མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ངོས་ཀྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་བླ་མ་གོང་མ་རྣམ་དང་བསྡུར་ན་ཚན་རིག་དང་མཐུན་པའི་རྣམ་དཔྱོད་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་ཅེས་བཀའ་སློབ་བསྩལ།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༧།༢༣ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ལ་དྭགས་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་གི་དུས་འཁོར་གསུང་ཆོས་ཐང་ཆེན་དུ། ཟངས་དཀར་ནང་ཚོགས་དང་། ཟངས་དཀར་དགོན་ཚོགས། དཀར་ཤ་དབྱར་ཆོས་གོ་སྒྲིག་ཚོགས་ཆུང་གསུམ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ལྷ་ལྡན་སྨོན་ལམ་ཆེན་མོའི་དཀྱིལ་འཁོར་འཁྲིས་སུ་ངོས་ཀྱིས་དམ་བཅའ་བཞག་ཡིན། དངོས་གནས་དྲང་གནས་བསྟན་པའི་ཞབས་འདེགས་གང་ཕན་ཅི་ཕན་བསྒྲུབས་ཡོད། ངོས་རང་རྒྱ་ནག་ལ་ཕྱིན་ཏེ་མའོ་ཙེ་ཏུང་དང་ངེད་གཉིས་ཧ་ཅང་འཆམ་པོ་ཡོད། མའོ་ཙེ་ཏུང་གིས་ཆོས་ཞེས་པ་དེ་དུག་རེད་ཅེས་ངོས་རང་ལ་བཤད་བྱུང་། ངོས་ཀྱི་བསམ་བློའི་ནང་མའོ་ཙེ་ཏུང་གླེན་པ་རེད་དྲན་སོང་། སྤྱིར་ཆོས་དང་ཆོས་དད་ཚང་མ་ཡག་པོ་རེད། ལྷག་པར་དུ་ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་དེ་འདུལ་བ་ཟུང་འབྲེལ་རེད། དེང་སང་ཚན་རིག་པ་མང་པོ་ཞིག་གིས་ངོས་ཀྱི་འགྲམ་དུ་ཡོང་ནས་སེམས་ཁམས་རིག་པའི་སྐོར་འདྲི་མཁན་མང་པོ་ཡོང་གི་འདུག ང་ཚོའི་བོད་ལ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱས་པ་རྒྱུ་མཚན་ལྡན་པ་ཞིག་དང་། བསམ་བློ་བཏང་ན་གཏོང་རྒྱུ་ཡོད་བསྡད་པ་ཞིག་རེད། རྒྱ་མིས་བཤད་པ་བཞིན་རྨོངས་དད་གང་ཡང་མ་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་དད་མོས་སྐྱེ་རྒྱུ་ཡོད་པ་ཞིག་རེད། ངོས་རང་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་དགེ་བའི་བཤེས་གཉེན་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སེམས་ལ་དྲན་དུས། དངོས་གནས་དྲང་གནས་སྙིང་ཁོངས་རུས་པའི་གཏིང་ནས་སྐྱབས་སུ་མཆི་བའི་བློ་ཡོང་གི་འདུག དེ་དག་ནི་གཞུང་ནས་བཤད་པའི་རྒྱུ་མཚན་ལྡན་པ་དང་རིག་པ་ལྡན་པའི་ཐོག་ནས་སོ་སོའི་བླ་མར་དད་པ་བྱས་པ་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། དེ་རིང་འདིར་ཆ་བཞག་ནའང་དེང་དུས་ཀྱི་སྐྱེ་བོ་མང་པོ་ཞིག་འདུ་འཛོམས་བྱས་འདུག ཁྱེད་ཚོའི་ལྷག་བསམ་རྩེ་གཅིག་གིས་ངོས་རང་ལ་དད་མོས་རྩེ་གཅིག་སྐྱེ་བ་རེད། ངོས་ལ་ཆ་བཞག་ནའང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་རྒྱུ་ཡིན། ལྷའི་ལུང་བསྟན་དང་ངོས་རང་གི་རྨི་ལམ་གྱི་མཚན་མའི་ཐོག་ནས་ཧ་ཅང་གསལ་བོ་འདུག ངོས་ཀྱིས་ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན། བོད་སྤྱི་མཐུན་གྱི་སངས་རྒྱས་བསྟན་པ་ཙམ་མ་ཟད། འཛམ་བུ་གླིང་ཁྱོན་ཡོངས་སུ་འཚེ་བ་མེད་པ་དང་ཞི་བའི་ལམ་སྤུས་དག་པོ་ཡོང་བར་རྩེ་གཅིག་ཏུ་སྨོན་ལམ་བརྒྱབ་སྟེ་འབད་བརྩོན་བྱེད་བཞིན་ཡོད། དེ་འདྲ་བྱས་ཏེ་ད་ལྟ་བར་དུ་ཕྱིན་པ་རེད། གང་ལྟར་ཡུལ་ལྷ་གཞི་བདག་ཚོས་ཀྱང་ཧ་ཅང་དགའ་བོ་བྱས་ཡོང་གི་འདུག ཡི་ཤུ་ཆོས་སོགས་ཀྱིས་གང་ལྟར་འཇིག་རྟེན་བཀོད་པ་པོ་ཁས་བླངས་ཀྱང་མ་བླངས་རུང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེེད། དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ངོས་རང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། སྐབས་སུ་བབ་པ་དེ་རིང་གནས་འདིར་ང་ཚོ་མང་པོ་ཞིག་འཛོམས་ཏེ་སྙིང་ཁོངས་རུས་པའི་གཏིང་ནས་སྨོན་ལམ་ཡག་པོ་རྒྱོབས། སྐབས་སུ་བབ་པ་ངོས་རང་དགེ་སློང་བསྟན་འཛིན་རྒྱ་མཚོ་མུ་མཐུད་དུ་ལོ་སུམ་ཅུ་བཞི་བཅུ་ཙམ་བསྡད་དེ། ངོས་ཀྱི་མི་ཚེ་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་ཕལ་ཆེར་བསྡད་རྒྱུ་རེད། ད་ལྟ་བར་དུ་ངོས་ཀྱིས་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་བསྒྲུབས་ཡོད། ཅེས་གསུངས་སོང་།

ཟངས་དཀར་གྱི་ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༧།༢༣ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཡང་༧གོང་ས་མཆོག་ནས། ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་གྲོགས་པོ་བསྒྲིགས་ཏེ་ཆོས་རབ་ཏུ་རྣམ་འབྱེད་ཤེས་རབ་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་དེ་བླ་མ་གོང་མ་རྣམ་དང་བསྡུར་ན། ངོས་ཀྱིས་ཚན་རིག་གི་རྣམ་དཔྱོད་དང་མཐུན་པའི་ཐོག་ནས་ནང་ཆོས་ལ་འགྲེལ་བཤད་རྒྱག་གི་ཡོད། ཚན་རིག་པ་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ང་ཚོ་ཚང་མར་སྟོན་པ་བཅོམ་ལྡན་འདས་དངོས་གནས་དྲང་གནས་གཞན་དང་མི་འདྲ་བའི་བཀའ་དྲིན་ཆེན་པོ་རེད། བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ཀླུ་སྒྲུབ་དང་ཐོགས་མེད་སོགས་བརྒྱུད་དེ། བོད་གངས་ཅན་གྱི་ལྗོངས་སུ་དངོས་གནས་དྲང་གནས་ཀྱི་མཁས་པའི་གཙུག་རྒྱན་འགྲན་ཟླ་བྲལ་བ་མང་པོས་བསྟན་པའི་རྒྱུན་བཟུང་བ་རེད། ང་ཚོའི་མི་རབས་འདིའི་བར་དུ་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་བུ་གླིང་གཞན་མི་འདྲ་བར་བདག་པོ་བརྒྱབ་འདུག ད་དུང་ཡང་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱས་ཏེ་འཛམ་བུ་གླིང་གི་སྐྱེ་འགྲོ་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་པར་ཚང་མས་ཐུགས་སྨོན་གནང་རོགས། ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཞེས་གསུངས་སོང་།

དེ་རིང་སྔ་དྲོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་དུ་གསར་བཞེངས་བྱས་བའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྨང་རྡོ་དབུ་འབྱེད་ཀྱི་རབ་གནས་མཛད་ཡོད་འདུག མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཟངས་དཀར་དཀར་ཤ་ཕོ་བྲང་དུ། ཟངས་དཀར་ནང་པའི་ཚོགས་པ་དང་། ཟངས་དཀར་དགོན་པ་ཚོགས་པ། དེ་བཞིན་དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་ཆེ་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བློ་བཟང་སྒྲོལ་མ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese