མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནའ་བོའི་ཤུལ་བཞག་དང་དྷ་རམ་ས་ལའི་ས་ཡོམ་སྐོར་གླེང་བ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་དང་ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཁག་ཅིག་གིས་བོད་ཀྱི་གནའ་བོའི་ཤུལ་བཞག་དང་དྷ་རམ་ས་ལའི་ས་ཡོམ་སྐོར་ལ་ཉམས་ཞིབ་གནང་བཞིན་པའི་སྐོར་གྱི་ལྷན་ཚོགས་ཤིག་ཉིན་གྲངས་གཉིས་རིང་འཚོག་བཞིན་འདུག

ཕྱི་རྒྱལ་གྱི་ཉམས་ཞིབ་པས་བོད་ཀྱི་ཤུལ་བཞག་སྐོར་ལ་གཏམ་བཤད་གནང་བཞིན་པ། ༢༠༢༥།༠༧།༢༤ བོད་ཀྱི་དཔེ་མཛོད་ཁང་གི་ཐད་གཏོང་དྲ་ངོས་པར་བཤུས།

དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་རིང་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་སྙན་གྲགས་བཟོ་བཀོད་ཁང་ (Studio Nyandak) དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་ཐོག དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་གནའ་བོའི་ཤུལ་བཞག་དང་དྷ་རམ་ས་ལའི་ས་ཡོམ་སྐོར་ཉམས་ཞིབ་གནང་བའི་ལྷན་ཚོགས་ཤིག་འཚོག་བཞིན་འདུག་ལ། ཉིན་གཉིས་ཀྱི་ལྷན་ཚོགས་ཐོག་ནོར་ཝེའི་ཉམས་ཞིབ་པ་འབུམ་རམས་པ་ལྕམ་ཨིན་གྷུན་ (Dr. Ingun B.  Amundsen) ལགས་དང་། འབུམ་རམས་པ་རྗོན་ཧེ་རི་སོན་ (Dr. John Harrison) ལགས། འབུམ་རམས་པ་ཁཱར་ལིལ་ (Dr. Karl Ryavec) ལགས། ཁང་བཟོའི་འཆར་འགོད་པ་བསྟན་འཛིན་སྙན་གྲགས་ལགས། དགེ་བཤེས་ལྷག་རྡོར་ལགས། སྙན་གྲགས་བཟོ་བཀོད་ཁང་གི་ལས་བྱེད་བཅས་འཛོམས་ཏེ། ཉམས་ཞིབ་ཀྱི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བཞིན་འདུག

སྙན་གྲགས་བཟོ་བཀོད་ཁང་གི་ཁང་བཟོའི་འཆར་འགོད་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས། ལོ་ངོ་གཉིས་ཀྱི་གོང་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཟངས་དཀར་དུ་ཡོད་པའི་དགོན་སྡེ་ཁག་དགུ་ལ་ཉམས་ཞིབ་བྱས་ཏེ་ཉམས་གསོ་བྱེད་མགོ་བཙུགས་ཡོད་ཅིང་། ལོ་རེར་ཐེངས་གཅིག་ཕྱི་རྒྱལ་ནས་ཟངས་དཀར་དང་བོད་པའི་རྒྱལ་རབས། དེ་བཞིན་རི་མོ་སོགས་ཀྱི་མཁས་དབང་དང་མཉམ་དུ་འགྲོ་ཡི་ཡོད་པ་རེད། ད་ལོར་མཁས་དབང་མང་པོ་ཞིག་དྷ་སར་དངོས་སུ་ཕེབས་ཡོད་པས། དྷ་སར་ཡོད་པའི་བོད་པའི་མཁས་དབང་རྣམས་དང་ཡུལ་མི་ལའང་ཕན་ཐོགས་ཡོང་གི་རེད་བསམ་ནས་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་འདི་འཚོག་མུས་ཡིན་པ་རེད། ཅེས་དང་། ད་ལྟའི་ཆར་ཟངས་དཀར་གྱི་ལོ་རྒྱུས་འཚོལ་ཞིབ་དང་རི་མོ་ཞིབ་ཚགས་པོ་འབྲི་རྒྱུ་དང་མ་འོངས་པར་ཟངས་དཀར་གྱི་ས་ཁྲ་དང་འབྲེལ་ནས་དེབ་ཅིག་འབྲི་འཆར་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཁང་བཟོའི་འཆར་འགོད་པ་དང་ཨར་ལས་འཛུགས་སྐྲུན་གྱི་བྱུས་འགོད་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས་བོད་པའི་ཁང་བཟོ་དང་འབྲེལ་ནས་གཏམ་བཤད་གནང་བཞིན་པ། ༢༠༢༥།༧།༢༤

ཡང་སྙན་གྲགས་ལགས་ཀྱིས། བོད་ནང་གི་དགོན་སྡེ་ཁག་སྟོང་ཕྲག་གསུམ་ཙམ་འཕྲེད་ཐིག་དང་གཞུང་ཐིག་གང་དུ་ཆགས་ཡོད་མེད་ཐད་ཉམས་ཞིབ་བྱེད་མུས་ཡིན་པ་མ་ཟད། ད་བར་དགོན་སྡེ་ཁག་ ༡༥༠༠ བཙལ་ཟིན་འདུག་ལ། གཞན་འཆར་འགོད་པའི་འཕྲུལ་རིགས་ཀྱི་ལས་གཞི་འགྲོ་བཞིན་ཡོད་སྐོར། གཞན་ཡང་། དྷ་སའི་ས་ཡོམ་སྐོར་ཉམས་ཞིབ་འགྲོ་མུས་ཡིན་སྐོར་དང་། དྷ་སྟེང་བོད་ཁྱིམ་དང་བདེ་ལེགས་སྨན་ཁང་ཁུལ་དུ་ས་ཡོམ་མ་བྱུང་གོང་དུ་གྲ་སྒྲིག་ཅི་ཞིག་བྱེད་དགོས་མིན་ཐད་ལས་གཞི་འགྲོ་མུས་ཡིན་སྐོར་བརྗོད་སོང་ལ། ཚོགས་ཞུགས་པ་དང་ལྷན་དུ་གོང་གསལ་བརྗོད་གཞི་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་བཞིན་འདུག

སྙན་གྲགས་བཟོ་བཀོད་ཁང་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཀྱི་གལ་གནད་དང་འབྲེལ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། མ་འོངས་པར་བོད་མི་རྣམས་བོད་ནང་ལོག་པ་ཡིན་ན། ཁང་བཟོ་དང་འབྲེལ་བའི་ལས་གཞི་འདྲ་མིན་ཐད་བོད་པ་རང་གི་ངོས་ནས་ལས་ཀ་བྱེད་ཐུབ་པ་དགོས་ཀྱི་རེད། ད་ལྟའི་ཆར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་སོ་སོའི་ཁྱིམ་དུ་གློག་དང་། ཁང་པ། དེ་བཞིན་ཆུའི་འཛུགས་སྐྲུན་བྱེད་མཁན་རྣམས་ཡུལ་མི་ཤ་སྟག་ཡིན་པ་ལས་བོད་པ་མ་རེད། བོད་མི་ཕལ་ཆེ་བར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པའི་ལག་ཁྱེར་ཡོད་པ་དང་། གློག་ཀླད་ཀྱི་མདུན་དུ་ལས་དོན་གཉེར་མཁན་མང་པོ་ཡོད་པ་རེད། དེར་བརྟེན་དོན་དངོས་སུ་རང་ཁ་རང་གསོ་དགོས་གལ་ཆེ་བ་དང་། གནའ་སྔ་མོ་ནས་བོད་པའི་ཁང་བཟོའི་འཆར་འགོད་མི་འདྲ་བ་ཡོད་ལ། ལོ་ངོ་སྟོང་ཕྲག་མང་པོའི་རིང་སོ་སོ་སྡོད་སའི་ཁང་པ་དེ་ཡུལ་དེའི་ཆགས་ཡུལ་དང་གནམ་གཤིས་ཚ་གྲང་ལ་དཔག་སྟེ། སོ་སོས་ཁང་པ་བཟོས་ཡོད་པ་རེད། དེར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ནས་དཔེ་བླངས་ཏེ། ཕྱིའི་བཀོད་པ་དེ་དག་བོད་པའི་གནའ་བོའི་ཤུལ་བཞག་ཡོད་པ་དང་། ནང་ལོགས་སུ་དེང་དུས་དང་མཐུན་པའི་ཐོག་ནས་ཁང་པ་བརྟན་པོ་འཛུགས་སྐྲུན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

ཡང་དགེ་བཤེས་ལྷག་རྡོར་ལགས་ཀྱིས། བོད་མི་མང་པོ་ཞིག་གིས་དྷ་སར་ས་ཡོམ་བྱུང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཤེས་ཀྱི་མེད་པ་རེད། ཕྱི་ལོ་ ༡༩༠༥ ལོར་དྷ་སར་ས་ཡོམ་ཤུགས་ཆེན་བྱུང་སྟེ། མི་གྲངས་ཁྲི་ ༢ ལྷག་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། ད་ལྟའི་ཆར་ས་ཡོམ་བརྟག་དཔྱད་ཀྱི་ཆེད་མཁས་པས་ས་ཡོམ་བྱུང་རྒྱུའི་སྔོན་བརྡ་བཏང་སྟེ། ས་ཁུལ་དེར་ས་ཡོམ་བྱུང་སའི་ལྟེ་གནས་ལྔ་པ་དང་དྲུག་པ་ཡིན་པ་བརྗོད་ཀྱི་ཡོད་ལ། དྷ་སའི་ཁུལ་དུ་ས་ཡོམ་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱེད་པར་ས་ཡོམ་གྱི་ཉེན་ཁ་ལས་སྲུང་སྐྱོབ་ཐུབ་པའི་ཁང་པའི་བཟོ་བཀོད་ཐོག་ལ་ཡར་རྒྱས་གཏོང་རྒྱུ་ནི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་གནའ་བོའི་ཤུལ་བཞག་དང་དྷ་སའི་ས་ཡོམ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༧།༢༤

དེ་རིང་ཉིན་དང་པོའི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་ནོར་ཝེའི་ཉམས་ཞིབ་པ་འབུམ་རམས་པ་ལྕམ་ཨིན་གྷུན་ (Dr. Ingun B.  Amundsen) ལགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་གནའ་བོའི་ཁང་བཟོའི་སྐོར་དང་། འབུམ་རམས་པ་རྗོན་ཧེ་རི་སོན་ (Dr. John Harrison) ལགས་ཀྱིས་ཧི་མ་ལ་ཡའི་ཁུལ་གྱི་གནའ་བོའི་ཁང་བཟོའི་འཛུགས་སྐྲུན་ཉམས་གསོའི་སྐོར། འབུམ་རམས་པ་ཁཱར་ལིལ་ (Dr. Karl Ryavec) ལགས་ཀྱིས་ཁམས་ནང་གི་དགོན་པ་ཆགས་ཡུལ་སྐོར་གྱི་ལོ་རྒྱུས་དང་འབྲེལ་བའི་ས་ཁྲའི་སྐོར། ཁང་བཟོའི་འཆར་འགོད་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས་ཕྱི་ལོ་ ༡༩༥༠ དང་ ༡༩༦༠ ཙམ་ལ་ཨ་རིས་གསང་བའི་ཐོག་ནས་བོད་ནང་དུ་གནམ་གྲུ་ཆེད་གཏོང་བྱས་པ་དེ་ལས་པར་རིས་མང་པོ་བླངས་ཡོད་ལ། པར་རིས་དེ་དག་བརྒྱུད་བོད་ནང་གི་དགོན་སྡེ་ཁག་དང་། དེའི་ཆགས་ཡུལ་སོགས་ལ་ཉམས་ཞིབ་ཞིབ་ཚགས་གནང་སྟེ། དགོན་སྡེ་ཁག་འགྱུར་བ་ཇི་འདྲ་ཐེབས་ཡོད་པའི་ཐད་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་པའི་སྐོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང་ལ། སང་ཉིན་ཕྱི་ཚེས་ ༢༥ ཉིན་ཕྱི་རྒྱལ་གྱི་ཉམས་ཞིབ་པས་དྷ་སའི་ས་ཡོམ་སྐོར་ཉམས་ཞིབ་འགྲོ་མུས་ཡིན་པའི་སྐོར་དང་འབྲེལ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག

སྙན་གྲགས་བཟོ་བཀོད་ཁང་ནི་ཁང་བཟོའི་འཆར་འགོད་པ་དང་། ཨར་ལས་འཛུགས་སྐྲུན་གྱི་ཇུས་འགོད་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས་བཙུགས་པའི་སྣ་མང་འཆར་འགོད་ཆེད་ལས་ཀྱི་ལག་ལེན་བཟོ་བཀོད་ཁང་ཞིག་ཡིན་འདུག་ལ། ཁོང་ཚོས་བཟོ་སྐྲུན་གྱི་སྒྱུ་རྩལ་དང་ཚན་རིག་གཉིས་ཟུང་འབྲེལ་བྱེད་ཐབས་ཐོག་ཉམས་ཞིབ་ཀྱིས་ཕྱག་ལས་གནང་བཞིན་ཡོད་འདུག་ལ། བཟོ་བཀོད་ཁང་གི་ལས་བྱེད་ཚོའི་སྒྱུ་རྩལ་ནུས་པ་རྒྱ་སྐྱེད་གཏོང་སླད་བཟོ་བཀོད་དང་། གྲོང་ཁྱེར་འཆར་འགོད། རྒྱུ་ཆའི་ཚན་རིག ལག་ཤེས་རིགས། ཞིབ་འཇུག་སློབ་ཡོན་བཅས་ཀྱི་ཐོག་ནས་ནུས་པ་ཐོན་པར་འབད་བརྩོན་བྱེད་མུས་ཡིན་འདུག་ལ། བཟོ་བཀོད་ཁང་དེས་ཨ་རིའི་གྲོང་ཁྱེར་ཙམ་མིན་པར་སྤྱི་ཚོགས་ཀྱི་སྡེ་ཁག་དང་། རིག་གཞུང་བསྟི་གནས་ཁག ཚོང་ལས་སྡེ་ཁག ཁང་བཟོའི་ལས་ཁུངས་ཁག་སོགས་གཞུང་སྒེར་གཉིས་ཀྱི་སྤྱི་ཚོགས་དང་ལྷན་དུ་རིག་གཞུང་དང་ཁོར་ཡུག སྤྱི་ཚོགས་ཀྱི་ངོ་བོ་སོགས་གཙོ་བོར་དམིགས་ཏེ་མཉམ་ལས་བྱེད་བཞིན་ཡོད་འདུག

དྷ་སར་ཡོད་པའི་བཟོ་བཀོད་པ་དང་། འཆར་འགོད་པ། ཞིབ་འཇུག་པའི་སྡེ་ཁག་གིས་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག དགོན་སྡེ་ཁག དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་མཁན་ཁེ་མེད་ཚོགས་པ་བཅས་ལ་སྤྱི་ཚོགས་ཞབས་ཞུའི་ངོ་བོའི་ཐོག་ནས་རིན་མེད་ཐོག་སྤྱི་ཚོགས་དང་རིག་གཞུང་གི་གནད་དོན་གཙོར་བཟུང་གིས་འཆར་འགོད་དང་ཞིབ་འཇུག་གི་ལས་དོན་སྒྲུབ་ཀྱིན་ཡོད་འདུག བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དགོན་སྡེ་ཁག་དང་ཡུལ་དེའི་བཟོ་བཀོད་ལ་ཞིབ་འཇུག་གི་ལས་འཆར་ཁག་ཅིག་ཀྱང་སྒྲུབ་བཞིན་ཡོད་པ་རེད།

བློ་བཟང་སྒྲོལ་མ། བསྟན་འཛིན་ཉི་སྒྲོན། གསར་འགོད་པ་བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese