མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

མོན་རྟ་དབང་རྫོང་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་དང་། ཆོས་ལུགས་མཐུན་འབྲེལ། རྒྱ་གར་གྱི་དཔལ་ནཱ་ལནྡཱའི་གནའ་བོའི་ཤེས་རིག་སྲུང་སྐྱོབ་སོགས་ཀྱི་རླབས་ཆེན་གྱི་མཛད་པ་བསྐྱངས་དང་སྐྱོང་མུས་ཡིན་པས། རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷ་ར་ཏི་རཱ་ཏ་ན་དབུལ་དགོས་པའི་འབོད་སྐུལ་ཞུས་འདུག

མོན་རྟ་དབང་རྟ་དབང་རྫོང་ཁྱོན་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ངོ་དེབ་ལས་བླངས།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྟ་དབང་རྫོང་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་དགོན་གྱི་ཅམ་ལེང་ནས་བྷུ་དྷ་སྐྱེས་ཚལ་བར་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷ་ར་ཏི་རཱ་ཏ་ན་དབུལ་དགོས་པའི་དགོས་འདུན་བཏོན་འདུག་ལ། གོམ་བགྲོད་ལས་འགུལ་དེའི་ཁྲོད་ཁུལ་དེའི་དགེ་འདུན་པ་དང་། སློབ་མ། ཚོགས་པ་ཁག་གི་སྐུ་ཚབ། ཡུལ་མི་སོགས་ཀྱིས་མཉམ་ཞུགས་གནང་འདུག

མོན་རྟ་དབང་ཝི་ནི་ལེན་སི་(MON TAWANG VIGILANCE) ཚོགས་པའི་ངོ་དེབ་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འདུ་འཛོམས་དེའི་ཐོག་མར་རྟ་དབང་རྫོང་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་སངས་དོན་གྲུབ་ལགས་དང་དྲུང་ཆེ་ཟུར་པ་སྨིན་གྲུབ་ཚེ་རིང་ལགས་སོགས་ཀྱིས་གཏམ་བཤད་གནང་བའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་བར་འཛམ་གླིང་ཞི་བདེ་ཡོང་ཐབས་དང་། ཆོས་ལུགས་མཐུན་འབྲེལ། རྒྱ་གར་གྱི་དཔལ་ནཱ་ལནྡཱའི་གནའ་བོའི་ཤེས་རིག་སྲུང་སྐྱོབ་སོགས་ཀྱི་རླབས་ཆེན་གྱི་མཛད་པ་ཁག་བསྐྱངས་ཡོད་པ་མ་ཟད།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་ཅིང་། ༧མགོན་པོ་གང་ཉིད་ཀྱིས་རྒྱུན་དུ་ནས་ངོས་རང་”རྒྱ་གར་གྱི་བུ” ཡིན་ཞེས་གསུང་གི་ཡོད་པ་མ་ཟད། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་རྒྱ་གར་བ་རྣམས་ལ་བྱམས་བརྩེ་དང་འཚེ་མེད་ཞི་བདེ་སོགས་གོང་འཕེལ་གཏོང་ཐབས་སུ་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་སྐོར་སོགས་གསལ་འདུག

མོན་རྟ་དབང་རྟ་དབང་རྫོང་ཁྱོན་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ངོ་དེབ་ལས་བླངས།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྐུའི་གོ་སྟོན་དང་བསྟུན། ས་སྦུག་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་འཇམ་དཔལ་ལགས་ཀྱིས། ཁུལ་དེའི་གྲམ་བཱར་ནས་དུར་བིན་དགོན་པ་བར་སྤྱི་ལེ་ལྔ་ལྷག་ལ་རྐྱང་ཕྱག་འཚལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་བྷ་ར་ཏི་རཱ་ཏ་ན་གཟེངས་རྟགས་དབུལ་དགོས་པའི་ལས་འགུལ་ཞིག་སྤེལ་ཡོད་འདུག  འདི་ལོར་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙི་དང་བསྟུན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་གླེང་སྟེགས་ཚོགས་པས་བོད་དོན་རྒྱབ་སྐྱོར་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་ཤར་བསྐྱོད་གནངས་དང་གནང་མུས་ཡིན་སྟབས།  རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ན་ཞེས་པ་དབུལ་དགོས་པའི་འབོད་སྐུལ་སླད་མཚན་རྟགས་བསྡུ་རུབ་གནང་མུས་ཡིན་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༨ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༠ ཡིས་མགྲིན་གཅིག་གི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ན་ (Bharat Ratna) དབུལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་བྷི་རྗེ་པི་ (BJP) ཆབ་སྲིད་ཚོགས་པའི་སྣེ་ཁྲིད་པ་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་དང་། གནད་ཡོད་མི་སྣ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་དང་ཁག་ཅིག་གི་གྲོས་ཆོད་གཏན་འབེབས་བྱས་ཏེ་འབོད་སྐུལ་ཞུས་འདུག

བྷ་ར་ཏི་རཱ་ཏ་ན་ཞེས་པའི་གཟེངས་རྟགས་དེ། ཕྱི་ལོ་ ༡༩༩༠ ལོར་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཱན་ཌེལ་ལཱ་ (Nelson Mandela) དང་། ཕྱི་ལོ་ ༡༩༨༧ ལོའི་རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན (Khan Abdul Ghaffar Khan)། དེ་བཞིན་ཕྱི་ལོ་ ༡༩༨༠ ལོའི་ཡི་ཤུ་ཨ་མ་ཊི་རེ་སཱ་མཆོག་དང་། སྲིད་བློན་དམ་པ་ནེ་རུ་མཆོག་བཅས་མི་སྣ་གྲགས་ཅན་ ༥༣ ཙམ་ལ་ཕུལ་འདུག་ལ། དེ་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་ཤིག་དང་། དམིགས་བསལ་ཞབས་ཞུ་བ་དང་ཆེས་མཐོའི་བྱ་གཞག་སྒྲུབ་མཁན། ཕོ་མོ་དང་མི་རིགས་དབྱེ་འབྱེད་མེད་པར་བྱ་བཞག་སྒྲུབ་མཁན། རིག་གཞུང་དང་ཚན་རིག་ཐོག་ལ་བྱས་རྗེས་ཅན། མི་མང་ཞབས་འདེགས་ཞུ་མཁན་དག་ལ་འབུལ་སྲོལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese