མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐྱབས་བཅོལ་མི་རིགས་འཚོ་གནས་བྱེད་སའི་རི་ངོགས་ཆུང་ཆུང་གི་མང་གཙོ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། མུ་ཇིབ་མ་ཤལ་དང་ཧ་རིཀུ་མར།
མ་རྩོམ་ཡོང་ཁུངས། ནིའུ་ཡོག་དུས་བབ། NYT
ཡིག་སྒྱུར་བ། ཐུབ་བསྟན་དཔལ་ལྡན།

བོད་པ་ཚོས་རིག་གཞུང་གི་དོན་སྙིང་ལྡན་པར་འདོད་པའི་རེས་གཟའ་ལྷག་པར་འཁྲབ་པའི་ལྷག་དཀར་སྒོར་གཞས། རྒྱ་གར་རྡ་རམ་ས་ལར་༧རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་བདུན་སྔོན་མར་བླངས་བའི་པར།

༧གོང་ས་ཏཱ་ལའི་བླ་མས་འཛུགས་བསྐྲུན་གནང་བའི་སྐྱབས་བཅོལ་གཞུང་དེ་ལ་ཁོང་རང་གི་མཚན་གནས་མཇུག་སྐྱོང་གནང་ཕྱོགས་ཐད་ནས་ལས་འགན་ལྕི་མོ་ཞིག་འབབ་རྒྱུ་རེད།

ལོ་རབས་ལྔ་བཅུ་པའི་ནང་རྒྱལ་བ་རིན་པོ་ཆེ་རྒྱ་ནག་གི་གནོད་འཚེ་ལས་བཙན་བྱོལ་དུ་ཕེབས་སྟེ་སྐྱབས་བཅོལ་གཞུང་བཙུགས་པའི་སྐབས་སུ། ལོ་ན་གཞོན་པའི་དབུ་ཁྲིད་དེས་གཞུང་གི་ཡུན་རིང་ཐུགས་མགུ་བའི་མང་གཙོའི་ལྟ་གྲུབ་ལ་རེ་བ་ཡོད་ཚད་བཅོལ་བ་རེད། དེ་ནི་གཅིག་ནས་འདོད་ཕྱོགས་རེད་ལ་གཅིག་ནས་ཐབས་ཇུས་རེད།

ཁོང་ཁྱིམ་མཚེས་རྒྱ་གར་ལ་ཕེབས་སྐབས་རྒྱལ་ཁབ་གསར་པ་དེའི་རང་དབང་བགྲོ་གླིང་གི་ལུགས་སྲོལ་གྱིས་ཡིད་དབང་འཕྲོག་པ་མ་ཟད་བོད་ཀྱི་ཆོས་སྲིད་གཉི་གའི་དབུ་ཁྲིད་ཡིན་པའི་མི་གཅིག་ལ་ཚད་ལས་བརྒལ་བའི་དབང་ཆ་སྤྲད་ཡོད་པ་ཡང་ཤེས་ཡོད། བྱས་ཙང་ལོ་རབས་ཁ་ཤས་ནང་ཁོང་གིས་རང་གི་སྐུ་དབང་རྣམས་རིམ་བཞིན་རྒྱ་གར་ཧི་མ་ལ་ཡའི་རི་འདབས་སུ་འོས་འདེམས་བྱས་པའི་གྲོས་ཚོགས་ལ་གནང་ཞིང་སྤྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ནས་ཡོངས་སུ་བགྲེས་ཡོལ་ཞུས་པ་རེད། ༧གོང་ས་མཆོག་གི་ཉེ་མཁྲིས་ཀྱི་ལས་སྣེ་དང་དགེ་འདུན་པ་རྒན་པ་ཚོས་གསུངས་པ་ལྟར་ན། དབུ་ཁྲིད་མི་གཅིག་ལ་མ་བརྟེན་ཞིང་ཆ་ལག་ཚང་བའི་སྒྲིག་འཛུགས་ཤིག་བཙུགས་པ་དེས། བཙན་བྱོལ་བོད་པའི་རང་དབང་དང་རང་སྐྱོང་གི་ལས་དོན་ལ་པེ་ཅིང་གིས་གཏོར་བརླག་གཏོང་རྒྱུའི་འབད་བརྩོན་ལ་གདོང་ལེན་གྱི་གྲོགས་བྱེད་རྒྱུར་ཐུགས་རེ་གནང་བ་རེད།

རྡ་རམ་ས་ལར་རེས་གཟའ་ལྷག་པའི་ཉིན་ས་གནས་དེའི་ཇ་ཚོང་ཁང་ཆུང་ཆུང་ཞིག་ཏུ་དུས་ཚོད་སྐྱེལ་བཞིན་པ།

ང་ཚོས་འཛམ་གླིང་གི་སྤྱི་འགྲོས་སུ་ཆགས་པའི་མང་གཙོའི་རྗེས་སུ་ངེས་པར་དུ་འཇུག་དགོས་པ་ལ་རྒྱལ་པོ་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱིས་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་པའི་དུས་ཚོད་རྫོགས་ཟིན་པ་རེད་ཅེས་བདུན་འདིའི་གཟའ་ཉི་མར་དགུང་ལོ་དགུ་བཅུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་པའི་ཏཱ་ལའི་བླ་མས་གང་གི་སྲིད་དབང་རྩིས་སྤྲོད་གནང་བའི་ལོ་དེར་གསུངས་པ་རེད།

བདུན་ཕྲག་སྔོན་མར་ཁོང་གིས་རང་ཉིད་སྐུ་གཤེགས་རྗེས་ཀྱི་བར་སྟོང་དུ་རྒྱ་ནག་གཞུང་གི་ཐེ་བྱུས་མི་ཡོང་བའི་ཐབས་སུ་ཁོང་གི་ཡང་སྲིད་འཚོལ་ཐབས་ལོ་ཤས་རིང་བཏོན་པའི་སྲོལ་རྒྱུན་མ་ཡིན་པའི་བསམ་ཚུལ་དག་ལག་བསྟར་བྱ་རྒྱུ་མིན་པ་ལྟ་བུ་གསུངས་སོང་། ཁོང་གིས་སྲོལ་རྒྱུན་གྱི་ལུགས་སྲོལ་རྒྱུན་འཁྱོངས་བྱ་རྒྱུ་སླར་ཡང་གསལ་སྟོན་གནང་ཞིང་འདིའི་ཐད་དབང་ཚད་ཡོངས་རྫོགས་ཁོང་གི་ཡིག་ཚང་ཁོ་ནར་ཡོད་པ་ཁྱབ་བསྒྲགས་གནང་སོང་།

དེས་ན་མ་འོངས་པར་བཙན་བྱོལ་དུ་ཡོད་པའི་ཁོང་གི་ཡིག་ཚང་གིས་ངོས་འཛིན་གནང་བའི་ཏཱ་ལའི་བླ་མ་གཅིག་དང་པེ་ཅིང་གིས་གསོ་སྐྱོང་བྱས་པ་ཞིག་བཅས་གཉིས་འབྱུང་སྲིད་པར་བརྟེན་རྩོད་རྙོག་ཡོང་ངེས་པའི་སྐོར་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་ལ། དུས་སྐབས་དེའི་ཆེད་དུ། ༧གོང་ས་མཆོག་གིས་མང་གཙོའི་སྒྲིག་འཛུགས་ཤིན་ཏུ་བརྟན་པོ་ཞིག་བཙུགས་གནང་བ་རེད།

སྲིད་སྐྱོང་ཞེས་འབོད་པའི་སྲིད་འཛིན་གྱིས་དགོན་པ་གྲྭ་ཚང་དང་། སྨན་ཁང་། སློབ་གྲྭ་དང་ཐ་ན་ཞིང་ལས་མཉམ་འབྲེལ་དང་རྒས་གསོ་ཁང་སོགས་འཛིན་སྐྱོང་བྱེད་པའི་སྒྲིག་འཛུགས་ཉམ་ཆུང་ཞིག་གི་མགོ་ཁྲིད་ཀྱི་ཡོད།

རྒྱ་གར་སྦེལ་ཀོབ་འཚོ་བྱེད་སྨན་ཁང་། ཕྱི་ལོ་ ༢༠༢༤ ལོར།
སྦེལ་ཀོབ་ཀྱི་གཞི་རིམ་སློབ་གྲྭ་ཞིག་གི་ནང་བོད་ཀྱི་སྒྲ་སྙན་དཀྲོལ་སྟངས་སྦྱོང་བཞིན་པ།

མི་ལོ་ལྔ་བཅུ་ལྷག་གི་རིང་ལ་འཛུགས་སྐྲུན་གནང་བའི་མང་གཙོ་འདི་ནི། ༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་བྱེད་པ་དང་དུས་མཚུངས། བོད་ཀྱི་རིག་གནས་རྣམས་ཕྱི་ལོགས་སུ་རྒྱུན་འཛིན་བྱེད་ཆེད། བོད་ཀྱི་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་ཐབས་ཀྱི་མཛད་རྗེས་ཆེས་གསལ་ཤོས་དེ་ཡིན་སྲིད།

༧གོང་ས་མཆོག་སྐུ་གཤེགས་ནས་ཡང་སྲིད་བརྙེད་དེ་སློབ་གཉེར་གནང་བའི་དུས་སྐབས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བར་བརྒལ་དུས་ཡུན་དེའི་སྐབས་སུ་ཆབ་སྲིད་ཀྱི་ལམ་ལུགས་དང་འཐབ་རྩོད། མང་གཙོའི་ལམ་ལུགས་བཅས་མུ་མཐུད་གནས་རྒྱུ་རེད་ཅེས་བདུན་ཕྲག་སྔོན་མར་གསུངས་སོང་།

ཆོས་ཀྱི་དབུ་ཁྲིད་ཁོང་གིས་སྲ་ཞིང་བརྟན་པའི་སྒྲིག་འཛུགས་ཤིག་འཛུགས་པར་འབད་བརྩོན་ལྷོད་མེད་གནང་ཡོད་ནའང་། རྒྱ་ནག་ལ་༧གོང་ས་ཏཱ་ལའི་བླ་མའི་མི་ལོ་བདུན་ཅུའི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་རྒྱ་གར་དང་ཨ་རི་གཉིས་ཀྱི་རྒྱབ་སྐྱོར་མེད་པ་བཟོ་ཐབས་སུ་གནོན་ཤུགས་སྤྲོད་པའི་ལག་ཆ་ཡོད།

འདི་ལོར་ཊོམ་སྲིད་གཞུང་གིས་འཛམ་གླིང་སྤྱི་ཡོངས་ཀྱི་རོགས་དངུལ་ཉུང་འཕྲིའི་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་རྣམས་ཀྱང་བཀག་སྐྱིལ་བྱས་སྐབས། སྐྱབས་བཅོལ་བའི་གཞུང་དེའི་ཞན་ཉམས་གྱི་ཆ་མངོན་གསལ་ཆགས་པ་རེད། སྐྱབས་བཅོལ་བའི་གཞུང་དེའི་ཨ་སྒོར་ས་ཡ་བཞི་བཅུའི་ལོ་འཁོར་སྔོན་རྩིས་ལས་བཞི་ཆ་གཅིག་ཙམ་ཨ་རི་ནས་ཡོང་གི་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྡ་རམ་ས་ལར་ཁོང་གི་ཡིག་ཚང་ནང་ཕྱི་ལོ་༢༠༢༤ལོར།
༧གོང་ས་ཏཱ་ལའི་བླ་མ་མཆོག་རེས་གཟའ་སྤེན་པར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་གི་བརྟན་བཞུགས་སྨོན་ལམ་ཚོགས་མགོན་དུ་ཕེབས་བཞིན་པ།

བཙན་བྱོལ་གཞུང་གིས་ཨ་རིའི་གཞུང་ཕྱོགས་ནས་རོགས་དངུལ་མང་ཆེ་བ་བཀག་སྐྱིལ་མི་གནང་རྒྱུའི་ཁས་ལེན་བྱེད་ཐུབ་པ་བྱུང་ཞེས་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་སོང་། ཁོང་གིས་ང་ཚོས་མགོ་བཙུགས་ཟིན་པའི་ལས་གཞི་ཁག་གི་མགྱོགས་ཚད་ལ་གནོད་སྐྱོན་ཐེབས་ཡོད། གང་ལྟར་ཟླ་བ་དྲུག་གི་གྱོང་གུད་ཕོགས་སོང་ཞེས་གསུངས།

རྒྱ་གར་གྱིས་རང་གི་གདམ་ག་རྣམས་ཁ་ཕྱེ་ནས་བཞག་སྟེ་ཉེ་བའི་ལོའི་ནང་རྒྱ་ནག་དང་འབྲེལ་བ་ཇེ་སྡུག་ཏུ་མི་འགྲོ་བའི་ཐབས་སུ་གནད་དོན་འདིའི་ཐད་གཟབ་གཟབ་ཞིབ་ཚགས་བྱེད་ཀྱི་ཡོད་པ་རེད། ལྡི་ལི་ཕྱོགས་ནས་བོད་ནི་རྒྱ་ནག་གི་ས་ཁོངས་ཡིན་པ་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱས་ཟིན་ཡོད། ༧གོང་ས་མཆོག་གིས་ཁོང་གི་ཡང་སྲིད་སྐོར་གསལ་བསྒྲགས་བྱས་རྗེས་རྒྱ་གར་གྱི་བློན་ཆེན་ཞིག་གིས་དེ་ལ་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་བྱས་སོང་། ཡིན་ནའང་ཁོང་གིས་རྗེས་སུ་སྐད་ཆ་དེ་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་བརྗོད་པ་ཙམ་ལས་རྒྱ་གར་གཞུང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བཤད་པ་མིན་ཞེས་བཤད་པ་རེད། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་གནད་དོན་འདིའི་ཐད་ལྟ་ཚུལ་གང་ཡང་འཛིན་གྱི་མེད་པའི་བརྗོད་ཚིག་ཅིག་སྤེལ་སོང་།

རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ཆེ་ཤོས་གཉིས་པ་སྟེ་བཙན་བྱོལ་གཞུང་གནས་སའི་རྡ་རམ་ས་ལ་དང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཉིས་སུ་ལྟ་སྐོར་དུ་བསྐྱོད་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་གཤེགས་རྗེས་ཀྱི་དུས་མཚམས་དེ་ལ་དངངས་འཚབ་ཡོད་པ་ཤིན་ཏུ་གསལ། བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མི་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་ཞན་པའི་གནས་སྟངས་ཚང་མར་ཞིབ་ཚགས་ཀྱིས་བརྟག་དཔྱད་བྱེད་དགོས་སྐོར་བཤད་བཞིན་པ་ཡིན་ཞེས་གསུངས། “༧རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་ཀྱི་གནས་སྟངས་ལ་ང་ཚོར་གྲ་སྒྲིག་ཅི་ཙམ་ཡོད་དམ། གལ་སྲིད་ཟློག་མེད་ཀྱི་གནས་སྟངས་འདི་སྔོན་ནས་མཐོང་ཐུབ་ན་མ་མཐའ་ཡང་སྔོན་ཚུད་ནས་གྲ་སྒྲིག་བྱེད་རྒྱུ་ཡོང་གི་རེད།” ཅེས་ཁོང་གིས་སྤྱི་ཟླ་དགུ་པའི་ནང་རྡ་རམ་ས་ལར་གྲོས་ཚོགས་ཚོགས་དུས་ཀྱི་ཟུར་དུ་གསུངས།

ཕྱོགས་སྒྲིལ་དང་རུ་ཚོགས་མང་པོ་ཡོད་པའི་གྲོས་ཚོགས་དེ་ནི་༧གོང་ས་མཆོག་སྐྱབས་བཅོལ་བ་ཆགས་པའི་ཟླ་ཤས་རྗེས་སུ་ཚོགས་དུས་དང་པོ་དེ་ཤིང་སྡོང་ཞིག་གི་འོག་ཏུ་ཚོགས་པ་ནས་བཟུང་ད་བར་གྲུབ་འབྲས་མི་དམན་པ་ཐོབ་ཡོད།

བཙན་བྱོལ་བོད་ཀྱི་གྲོས་ཚོག་འཐུས་མི་རྣམ་པས་ཕྱི་ལོ་ ༢༠༢༤ ལོའི་ཚོགས་དུས་ཆེད་རྡ་རམ་ས་ལར་འབྱོར་ཐོ་བཀོད་པ།
ལོ་སྔོན་མའི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཚོགས་དུས་ཀྱི་ལས་ཉིན་དང་པོའི་འཐུས་མི་ཁག་ཅིག
སྔར་ལོའི་སྟོན་ཁར་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

འཐུས་མི་ཞེ་ལྔ་རྣམས་ལོ་རེར་ཐེངས་གཉིས་རེར་འཛོམས་པ་སྟེ་དཔྱིད་ཀར་སྔོན་རྩིས་གཏན་འབེབས་བྱེད་པ་དང་སྟོན་ཀར་གཞུང་གི་ལས་བསྡོམས་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད། རྒྱུན་ལས་བཅུ་གཅིག་ཙམ་རྡ་རམ་ས་ལར་སྡོད་པ་མ་གཏོགས་གཞན་རྣམས་མང་ཆེ་བར་ལས་ཀ་གཞན་ཡོད་ལ་འགའ་ཤས་ནི་ཐག་རིང་བྱང་ཨ་རི་དང་ཡུ་རོབ་སོགས་ནས་ཡོང་གི་ཡོད་པ་རེད། སྤྱི་ཟླ་དགུ་པའི་ཚོགས་དུས་སུ། ཁྲིམས་བཟོ་བ་རྣམས་ཚོོགས་ཁང་ཆུང་ཆུང་དེར་འབྱོར་རིམ་བཞིན་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཆེན་པོ་ཞིག་ལ་ཉིན་དེའི་ལས་དོན་ཆེད་ཞབས་སྟེགས་སུ་མ་བཞུགས་གོང་གུས་འདུད་ཞུས་ཤིང་བགྲོ་གླེང་གི་སྐབས་སུ་ཡང་ཁོང་ནི་གལ་ཆེན་དུ་བརྩི་ཡི་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འཛིན་སྐྱོང་གིས་ཆོས་དང་རིག་གཞུང་གི་ལས་དོན་ཇི་བྱས་རྣམས་སྙན་སེང་ཞུས་སྟེ་ཆུ་ཚོད་ཕྱེད་རིང་ལྗགས་ཀློག་བྱེད་རིང་འཐུས་མི་མང་པོ་ཞིག་གིས་མདུན་ལྕོག་སྟེང་གི་ཇ་འཐུང་བཞིན་གྲུང་པོར་སྡོད་ཐབས་བྱེད་ཀྱི་འདུག ཕྱི་ལོགས་སུ་སིལ་སྤོལ་རྩེད་ཐང་ཞིག་ཏུ་གུར་ཕུབ་པའི་ནང་འགྱིག་དམར་པོའི་རྐུབ་བཀྱག་སྟེང་སྐྱབས་བཅོལ་བ་བརྒྱ་ཕྲག་འགའ་ཤས་ཀྱིས་ལས་རིམ་ལ་དོ་ནན་པོས་གཟིགས་བཞིན་ཁོང་ཚོས་གཏམ་བཤད་པ་ཞིག་དང་བསམ་ཚུལ་མཐུན་ཚེ་དགའ་བསུའི་ཐལ་མོ་བརྡེབ་ཀྱི་འདུག དྲི་བ་དྲིས་ལན་ཞིག་གི་སྐབས་ཁ་གཏད་ཕྱོགས་ཀྱི་ཁྲིམས་བཟོ་བ་ཞིག་གིས་༧གོང་ས་མཆོག་ནིའུ་ཡོག་ཏུ་ཞབས་པུས་བཤག་བཅོས་བྱས་ཟིན་མ་ཐག་ཁོང་མཇལ་དུ་ཕྱིན་ཏེ་ཅིའི་ཕྱིར་ཁོང་ལ་སུན་པོ་བཟོས་པ་ཡིན་ཞེས་དགག་པ་བྱེད་ཐབས་བྱས་སོང་། གུར་ནང་ཡོད་པའི་མི་ཚོས་མ་དགའ་བའི་རྣམ་འགྱུར་བསྟན་ཞིང་སྐད་ཆ་དེ་ནི་འོས་འཚམ་མིན་པ་ཞིག་རེད།

སྐུ་ཞབས་སྤེན་པ་ཚེ་རིང་ལགས་དང་ལས་སྣེ་གཞན་རྣམས་ཀྱིས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གིས་ཞབས་ཞུའི་ལས་དོན་ཁག་ལ་བློ་རྩེ་གཏོད་བཞིན་ཡོད་ན་ཡང་སྤྱི་ཡོངས་ཀྱི་དམིགས་ཡུལ་གལ་ཆེ་ཤོས་ནི་རྒྱ་ནག་དམར་པོའི་ཚོགས་པས་རྩ་མེད་གཏོང་བཞིན་པའི་བོད་ཀྱི་སྐད་ཡིག་དང་ཆོས་རིག་སོགས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞེས་གསུངས་སོང་། ལས་དོན་དེ་ད་ཆ་དཀའ་ལས་ཁག་ཏུ་ཕྱིན་ཡོད། གང་ཡིན་ཟེར་ན། ད་ཆ་བོད་མི་སྐྱབས་བཅོལ་བ་རྣམས་མི་རབས་གསུམ་པར་བསླེབས་ཤིང་རྒྱལ་ཁབ་ཉི་ཤུ་ལྷག་གི་ནང་ཁ་འཐོར་དུ་བསྡད་ཡོད་ལ། རང་ས་རང་ཡུལ་དང་འབྲེལ་ཐག་རིང་དུ་ཕྱིན་པ་དང་ཁོང་ཚོའི་ཆིག་སྒྲིལ་གྱི་མཚོན་རྟགས་༧གོང་ས་མཆོག་ཀྱང་དགུང་ལོ་མཐོན་པོར་ཕེབས་པས་ཕྱིར་སྐྱོད་དང་མཛད་འཕྲིན་སོགས་ཉུང་དུ་ཕྱིན་ཡོད།

ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ནང་བོད་པའི་གཞིས་ཆགས་རྒྱ་ཆེན་པོ་ཡོད་པས་ང་ཚོར་རིག་གཞུང་སྲུང་སྐྱོབ་ཐད་དཀའ་ངལ་གང་ཡང་མེད་ཀྱང་ནུབ་ཕྱོགས་སུ་བོད་པ་རྣམས་ཁ་འཐོར་དུ་བསྡད་ཡོད་པས་ཅུང་དཀའ་ངལ་ཡོད། ཡིན་ནའང་། ནུབ་ཕྱོགས་ཀྱི་བོད་པ་འདུས་སྡོད་ཁུལ་ཚང་མར་གཟའ་མཇུག་སློབ་གྲྭ་ཡོད་ཅེས་གསུངས་བྱུང་།

མི་འབོར་སྤོ་བཤུད་ཀྱི་དཀའ་ངལ་དེ་ཚོ་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀར་ན་ཊ་ཀའི་ནང་ཡོད་པའི་གཞིས་ཆགས་ཁག་གི་ནང་མངོན་གསལ་དོད་ཤོས་འདུག། བོད་མི་ལྔ་སྟོང་ལྷག་གཞིས་ཆགས་ནང་གནས་སྡོད་དང་གྲྭ་ཚང་ཁག་ཏུ་དགེ་འདུན་པ་སྟོང་ཕྲག་མང་པོ་བཞུགས་ཀྱི་ཡོད། ས་གནས་གཞིས་མགོ་གཉིས་ཀྱིས་ལས་རོགས་ཉིས་བརྒྱ་ཙམ་དང་མཉམ་དུ་ལས་དོན་སྒྲུབ་ཀྱི་འདུག། སྐྱབས་བཅོལ་བ་ཚོས་ཚོང་ཁང་དང་ཟ་ཁང་སོགས་གཉེར་ཞིང་སྐབས་རེར་ས་གནས་ཡུལ་མིའི་ལས་མི་ཡང་གླ་ཡི་འདུག། སྨན་ཁང་ཞིག་གི་འགན་འཛིན་ཡིན་པའི་བསོད་ནམས་གཡུ་རྒྱལ་ལགས་ཀྱིས་ང་ཚོའི་སྐྱེ་བའི་གྲངས་ཚད་ལས་ཀྱང་འཆི་བའི་གྲངས་ཚད་མང་བ་ཡོད། ཁྱེད་རང་ཁྱིམ་ཚང་ཞིག་གི་ནང་དུ་འཛུལ་ན་རྒས་ཁོག་ཁོ་ན་མཐོང་རྒྱུ་ཡོད་རེད་ཅེས་བརྗོད་བྱུང་།

སྤྱི་ཟླ་དགུ་པའི་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ལས་རིམ་ཐད་གཏོང་ནང་གཟིགས་བཞིན་པ།
རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔའ་བོའི་དྲན་རྟེན་རྡོ་རིང་།

སམ་བྷོ་ཊ་གཞི་རིམ་སློབ་གྲྭར་སློབ་ཕྲུག་ཤིན་ཏུ་ཉུང་ཞིང་སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་ལྔ་པ་བར་སློབ་མ་བཞི་ཅུ་ཞེ་དགུ་འདུག ཁོང་ཚོར་བོད་ཡིག་དང་ཨིན་ཇི། ཨང་རྩིས། རི་མོ། རང་བྱུང་ཚན་རིག་སོགས་བསླབ་ཀྱི་འདུག སློབ་གྲྭ་དེའི་དགེ་ཆེ་དགུང་ལོ་སོ་བཞི་ཡིན་པའི་ཤེས་རབ་དབང་མོས་སློབ་ཕྲུག་ཚོར་རིག་གཞུང་དང་སྐད་ཡིག་སློབ་པའི་སྒང་ལ་ཁོང་ཚོ་སྐྱབས་བཅོལ་བ་ཇི་ལྟར་ཆགས་པ་དྲན་གསོ་གཏོང་ཆེད་བརྙན་སོགས་སྟོན་གྱི་ཡོད་ཅེས་གསུངས། བྱེས་འབྱོར་བོད་མི་བྱིངས་ལྟར་ཁོང་མོ་ཡང་བོད་ཀྱི་ཕྱི་རུ་སྐྱེས་ཤིང་བོད་ནམ་ཡང་མཐོང་མྱོང་མི་འདུག ང་ཚོས་གཞས་དང་ཞབས་བྲོ་བརྒྱུད་ནས་ཁོང་ཚོར་བོད་ཀྱི་གཙང་པོའི་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད། ལ་གླུ་དང་ཟློས་གར་བརྒྱུད་ནས་དུས་ནམ་ཞིག་ན་ང་ཚོ་རང་ཡུལ་ལ་ལོག་པའི་ཉིན་བཟང་ཞིག་འཆར་རྒྱུ་ཡིན་པ་སློབ་ཀྱི་ཡོད་ཅེས་གསུངས།

རྒྱ་གར་སྦེལ་ཀོབ་ཏུ་ཡོད་པའི་བོད་ཀྱི་སློབ་གྲྭ་ཞིག་ཕྱི་ལོ་ ༢༠༢༤ ལོར།
བདུན་ཕྲག་སྔོན་མར་རྡ་རམ་ས་ལར་བོད་ཀྱི་སྒོར་གཞས་འཁྲབ་བཞིན་པ།

མ་རྩོམ་དྲྭ་ཐག nytimes.com/2025/07/06/world/asia/dalai-lama-tibetan-administration.html

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese