེ། ༧༠༩ ནི་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨  ཉིན་རྒྱ་ནག་རྒྱལ་ས་པེ་ཅིན་དུ་གནས་སྡོད་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ལྕམ་ཝུའུ་ཡས་(Wang Yu)ལགས་མཚན་གུང་ཙམ་ལ་རང་ཁྱིམ་ནས་ཉེན་རྟོག་པས་བཙན་འཁྲིད་བྱས་པ་ནས་བཟུང་། རྒྱ་ནག་དམར་གཞུང་གིས་ཁྲིམས་རྩོད་པ་དང་ལས་འགུལ་བ་རྣམས་དམིགས་འབེན་དུ་བཟུང་སྟེ་འཛིན་བཟུང་བཙོན་འཇུག་གི་བྱེད་ཐབས་དྲག་པོ་ལག་བསྟར་བྱས་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གི་གྲངས་ཐོ་ལྟར་ན། རྒྱལ་ཁབ་ཀྱི་བདག་དབང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་ལས་འགུལ་བ་ ༣༠༠ ལྷག་འཛིན་བཟུང་དང་བཀག་སྡོམ་འོག་བཞག་ཡོད་པ་དང་།  རིན་ཆན་ནིའུ་ལགས་ནི་དེའི་གྲས་ཀྱི་གཅིག་ཡིན་འདུག

རིན་ཆན་ནིའུ་ལགས་ཀྱིས་བཀག་ཉར་འོག་ཡོད་པའི་རྒྱ་ནག་གི་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་པ་ཀྲོ་ཝེ་ལགས་ཀྱི་ཁྲིམས་རྩོད་པ་བྱས་པ་དང་། དེ་བཞིན་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་རྐྱེན། རྒྱ་ནག་ཀྲིན་ཀྲུའུ་གྲོང་ཁྱེར་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདག་དབང་མགོ་རྟིང་སློག་རྩིས་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་སྔ་གཞུག་ཏུ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་མ་ཟད། ཁྲིམས་རྩོད་པའི་ལག་ཁྱེར་གཞུང་བཞེས་བཏང་བ་སོགས་ཀྱི་བཀག་སྡོམ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༩ ཉིན་རྒྱ་ནག་གི་མིང་གྲགས་ཡོད་པའི་ཁྲིམས་རྩོད་པ་ཚུད་པའི་སྤྱི་དམངས་ཁྲིམས་རྩོད་པ་ ༡༠༤ ཡིས་མཉམ་རུབ་ཐོག་དོན་ཚན་གསུམ་ཅན་གྱི་གསལ་བསྒྲགས་ཤིག་བྱས་པའི་ནང་། གཅིག ཀྲིན་ཀྲུའུ་གྲོང་ཁྱེར་ཉེན་རྟོག་པས་ཁྲིམས་འགལ་ཐོག་རིན་ཆན་ནིའུ་འཛིན་བཟུང་བྱས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་ཡོད། གཉིས། ཀྲིན་ཀྲུའུ་གྲོང་ཁྱེར་ཉེན་རྟོག་པས་འཕྲལ་དུ་ཆ་རྐྱེན་མེད་པའི་ཐོག་ནས་རིན་ཆན་ནིའུ་ཀློད་གྲོལ་གཏོང་དགོས། གསུམ། ཁྲིམས་རྩོད་པ་རིན་ཆན་ནིའུ་ཡི་ཆེད་དུ་ཁྲིམས་ཀྱི་རོགས་སྐྱོར་ཆ་ཚང་མཁོ་སྤྲོད་བྱས་ཏེ། ཁྲིམས་རྩོད་པའི་ཁེ་དབང་དང་སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབ་བྱེད་པར་ཆོད་སེམས་བརྟན་པོ་ཡོད་ཅེས་བརྗོད་ཡོད་པ་རེད།

ཉི་སྒྲོན་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese