མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་ས་ཡོམ་གྱི་འཇིག་པ་ལས་གཡོལ་སླད་ང་ཚོས་ཆེད་ལས་རང་བཞིན་ཅན་གྱི་མི་སྣས་ཆེད་འཛུགས་བྱས་པའི་ཁང་པ་བཟོ་སྐྲུན་དང་ཁང་པ་རྙིང་པ་དག་ལ་ཀ་བ་གསར་འཛུགས་དང་ཇེ་བརྟན་བསྐྲུན་ཐབས་བྱ་དགོས་སྐོར་སོགས་བརྗོད་བྱུང་།

ཕྱི་རྒྱལ་གྱི་ཉམས་ཞིབ་པས་དྷ་སམ་ཁུལ་གྱི་ས་ཡོམ་དང་ཁང་པའི་འཛུགས་སྐྲུན་སྐོར་གཏམ་བཤད་གནང་། ༢༠༢༥།༠༧།༢༥ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་སྙན་གྲགས་བཟོ་བཀོད་ཁང་ (Studio Nyandak) དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་ཐོག དཔེ་མཛོད་ཁང་གི་ཚོགས་ཁང་དུ། དྷ་རམ་ས་ལའི་ས་ཡོམ་སྐོར་ཉམས་ཞིབ་གནང་བའི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་དྷ་སར་ཡོད་པའི་སྙན་གྲགས་བཟོ་བཀོད་ཁང་གི་ཨར་ལས་འཛུགས་སྐྲུན་འཆར་འགོད་པ་བདེ་ཆེན་མཚོ་རྒྱལ་ལགས་དང་། ཨར་ལས་འཛུགས་སྐྲུན་འཆར་འགོད་པ་བསྟན་འཛིན་ཆོས་དབྱངས་ལགས། ནེའུ་ཡོག་ཏུ་ཡོད་པའི་ཨར་ལས་འཛུགས་སྐྲུན་འཆར་འགོད་པ་པཱོལ་ (Paul Laroque) ལགས། ཁང་བཟོའི་འཆར་འགོད་པ་མཱ་རི་ཡ་ཊ་ (Marieta Núñez García) ལགས། ཉམས་ཞིབ་པ་དང་འབུམ་རམས་པ་ཇཱ་ཝི་ཡར་ (Dr. Javier Ortega Heras) ལགས། སྙན་གྲགས་བཟོ་བཀོད་ཁང་གསར་འཛུགས་གནང་མཁན་བསྟན་འཛིན་སྙན་གྲགས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བཟོ་བཀོད་ཁང་གི་ལས་བྱེད་དང་དོ་དབྱིངས་ཅན་གྱི་མི་མང་བཅས་འཛོམས་འདུག

དྷ་ས་ཁུལ་དུ་ས་ཡོམ་གྱི་འཇིག་པ་ཡོང་ཉེན་ཡོད་པའི་གནད་དོན་དང་འབྲེལ་ནས་བདེ་ཆེན་མཚོ་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༡༩༠༥ ལོར་དྷ་སའི་ཉེ་འདབས་སུ་ཆགས་པའི་ཀང་རཱ་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། ད་བར་དྷ་སའི་ཁུལ་དུ་ཚད་རིམ་ཉུང་བའི་ས་ཡོམ་ཁག་ཅིག་བྱུང་དང་འབྱུང་མུས་ཡིན་ཡང་། ཀང་རཱར་བྱུང་བའི་ས་ཡོམ་གྱི་གོད་ཆག་བཞིན་བྱུང་མེད། འོན་ཀྱང་། ས་ཁམས་ཆེད་མཁས་པ་མང་པོ་ཞིག་གིས་འབྱུང་འགྱུར་མི་ལོ་ ༥༠ ནས་ ༡༠༠ བར་དྷ་སའི་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་སྟབས། ང་ཚོས་ས་ཡོམ་གྱི་གོད་ཆག་ལས་གཡོལ་སླད་སྔོན་ཚུད་ནས་དོགས་གཟོན་དང་། དྷ་ས་ནི་གཡང་གཟར་གྱི་ས་ཁུལ་ཞིག་ཡིན་པ་མ་ཟད། འདིར་འཛུགས་སྐྲུན་བྱས་པའི་ཁང་རྩེག་མང་པོ་ཞིག་ནི་ཨར་འདམ་གྱིས་བཟོས་པ་ཡིན་སྟབས་ས་ཡོམ་གྱི་འཇིག་པ་ཤུགས་ཆེན་ཡོང་ཉེན་ཡོད་པས། ང་ཚོས་ས་ཡོམ་གྱི་འཇིག་པ་དེ་དག་ལས་གཡོལ་སླད། ཆེད་ལས་རང་བཞིན་ཅན་གྱི་མི་སྣས་ཆེད་འཛུགས་བྱས་པའི་ཁང་པ་བཟོ་སྐྲུན་དང་། ཁང་པ་རྙིང་པ་དག་ལ་ཀ་བ་གསར་འཛུགས་དང་། ཇེ་བརྟན། སྲ་བརྟན་འཛུགས་ཐབས་བྱ་དགོས་སྐོར་སོགས་བརྗོད་བྱུང་།

ཉམས་ཞིབ་པ་བདེ་ཆེན་མཚོ་རྒྱལ་ལགས་ཀྱིས་དྷ་སའི་ས་ཡོམ་ཉེན་གནས་དང་འབྲེལ་བའི་གཏམ་བཤད་གནང་། ༠༥།༠༧།༢༥ དུས་བབ་ཀྱི་པར།

སྙན་གྲགས་བཟོ་བཀོད་ཁང་གི་ལས་བྱེད་ཨར་ལས་འཛུགས་སྐྲུན་འཆར་འགོད་པ་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས། དེ་རིང་ང་ཚོའི་བརྗོད་གཞི་འདི་གཙོ་བོ་དྷ་རམ་ས་ལའི་ས་ཡོམ་གྱི་འགོག་ཤུགས་(Seismic Resilience in Dharamsala) ཀྱི་སྐོར་ལ་རེད། དྷ་རམ་ས་ལར་འདི་ཕྱི་ལོ་ ༡༩༠༥ ལོར་ས་ཡོམ་ཆེན་པོ་ཞིག་བརྒྱབ་པ་རེད། དེ་ལ་ང་ཚོས་སྔོན་དཔགས་བྱས་ནས་ལོ་བརྒྱ་དང་གཉིས་བརྒྱ་བར་ས་ཡོམ་ཤུགས་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཁ་ཆེན་པོ་ཡོད། དེ་འདྲ་ཡིན་དུས་ང་རང་ཚོ་རང་ངོས་ནས་གྲ་སྒྲིག་བྱ་རྒྱུ་དེ་ང་ཚོའི་ལས་འགན་རེད། དེ་ལ་ང་ཚོས་གོ་རྟོགས་ཀྱི་ལས་རིམ་སྤེལ་བ་དང་ང་ཚོ་གནས་སྡོད་བྱེད་པའི་ཁང་པ་ལ་བསྐྱར་བཟོ་བྱེད་ཐུབ་ཀྱི་རེད། ང་ཚོར་ཁང་པའི་བཟོ་བཀོད་མི་འདྲ་བ་མང་པོ་ཡོད་པ་ལྟར། ཀ་བ་དང་གདུང་མ་ལའང་ས་ཕག་དང་ཤིང་སོགས་རྒྱུ་ཆ་འདྲ་མིན་གྱིས་བཟོས་པ་ཡོད་པར་བརྟེན། རྒྱུ་ཆ་དེ་དག་ལ་བསྐྱར་བཟོའི་ཐབས་ལམ་མང་པོ་ཡོད། ཅེས་དང་། ཁང་པའི་བཟོ་བཀོད་དེ་ས་ཡོམ་གྱི་ཉེན་ཁ་ལས་གཡོལ་ཐབས་སུ་ཐབས་ལམ་མི་འདྲ་བ་མང་པོ་ཡོད་པ་ལྟར་གཅིག་ (Rapid visual screening method) རེད། དཔེར་ན་ང་ཚོས་ཁང་པ་གཅིག་བརྟན་པོ་ཡོད་མེད་བལྟ་ན། ཧ་ལས་པ་ཁག་པོ་དང་དུས་ཚོད་མང་པོ་དང་འགྲོ་སོང་མང་པོ་འགྲོ་ཡི་རེད། དེའི་ཚབ་ལ་ང་ཚོས་དེའི་ཐོག་ཏོག་ཙམ་ཤེས་མཁན་ཞིག་བཙལ་ན་(Rapid visual screening method) བྱེད་ཀྱི་རེད། འདི་ལོར་ང་ཚོས་བོད་ཁྱིམ་སློབ་གྲྭ་ལ་ཁང་པ་བཞི་བཅུ་ལྷག་ཞིབ་བཤེར་བྱས་རེད། དེ་ལ་ང་ཚོས་(Rapid visual screening method) བྱེད་ནས་ཁང་པ་གང་ཉེན་ཁ་ཡོད་པ་དང་གང་མེད་པ་རྣམས་ཤེས་རྟོགས་བྱུང་རེད། ཅེས་བརྗོད་བྱུང་།

ཉམས་ཞིབ་པ་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་དྷ་སའི་ས་ཡོམ་ཉེན་གནས་དང་འབྲེལ་བའི་གཏམ་བཤད་གནང་། ༠༥།༠༧།༢༥ དུས་བབ་ཀྱི་པར།

ཨ་རི་ཕེ་ཌལ་མཐོ་སློབ་ (Pratt   Institute school of Architecture)དགེ་རྒན་ཆེན་མོ་པོལ་ལ་རོ་ཁི་(Paul Laroque) ལགས་ཀྱིས། བརྟན་ལྷིང་ཅན་གྱི་ཁང་པའི་བཟོ་བཀོད་དང་། འཛུགས་སྐྲུན་གྱི་རྩ་བའི་རྨང་གཞི། ས་ཡོམ་གྱི་གནས་སྟངས་ལ་ཁང་པའི་བཟོ་སྐྲུན་ཇི་ལྟར་བྱེད་དགོས་པའི་རྒྱབ་ལྗོངས་ཀྱི་གལ་གནད་ཁག་ངོ་སྤྲོད་གནང་བ་མ་ཟད།  རྒྱ་གར་དྷ་རམ་ས་ལ་ཁུལ་གྱི་ཁྱབ་ཆེ་བའི་འཛུགས་སྐྲུན་བཟོ་བཀོད་ཀྱི་རིགས་དང་། རྡོའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ནས་ས་ཡོམ་གནས་སྟངས་ཇི་ལྟར་གདོང་ལེན་བྱེད་ཕྱོགས། དེ་བཞིན་ས་ཡོམ་གྱི་ཤུགས་རྐྱེན་གྱིས་ཁང་པའི་འཛུགས་སྐྲུན་བཟོ་བཀོད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་འགྲེལ་བཤད་དང་དྲི་བ་དྲིས་ལན་གནང་སོང་།

ཡུ་རོབ་རྒྱལ་ཁབ་སི་པན་ནས་ཡིན་པའི་འབུམ་རམས་པ་ཧ་ཝ་ཡར་འོ་ཊི་གྷ་ཧེ་ར་སི་ (Javier Ortega Heras) ལགས་ཀྱིས། ས་ཡོམ་གྱི་གོད་ཆག་ཁྲོད་ཉེན་ཁ་ཆེ་ཞིང་ཁང་པའི་བཟོ་བཀོད་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་མེད་པའི་གནས་སྟངས་སྐོར་ལ་གཏམ་བཤད་གནང་སྐབས། ཁང་པ་ཚང་མར་ས་ཡོམ་བྱུང་སྐབས་ཉེན་ཁ་ཡོད་ཀྱང་། ད་ལྟ་ང་ཚོས་རྗོད་ཀྱིན་པ་ནི་ཁང་པ་བཟོ་སྐྲུན་གྱི་རྒྱུ་ཆའི་སྐོར་ཡིན། དམིགས་བསལ་ཁང་པ་འཛུགས་སྐྲུན་བྱེད་སྐབས་བདེ་འཇགས་སྲུང་སྐྱོབ་ཀྱི་འཆར་འགོད་མེད་པ་དེས་ས་ཡོམ་སྐབས་ཁང་པར་རྡིབ་སྐྱོན་འབྱུང་བའི་ཉེན་ཁ་ཆེ་བ་ཡོད། དྷ་རམ་ས་ལ་ནི་ས་ཡོམ་གྱི་གོད་ཆག་ཁྲོད་ཉེན་ཁ་ཆེ་བའི་ས་ཁུལ་ཞིག་ཡིན། ཁང་པ་འཛུགས་སྐྲུན་བྱེད་པར་ས་ཡོམ་གྱི་གནོད་འགོག་དང་འཛུགས་སྐྲུན་བསྐྱར་བཅོས་ཀྱི་རིམ་པ་གཉིས་ཡོད། འདས་པའི་ལོ་རྒྱུས་ནང་མང་པོ་ཞིག་གིས་ས་ཡོམ་སྔོན་འགོག་བྱེད་ཐབས་འདི་དག་བེད་སྤྱོད་བྱེད་ཀྱི་མེད། འོན་ཀྱང་། ས་ཡོམ་མང་པོ་རྒྱག་སུའི་ཁུལ་དུ་གནའ་བོའི་ས་ཡོམ་སྔོན་འགོག་གི་བྱེད་ཐབས་སྤྱོད་ཀྱི་ཡོད། ཁོ་ཚོས་ཁང་པའི་བཟོ་བཀོད་གང་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་མེད་ལ་བལྟས་ཏེ། གནོད་སྐྱོན་ཆུང་བའི་ཁང་པའི་བཟོ་བཀོད་རིགས་བེད་སྤྱོད་མང་པོ་གཏོང་གི་ཡོད། ང་ཚོ་མང་པོ་ཞིག་གིས་ས་ཡོམ་ཁྲོད་ཁང་པར་གཏོར་སྐྱོན་ཐེབས་རྗེས་འཛུགས་སྐྲུན་བསྐྱར་བཅོས་བྱེད་ཀྱི་ཡོད། འོན་ཀྱང་། ས་ཡོམ་ནི་དུས་རྒྱུན་དུ་འབྱུང་གི་མེད་པས། ང་ཚོ་མང་པོ་ཞིག་གིས་ས་ཡོམ་གྱི་ཉེན་གཡོལ་ཆེད་ཁང་པའི་བཟོ་བཀོད་དང་རྒྱུ་ཆར་དོ་སྣང་བྱ་རྒྱུ་བརྗེད་འགྲོ་ཡི་ཡོད། དེར་བརྟེན། ས་ཡོམ་དང་འབྲེལ་ནས་ཁང་པའི་བཟོ་བཀོད་དང་འཛུགས་སྐྲུན་གྱི་རྒྱུ་ཆ་སོགས་ནི་ང་ཚོའི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པས་གལ་ཆེན་ཡིན་ཞེས་བརྗོད་སོང་།

ཕྱི་རྒྱལ་གྱི་ཉམས་ཞིབ་པས་དྷ་སམ་ཁུལ་གྱི་ས་ཡོམ་དང་ཁང་པའི་འཛུགས་སྐྲུན་སྐོར་གཏམ་བཤད་གནང་། ༢༠༢༥།༠༧།༢༥ བོད་ཀྱི་དུས་བབ་ཀྱི་པར།

FENEC ཁང་བཟོ་འཆར་བཀོད་བཟོ་རིག་པ་ (Architectural Engineer) མ་རི་ཊ་ནུ་ནེ་སི་ (Marieta Núñez García) ལགས་ཀྱིས། ཤིང་གི་བཟོ་བཀོད་ལ་ལས་ཀ་བྱེད་པའི་ཁྱད་ཆོས་དང་། ས་གནས་ཀྱི་ཤུལ་བཞག་རིག་གནས་ལ་ས་གནས་ཀྱི་ཤིང་བཟོའི་གལ་གནད། དེ་དག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་སྐོར་འགྲེལ་བཤད་གནང་སོང་། དེ་བཞིན་ད་ལྟའི་ཤིང་བཟོའི་བཟོ་བཀོད་ས་གནས་དེ་གའི་དངོས་པོའི་ཁྱད་ཆོས་སྟོན་པའི་ཆེད་དུ་གཏོར་བརླག་མི་བྱེད་པའི་ཚོད་ལྟའི་ཐབས་ལམ་མི་འདྲ་བ་སྟོན་གྱི་ཡོད་སྐོར་སོགས་བརྗོད་སོང་།

བློ་བཟང་སྒྲོལ་མ། བསྟན་འཛིན་ཉི་སྒྲོན། གསར་འགོད་པ་བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese