མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་དང་། མི་སེར་སྤེལ་ཡུལ། རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་བཅས་མུ་མཐུད་སྤེལ་ཚེ་བོད་ནང་ཉེན་ཁ་ཆེན་པོའི་གནས་སྟངས་ཤིག་ཆགས་རྒྱུ་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཨོ་གླིང་སིཌ་ཎི་བོད་རིགས་མི་མང་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨོ་གླིང་གི་སིཌ་ཎི།(Sydney) ནཱོ་ར།(Nowra) སིན་ཌི་རལ་ཁོ་སི་ཌི།(Central Coast) གནས་མཁར་གསར།(Newcastle) བྷི་རས་བྷེན(།Brisbane) ཁན་བྷི་ར།(Canberra) མེལ་བྷོན་(Melbourne)བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་༡༡ ཉིན་ཨོ་གླིང་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་བོད་རིགས་མི་མང་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། དབུ་མའི་ལམ་གྱི་སྲིད་ཇུས་འོག་ནས་རྒྱ་གཞུང་ལ་འབྲེལ་ལམ་ཞིག་བཙུགས་བཞིན་ཡོད་པ་རེད། ད་ལྟ་ཡང་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཞིག་ཡོད་ཀྱང་། དེའི་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་པ་གང་ཡང་བྱུང་མེད། དོན་དག་ཅིག་འགྲུབ་དགོས་ཚེ་འབྲེལ་བ་སླར་གསོ་བྱེད་དགོས་པ་རེད། འབྲེལ་བ་སླར་གསོ་བྱས་པའི་རྗེས་སུ་སྐུ་ཚབ་སུ་དང་སུ་གཏོང་དགོས་པར་སྐད་ཆ་བཤད་དགོས། ད་ལྟའི་ཆར་རིམ་པ་དེར་བསླེབ་ཡོད་པ་མ་རེད། རྒྱ་ནག་གི་ཞིས་ཅིན་ཕིན་གྱི་སྲིད་གཞུང་གི་འོག་བོད་ནང་སྲིད་ཇུས་འཛིན་སྟངས་དང་ལས་འཆར་སྒྲིག་སྒྲིག་སྟངས་ལ་བལྟས་ཚེ། བོད་གཅིག་པོ་མིན་པར་གྲངས་ཉུང་མི་རིགས་རྣམས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད། རྒྱ་གཞུང་གི་བསམ་བློའི་ནང་གྲངས་ཉུང་མི་རིགས་ཟེར་བ་མེད་པར་བཟོས་ཚེ། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཟེར་བ་ཞིག་མེད་པའི་སྲིད་ཇུས་རྒྱ་ཆེན་པོ་དེའི་ཐོག་ནས་མི་རིགས་མཉམ་བསྲེས་དང་མི་སེར་སྤེལ་ཡུལ་གྱིི་སྲིད་ཇུས་སྤེལ་བཞིན་ཡོད། ད་ལྟའི་ཆར་བོད་ནང་རྒྱ་མི་རིགས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་ཀྱང་། སྔོན་མ་ང་ཚོས་ཞེད་སྣང་བྱས་པ་བཞིན་བྱུང་མི་འདུག དེ་ཡང་གནས་སྟངས་མང་པོ་ཞིག་ཐོག་ནས་བྱུང་ཡོད་སྲིད། རྒྱ་མི་རིགས་ཀྱི་གྲངས་འབོར་ཡང་ཉུང་དུ་འགྲོ་བཞིན་ཡོད་པ་རེད། བོད་ནང་དུ་རྒྱ་ནག་གིས་མི་རིགས་མཉམ་བསྲེས་བྱེད་མུས་ཐོག བོད་ཀྱི་ཕྲུ་གུ་རྣམས་རྒྱ་རིགས་སུ་བསྒྱུར་བའི་སྲིད་ཇུས་ཤིག་འཛིན་བཞིན་ཡོད། རྒྱ་ནག་གཞུང་གིས་སྲིད་ཇུས་དེ་མུ་མཐུད་ནས་ལོ་ཉུ་ཤུ་དང་སུམ་ཅུ་རིང་ཕྱིན་ཚེ། བོད་ནང་ཉེན་ཁ་ཆེན་པོ་དང་དཀའ་ངལ་ཆེན་པོ་ཞིག་གི་གནས་སྟངས་འོག་ལྷུང་གི་ཡོད་ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས།  རྒྱ་ནག་གི་ཁྲིན་ཏུའུ་སོགས་ཀྱི་ས་གནས་ཁག་ཏུ་བོད་པ་མཉམ་འཛོམས་བྱུང་གི་ཡོད་ཀྱང་། བོད་པ་ཕན་ཚུན་ལ་སྐད་ཆ་བཤད་དུས་རྒྱ་སྐད་ཐོག་བཤད་ཀྱི་ཡོད་པ་གོ་ཡོང་གི་འདུག ཨ་མདོ་དང་ཁམས་གཉིས་རྒྱ་ནག་གི་ས་མཚམས་དང་ཐག་ཉེ་བོ་ཡིན་པས། བོད་པ་ཕན་ཚུན་སྐད་ཆ་གོ་བརྡ་འཕྲོད་ཀྱི་མེད་དུས་རྒྱ་སྐད་བཤད་ཀྱི་ཡོད་འདུག  ལྷ་ས་ཁུལ་གྱི་གཞོན་སྐྱེས་རྣམས་ཀྱིས་བོད་སྐད་མ་བཤད་པར་རྒྱ་སྐད་བཤད་ཀྱི་འདུག རྒྱ་ནག་གཞུང་གིས་སྲིད་ཇུས་ཤིག་གི་འོག་ནས་བོད་མི་ཡོངས་རྫོགས་རྒྱ་རིགས་སུ་བསྒྱུར་བར་རྒྱ་སྐད་བཤད་འཇུག་གི་ཡོད་པ་རེད། ང་ཚོ་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཁྱིམ་དུ་བྱིས་པ་རྣམས་ལ་བོད་སྐད་བཤད་པར་དོ་སྣང་མ་བྱས་ཚེ། བོད་མི་རིགས་ཀྱི་སྐད་ཡིག་བརླག་པར་ཐེ་ཚོམ་མེད་པ་རེད། སྐད་བརྡ་རིག་པའི་མཁས་པ་རྣམས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་ནི་འཛམ་གླིང་ནང་གི་སྐད་ཡིག་རྙིང་ཤོས་བཅོ་ལྔའི་ཁྲོད་ཀྱི་གཅིག་ཡིན་ཞེས་བཤད་ཀྱི་ཡོད། དེ་ཡང་སྐད་ཡིག་གཞན་དང་མ་འདྲ་བར་དུས་རབས་བརྒྱད་པ་ནས་བཅུ་གསུམ་བར་པ་ལི་དང་ལེགས་སྦྱར་ནང་ཡོད་པའི་ནང་བསྟན་གྱི་གཞུང་ལུགས་རྣམས་བོད་སྐད་ནང་བསྒྱུར་ཡོད། དེ་ནི་འཛམ་གླིང་གི་སྐད་ཡིག་གང་དུའང་་ཡོད་པ་མ་རེད། རྒྱ་ཡིག་དང་། ཉི་ཧོང་སྐད་ཡིག ཐེག་དམན་གྱི་གཞུང་ལུགས་ནང་དུའང་དེ་འདྲ་ཡོད་པ་མ་རེད། ཅེས་དང་། སྐད་ཡིག་གལ་ཆེན་དང་རྩ་ཆེན་པོ་ཡིན་ཟེར་ནས་བཀོལ་སྤྱོད་མ་བྱས་ཚེ། མ་འོངས་བར་ལེགས་སྦྱར་དང་ལ་ཌིན་གྱི་སྐད་ཡིག་བཞིན་ཆགས་འགྲོ་ཡི་རེད། བོད་རིགས་རྣམས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་ཡིག་སྦྱོང་དགོས་པ་དང་བཀོལ་སྤྱོད་བྱེད་རྒྱུ་མ་བརྗེད་པ་བྱ་དགོས། བོད་ནང་དུ་རྒྱ་གཞུང་གིས་དམ་དྲག་བྱེད་ཀྱི་ཡོད་པས།  བཙན་བྱོལ་ནང་གི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ལྷག་པར་དུ་ཤུགས་རྒྱག་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་བཞིན་འདུག ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

ཡང་སྲིད་སྐྱོང་མཆོག་གིས། བོད་ཀྱི་ཆབ་སྲིད་གནས་བབ་ཐོག་ད་དུང་མུ་མཐུད་དུ་དཀའ་ལས་མང་པོ་རྒྱག་དགོས།  ལམ་སེང་འགྲུབ་རྒྱུ་ཁག་པོ་ཡིན་ཡང་། རིམ་པ་བཞིན་འཐབ་ཇུས་ལྡན་པའི་སྒོ་ནས་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོས་རྒྱལ་ཁབ་གཞན་པར་འབྲེལ་བ་བྱེད་སྐབས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་བཞག་སྟེ་བོད་ཀྱི་ཁེ་ཕན་དུས་ནམ་ཡང་བསྒྲུབ་རྒྱུ་མ་རེད། དེའི་དངོས་ཡོད་གནས་ཚུལ་ཤེས་དགོས་པ་རེད།ཅེས་དང་། འཛམ་གླིང་ནང་བོད་ཀྱི་གནས་སྟངས་གལ་གནད་ག་འདྲ་བརྩི་ཡི་ཡོད་མེད་ཀྱང་ཤེས་དགོས་པ་རེད། ད་ལྟའི་ཆར་འཛམ་གླིང་ནང་དམག་འཁྲུག་མང་པོ་བྱུང་བཞིན་པའི་སྐབས། འཚེ་བ་མེད་པའི་ལས་འགུལ་ཐོག་དོ་སྣང་བྱེད་མཁན་ཏོག་ཙམ་ཉུང་ཉུང་རེད། འཛམ་གླིང་ནང་དམག་འཁྲུག་རྒྱག་བཞིན་པའི་སྐབས་སུ་བོད་དོན་འཐབ་རྩོད་དེ་འཚེ་བ་མེད་པ་ཡིན་པའི་གལ་གནད་དང་། འཚེ་བ་མེད་པའི་ཐོག་ནས་མ་འོངས་བར་དཀའ་ངལ་སེལ་ཐུབ་པའི་འགྲེལ་བཤད་རྒྱག་ཐུབ་ཚེ། བཟང་སྤྱོད་ལ་དགའ་མོས་བྱེད་མཁན་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་པ་རེད། རྒྱ་ཆེ་ས་ནས་བཤད་ན་བོད་ཀྱི་གནད་དོན་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་གནད་དོན་ཆགས་ཡོད་པ་མ་གཏོགས། འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། གྲངས་ཉུང་མི་རིགས། སྐབས་རེར་གདོད་མའི་མི་རིགས་ཀྱི་གནད་དོན་གཅིག་པོ་བརྩིས་ཚེ། བོད་ཀྱི་གནད་དོན་ཧ་ཅང་ཆུང་ཆུང་ཞིག་ཆགས་འགྲོ་ཡི་ཡོད། འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་ཁྲོད་ནས་བོད་ཀྱི་གནད་དོན་གང་འདྲ་ཆགས་ཀྱི་ཡོད་མེད་ལྟ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese