མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་༧སྐུའི་གོ་སྟོན་སྐབས་རྒྱ་ནག་གཞུང་གིས་ཆེད་གཉེར་ནེག་སི་སི་ཡིས་༧གོང་ས་མཆོག་གི་མཚན་ཐོག་ནས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིའི་དྲ་གནས་ཁག་ཏུ་སིམ་འཛུལ་བྱས་ཏེ་གནས་ཚུལ་རིགས་རྐུ་འཁྱེར་བྱས་ཡོད་པའི་གནས་ཚུལ་ཐོན།

དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།

ཁ་སང་ཕྱི་ཚེས ༢༤ ཉིན་དྲ་ལམ་འཇབ་རྒོལ་སྐོར་གྱི་ཞིབ་འཇུག་གསར་འགྱུར་དྲ་བ་(The Hacker News)ཡིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། རྒྱ་ནག་ནེག་སི་སི་ (China-nexus cyber ) ཡིས་༧གོང་ས་རྒྱལ་བ་རིན་པོ་ཆ་ེམཆོག་གི་མཚན་ཐོག་ནས་མཉེན་ཆས་རྫུན་མ་བཟོས་ཏེ། བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་གི་ལས་དོན་ལ་གསང་བའི་མྱུལ་ཞིབ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་དྲ་ལམ་བདེ་འཇགས་ཀྱི་ཆེད་མཁས་པ་དང་ཉམས་ཞིབ་པ་སུལ་གྷིབ་སིང་( Sudeep Singh) ལགས་ཀྱིས། དྲ་ལམ་ནས་གསང་བའི་འཇབ་རྒོལ་བྱེད་མཁན་དེ་དག་གིས། ནད་འབུ་ཅན་གྱི་དྲ་ཐག་བརྒྱུད་ནས་ཁྲིམས་མཐུན་གྱི་དྲ་ཚིགས་ཁག་ཏུ་སིམ་འཛུལ་བྱས་ཏེ། སིམ་འཛུལ་བྱས་ཟིན་པའི་དྲ་ལམ་ཁག་ཏུ་(Gh0st RAT) ཟེར་བ་དང་། PhantomNet (aka SManager) སོགས་ནང་འཇུག་བྱས་ཏེ། དྲ་ལམ་ནས་འཇབ་རྒོལ་དང་ཚོགས་སྒེར་ཁག་གི་ལས་དོན་ལ་གསང་ཉུལ་བྱས་ཡོད་སྐོར་སོགས་བརྗོོད་འདུག

དེ་བཞིན་གནས་ཚུལ་དེའི་ནང་གསར་དུ་ཤེས་རྟོགས་བྱུང་བའི་འཇབ་རྒོལ་ཞིག་ནི་ཉེ་ལམ་༧སྐུའི་གོ་སྟོན་སྐབས་tibetfund[.]org/90thbirthday” ཞེས་པའི་འབྲེལ་ཐག་དེ་ (“thedalailama90.niccenter[.]net”) བརྗེ་བསྒྱུར་བྱས་ནས་སིམ་འཛུལ་བྱས་ཡོད་པ་མ་ཟད། ཐོག་མའི་དྲ་ངོས་དེར་ཏཱ་ལའི་བླ་མར་འཕྲིན་ཡིག་ཕྲིས་ཞེས་པར་གསང་འཕྲིན་བསྐུར་སའི་གདམ་ཀ་ཞིག་བསྣན་ནས། གསང་བའི་ངང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་དང་མི་སྒེར་གྱི་གནས་ཚུལ་རིགས་རྐུ་འཁྱེར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། དྲ་ལམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་དང་འབྲེལ་བའི་གནས་ཚུལ་ཁག་ལ་ལོག་འགྲེལ་མང་པོ་བྱེད་ཐབས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་དུས་ནས་དུས་སུ་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་དྲ་རྒྱ་སོགས་སུ་སིམ་འཛུལ་སོགས་བྱེད་ཐབས་ལ་འབད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ནས་ ༢༠༢༤ ཟླ ༨ བར་རྒྱ་ནག་གཞུང་གིས་དྲ་ལམ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་རྐུ་ཁྱེར་བྱས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། དེ་སྔོན་ཝ་ཚི་ཨབ་(whatapp) བརྒྱུད་ནས་དྲ་ཐག་ཅིག་འགྲེམས་སྤེལ་བྱས་པ་བརྒྱུད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་། དགའ་ལྡན་ཕོ་བྲང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ལམ་སོགས་སུ་སིམ་འཛུལ་བྱས་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ལོར་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་དྲ་ལམ་ཁག་ཏུ་དྲ་འབུས་སིམ་འཛུལ་བྱས་ཏེ། འདི་གའི་གསར་ཁང་གི་མིང་ཐོག་ནས་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་གང་བྱུང་འཕྲིན་ཡིག་བསྐུར་བའི་གནས་ཚུལ་ཐོན་ཡོད་པ་མ་ཟད། གསར་ཁང་གིས་ཆེད་གཉེར་ངོ་དེབ་ཏུའང་རྒྱ་ནག་གཞུང་དང་འབྲེལ་བའི་གསར་འགྱུར་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཡིན་པའི་གནས་ཚུལ་རིགས་སྤེལ་རྗེས། གང་བྱུང་ནག་གསུབ་བཏང་བའི་གནས་ཚུལ་ཐེངས་མང་བྱུང་སོང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese