མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་སིད་ཎི་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རོ་སི་ཁེ་རེ་ཇི་ལགས་སུ་ས་གནས་ཀྱི་བོད་མི་དང་ཐའེ་ཝན་གྱི་མི་ཚོར་རོགས་རམ་བྱ་རྒྱུ་མེད་པའི་ངན་སྐུལ་བྱས་པར་གྲོང་ཁྱེར་སྤྱི་ཁྱབ་པས་ཁོང་ཧ་ལས་དགོས་བྱུང་སྐོར་གསུངས་འདུག

Newcastle Lord Mayor Ross Kerridge and Chinese Consul General Wang Yu.

ཁ་སང་ཨོ་གླིང་གི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨོ་གླིང་གནས་མཁར་གསར་གྲོང་ཁྱེར་དུ། རྒྱ་ནག་གི་ཝང་ཡུས་(Wang Yu) ཟེར་བས་མགོ་ཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་དུ་གྲོང་ཁྱེར་དེར་ཡོང་ནས། ཕྱོགས་གཉིས་ཀྱི་ཚོང་དོན་དང་རྡུལ་ཕྲན་མཚོན་ཆའི་ལས་དོན་སོགས་ཀྱི་སྐོར་གླེང་མོལ་བྱེད་སྐབས། གནས་མཁར་གསར་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་རོ་སི་ཁེ་རེ་སི་ལགས་ལ་བོད་མི་དང་ཐའེ་ཝན་གྱི་མི་ཚོར་རོགས་རམ་མཐུན་རྐྱེན་སྦྱོར་རྒྱུ་མེད་སྐོར་སྐུལ་འདེད་བཏང་ཡོད་འདུག་ལ། ཕྱིས་སུ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རོ་སི་ཁེ་རེ་ཇི་ (Cr Ross Kerridge) ལགས་ཀྱིས་སྐད་ཆ་དེས་ཁོང་ཧ་ལས་སུ་བཅུག་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཨོ་གླིང་གནས་མཁར་གསར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རོ་སི་ལགས་སྒེར་གྱི་ངོ་དེབ་ཏུ། བདུན་སྔ་མའི་རེས་གཟའ་ཕུར་བུའི་ཉིན་ངས་ཉེ་ལམ་གསར་དུ་བསྐོས་པའི་སིད་ཎི་རྒྱ་ནག་གཞུང་ཚབ་པ་དང་ཐུག་འཕྲད་བྱས་པ་ཡིན། དེ་ནི་ཁོང་གནས་མཁར་གསར་དུ་ཡོང་ཐེངས་དང་པོ་དང་། ང་རང་ཐུག་ཐེངས་དང་པོ་ཡིན། སྐབས་དེར་ཁོས་རྒྱ་ནག་གི་བོད་དོན་ལ་བཟུང་པའི་ལངས་ཕྱོགས་དང་། ཐའེ་ཝན་སོགས་ཀྱི་སྐོར་སྐད་ཆ་བཤད་སྐབས་ཡ་མཚན་ཅན་ཞིག་ཏུ་མཐོང་སོང་། ཞེས་གསུངས་འདུག་ལ། ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཨོ་གླིང་དབུས་གཞུང་ལ་འབྲེལ་འདྲིས་མ་བྱས་པར་ཐད་ཀར་གནས་མཁར་གྲོང་ཁྱེར་མཚོ་འོག་ཏུ་བཀོལ་བའི་མཚོ་གྲུའི་དམག་དོན་གྱི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུའི་བསམ་ཚུལ་བཏོན་པ་ནི། ཨོ་གླིང་ནང་སྲིད་ཀྱི་ལས་དོན་ལ་རྩིས་འཇོག་མ་བྱས་པའི་ཁར། ཚོང་དོན་ལ་ཁ་གཡར་ནས་དམག་དོན་གྱི་ནུས་པ་སྐྱེད་ཐབས་ལ་འབད་མུས་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀླུ་འབུམ་ཐར་ལགས་ཀྱིས་འདི་གའི་གསར་འགོད་པར། ཨོ་གླིང་སིད་ཎི་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་པ་ཝང་ཡུས་ཟེར་བ་གནས་མཁར་གསར་ཁུལ་དུ་ལྟ་སྐོར་ལ་ཡོང་སྐབས་ས་གནས་སྤྱི་ཁྱབ་ལགས་དང་ཐུག་འཕྲད་བྱས་ཏེ།  ས་གནས་འདིར་བོད་མི་དང་ཐའེ་ཝན་གྱི་མི་སེར་ཡོད་མེད་སྐད་ཆ་དྲིས་ནས། བོད་མི་དང་ཐའེ་ཝན་མི་སེར་ལ་རོགས་པ་བྱ་རྒྱུ་ཡོད་མ་རེད་ཅེས་བཤད་པའི་གནས་ཚུལ་ཞིག་བྱུང་འདུག་ལ། གནས་ཚུལ་དེ་ད་ལྟ་ཨོ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་། དེ་རིང་གི་ཚགས་པར་དག་ཏུའང་འཐོན་མུས་ཡིན་འདུག རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་པ་དང་། ཡུ་གུར་བ། ཐའེ་ཝན་སོགས་ཀྱི་སྤྱི་ཚོགས་ལ་དཀའ་ངལ་བཟོ་རྒྱུར་ཐབས་ཤེས་བྱས་ནས་རྒྱལ་མཚམས་ལས་བརྒལ་ཏེ་མནར་གཅོད་ཅིག་གཏོང་བཞིན་ཡོད་པ་མ་ཟད། གཞུང་གི་དཔོན་རིགས་རྣམས་ལའང་བོད་པར་རྒྱབ་སྐྱོར་བྱ་རྒྱུ་མེད་ལུགས་ཀྱི་བཙན་བཀའ་ཞིག་གཏོང་གིན་འདུག ཅེས་དང་། ད་ལྟ་འབྱུང་མུས་ཡིན་པའི་གནས་ཚུལ་དེ་དག་ལ་རྒྱུས་ལོན་བྱས་ནས་ཨོ་གླིང་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པར་གནས་ཚུལ་ཞུས་ཡོད་པ་མ་ཟད། མུ་མཐུད་དུ་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་བྱུང་།

གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རོ་སི་ཁེ་རེ་ཇི་ལགས་སྐུའི་གོ་སྟོན་གྱི་མཛད་སྒོར་བཅར་སྐབས། པར་ཀླུ་འབུམ་ཐར་གྱིས་འདི་གར་མཁོ་སྤྲོད་གནང་།

འདི་ལོར་འཛམ་གླིང་ས་ཕྱོགས་གང་སར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། གནས་མཁར་གསར་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་རོ་སི་ལགས་འདི་ལོའི་གནས་མཁར་གསར་ས་གནས་ཀྱི་༧སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཏེ། ཨོ་གླིང་གི་རྒྱལ་ཁབ་དེ་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཅིག་དང་། འཛམ་གླིང་གི་སྣ་མང་རིག་གཞུང་ཅན་གྱི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཨོ་གླིང་གཞུང་གིས་མི་རིགས་རང་རང་གི་རིག་གཞུང་དང་ཡིག་སྐད་སོགས་གཅེས་སྐྱོང་བྱ་རྒྱུར་རོགས་འདེགས་གནང་མུས་ཡིན་པའི་སྐོར་དང་། ཕྱི་ལོ་ ༡༩༨༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་མ་ཟད། ༧མགོན་པོ་གང་ཉིད་ཀྱིས་ད་བར་བྱམས་སྙིང་རྗེ་དང་། འཚེ་བ་མེད་པའི་ཐད་ལ་ལམ་སྟོན་གནང་གི་ཡོད་པས། སྐུ་ཞབས་ཁོང་ཉིད་ཀྱང་༧གོང་ས་རྒྱལ་བ་་རིན་པོ་ཆེ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་སྐོར་སོགས་གསུངས་ཡོད་འདུག

རྒྱ་ནག་གཞུང་གིས་ཆབ་སྲིད་ཙམ་མིན་པར་རྒྱལ་ཁབ་གཞན་དང་ཚོང་དོན་གྱི་འབྲེལ་ལམ་འཛུགས་སྐབས། རྒྱལ་ཁབ་སོ་སོར་གནས་སྡོད་བྱེད་མུས་ཡིན་པའི་བོད་མིའི་བདེ་དོན་དང་། འཚོ་བ་སོགས་ལ་ཐེ་ཇུས་བྱས་ཏེ། རྒྱལ་མཚམས་ལས་བརྒལ་ནས་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་། འགྲོ་འདུག་སོགས་ལ་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་ལ། ཕྱི་ལོ ༢༠༢༣ ལོའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོ་ལྟར་ན།  རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་གཙོས་སྐྱབས་བཅོལ་བ་དག་གི་བདེ་འཇགས་དང་། འཚོ་གནས་སོགས་ཀྱི་ཐད་ལ་ལྟ་རྟོག་དང་སོ་མྱུལ་བྱེད་ཀྱི་ཡོད་པ་མ་ཟད། ལྐོག་རྔན་སྤྲད་ནས་སྐྱབས་བཅོལ་མི་མང་དམར་གསོད་གཏོང་བ་དང་འཇིགས་སྐུལ་བྱས་པའི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་མུས་ཡིན་འདུག་ལ། རྒྱ་ནག་ནི་འདས་པའི་མི་ལོ་བཅུའི་ནང་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མཁན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese