མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་མི་ཆོག་པའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་འདུག་ཅིང་། གྲོས་ཆོད་དེའི་ཐོག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་མི་མང་ལ་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པ་གསལ་བོ་བསྟན་ཡོད་པ་རེད།

གྲོས་ཆོད་དེས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་སླད་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱེད་པའི་གནད་དོན་ལ་ཐེ་གཏོགས་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པར་ངོས་འཛིན་ཞུ་རྒྱུ། དེ་བཞིན། བོད་མི་མང་གི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན་འདུག

ད་ལན་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་དེ་ནི་ཐོག་མར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་ (Michael McCaul) ལགས་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝིན་( (Jim McGovern) ལགས་རྣམ་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་ཞིང་། གྲོས་ཚོགས་གོང་མའི་འཐུས་མི་ (Jeff Merkley) ལགས་དང་ (Todd Young) ལགས་གཉིས་ཀྱི་སྣེ་འཁྲིད་འོག་གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༡༠ བྱུང་བའི་ཐོག་ནས་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་དང་མཐར་སྤྱི་མོས་གཏན་འབེབས་བྱུང་བ་ཞིག་ཡིན་འདུག

དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གྲོས་ཆོད་འདིའི་བརྒྱུད་རིམ་ཁྲོད། ཉེ་བའི་གཟའ་འཁོར་འགའི་རིང་ཨ་རིའི་རྒྱལ་ཡོངས་ཀྱི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཉིས་བརྒྱ་ལྷག་རྒྱལ་ས་ཝང་ཤིན་ཊོན་དུ་འཛོམས་ཏེ་གྲོས་ཆོད་དེར་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་བསྟུད་མར་བྱས་པའི་གྲུབ་འབྲས་ཤིག་ཀྱང་ཡིན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། གྲོས་ཆོད་འདི་ནི་ཨ་རིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་བརྩེ་དང་འཚེ་མེད་ཞི་བའི་བཀའ་སློབ། དེ་བཞིན། བོད་མིའི་མང་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་ཅེས་དང་། ངས་བོད་ཀྱི་གྲོགས་པོ་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་གྲོས་ཆོད་མདུན་སྐྱོད་ཡོང་ཐབས་སུ་རོགས་འདེགས་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་སྐབས་དེའི་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་གིས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་བྱས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཨ་རིའི་ཁྲིམས་སུ་བསྒྱུར་ཡོད་ལ། ཁྲིམས་ཡིག་དེའི་ནང་། ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ་ཁོང་གི་དམིགས་བསལ་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་བྱ་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བར་རམ་འདེགས་བྱ་རྒྱུ། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་སོགས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱེད་དགོས་པ། རྒྱ་ནག་གིས་གནའ་ནས་ད་བར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་དྲང་བདེན་མིན་པ་རྣམས་གསལ་འདོན་བྱ་རྒྱུ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་མཚམས་འཇོག་དགོས་སྐོར་སོགས་འཁོད་ཡོད་པའི་ཁར། བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ཚང་མ་བོད་ཀྱི་མངའ་ཁོངས་ས་ཁུལ་ཡིན་པ་སོགས་གསལ་སྟོན་བྱས་ཡོད།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༡༩ ཉིན་སྐབས་དེའི་ཨ་རིའི་སྲིད་འཛིན་ཊོམ་ཕུས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ། དངོས་སུ་ཨ་རིའི་ཁྲིམས་ལ་བསྒྱུར་ཡོད་པ་དང་། ཁྲིམས་ཡིག་དེས། རྒྱ་ནག་གི་དཔོན་རིགས་དང་འབྲེལ་ཡོད་གཞུང་གི་ལས་བྱེད་པ་སོགས་ཨ་རིར་གང་འདོད་དུ་ཡོང་ཆོག་ནའང་། ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་། རང་དབང་ཅན་གྱི་ཉམས་ཞིབ་པ་དང་གསར་འགོད་པ་སོགས་བོད་ནང་དུ་བསྐྱོད་རྒྱུར་བཀག་སྡོམ་བྱེད་བཞིན་པར་གདོང་ལེན་བྱས་ཏེ། གལ་སྲིད་རྒྱ་ནག་གིས་ཨ་རིའི་གནད་ཡོད་མི་སྣར་བོད་ནང་འགྲོ་འོང་གི་འདྲ་མཉམ་གྱི་ཐོབ་ཐང་ཁྲིམས་བཞིན་ལག་བསྟར་མ་བྱས་ཚེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོ་་ཨ་རིར་བསྐྱོད་པའི་ཐོངས་མཆན་བཀག་འགོག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese