མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་བདུན་གྱིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཕྱི་ནས་ཐེ་ཇུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། འཛམ་གླིང་རྒྱལ་ཁབ་བདུན་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཕྱི་ནས་ཐེ་ཇུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཞུས།

འཛམ་གླིང་རྒྱལ་ཁབ་བདུན་གྱིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཕྱི་ནས་ཐེ་ཇུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ།

དབྱིན་ཇི་གཙོ་བྱས་པའི་ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་རྒྱལ་ཁབ་བདུན་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཕྱི་ནས་ཐེ་ཇུས་བྱེད་པར་དགག་པ་ཡོད་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་འདུག་པར་བརྟེན། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེག་སི་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་ཞིག་སྤེལ་ཏེ། ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་རྒྱལ་ཁབ་ཚོས་མཉམ་འབྲེལ་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཞུས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན། ནེ་ཐི་ལན་ཌི། ལི་ཐོ་ནེ་ཡ། ཨའེ་སི་ཊོ་ནེ་ཡ། དབྱིན་ཡུལ་དང་ཨ་སི་ལན་ཌི་བཅས་རྒྱལ་ཁབ་བདུན་གྱིས། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་དང་དེའི་ཐོག་ལ་ཕྱི་ནས་ཐེ་ཇུས་བྱེད་པར་དགག་པ་ཡོད་པའི་ཁར།  བོད་མི་མང་གི་ཆོས་ལུགས་དད་མོས་རང་དབང་སོགས་ལ་རྒྱབ་སྐྱོར་ཡོད་པའི་ལངས་ཕྱོགས་གསལ་འདོན་བྱས་ཡོད་འདུག

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་དབུས་མངའ་སྡེ་མཐུན་ཚོགས་ཀྱི་བློན་ཆེན་ཀེ་རན་རཱ་ཇི་ཇའོ་ལགས་ཀྱིས། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་འགན་དབང་དེ་༧གོང་ས་མཆོག་སྐུ་སྒེར་ཁོ་ནར་ཡོད་ཅེས་བརྗོད་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་ཇུས་བྱེད་པར་དགག་པ་བརྒྱབ་ཡོད་ཅེས་བསྒྲགས་ཡོད་པ་མ་ཟད། རྒྱ་གར་ནི་༧གོང་ས་མཆོག་གི་ཡང་སྲིད་རྒྱུད་མཐུད་ཕེབས་ངེས་ཡིན་པའི་ཐུགས་ཐག་ལ་རྒྱབ་སྐྱོར་བྱེད་མཁན་ཐོག་མར་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་། ཕྱི་ཚེས་ ༤ གྱི་ཕྱི་དྲོར་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་དང་བོད་ཀྱི་གནད་དོན་ཐོག་ལག་པ་འཆང་མི་ཉན་པའི་ཉེན་བརྡ་བཏང་ཡོད། ཕྱི་ཚེས་ ༥ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པས། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་རྒྱུད་མཐུད་ཕེབས་ངེས་ཡིན་པའི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་མཐོང་བྱུང་། རྒྱ་གར་གཞུང་གིས་ཆོས་ལུགས་དད་མོས་སོགས་དང་འབྲེལ་བའི་གནད་དོན་ཐོག་སྐད་ཆ་དང་ལངས་ཕྱོགས་གང་ཡང་འཛིན་གྱི་མེད་ཅེས་བརྗོད་ཡོད།

ཟླ་འདིའི་ཕྱི་ཚེས་ ༦ ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་པདྨ་མཁའ་འགྲོ་ལགས་ཀྱིས། ཨ་རུ་ན་ཅལ་མངའ་སྡེ་གཞུང་མང་གཉིས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་རྒྱུད་མཐུད་ཕེབས་ངེས་ཡིན་པའི་ཐུགས་ཐག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་དྷ་སར་འཚོགས་པའི་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་དབུས། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབ་ལ་འགྱུར་བ་གང་ཡང་མེད། ཅེས་གསུངས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese