མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་ཁྱབ་བསྒྲགས་བྱས་རྐྱེན་དགེ་འདུན་པ་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རྔ་བ་རྫོང་ཨ་འདུས་སྡེ་བའི་གླུ་བ་དཔལ་ཆུང་ལགས་དང་ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོ་ལགས་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

གླུ་བ་དཔལ་ཆུང་ལགས།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་གོ་སྟོན་སྐབས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྟོད་གླུ་བླངས་བའི་ཉེས་མིང་འོག བོད་ཀྱི་ན་གཞོན་གླུ་བ་ཨ་སངས་ལགས་ཀྱི་གྲོགས་པོ་ན་གཞོན་གླུ་བ་དཔལ་ཆུང་ལགས་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་། ད་ལྟའི་ཆར་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་གི་ཁྱིམ་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་འདུག

གླུ་བ་དཔལ་ཆུང་ལགས་ནི་བོད་རྔ་བ་རྫོང་ཨ་འདུས་སྡེ་བ་ནས་ཡིན་ཞིང་། དམིགས་བསལ་གྱིས་མིང་གྲགས་ཅན་དེ་འདྲ་མིན་ཡང་ཉེ་སྔོན་ན་གཞོན་གླུ་བ་ཨ་སངས་ལགས་མཉམ་དུ་ཞི་བདེའི་རྒྱལ་སྲས་ཞེས་པའི་བསྟོད་གླུ་དེ་བསྐྱར་ལེན་བྱས་རྗེས། རྒྱ་ནག་གཞུང་གིས་ཁོང་གཉིས་ཀ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། གླུ་བ་དཔལ་ཆུང་ལགས་ཀྱིས་གཉེན་སྒྲིག་བྱས་ཏེ་ལོ་གསུམ་ལྷག་ཕྱིན་ཡོད་པ་མ་ཟད། ཁོང་བཟའ་ཟླ་གཉིས་ལ་རང་ལོ་གསུམ་ཙམ་ཡིན་པའི་བུ་ཞིག་ཀྱང་ཡོད་འདུག

རྔ་བ་རྫོང་ཨ་འདུས་དགོན་པ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

གཞན་ཡང་། ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོ་ལགས་ཀྱིས་༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག འདི་ལོའི་༧སྐུའི་གོ་སྟོན་གྱི་སྐབས་ཏེ་ཕྱི་ཟླ་ ༧ ཚེས་ ༡ ཡས་མས་སུ། རྒྱ་ནག་ཉེན་རྟོག་པས་གློ་བུར་དུ་དགོན་པ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་བཞི་ཙམ་འགྲོ་བཞིན་ཡོད་ཀྱང་། ཁོང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གླུ་བ་ཨ་སངས་དང་དཔལ་ཆུང་ལགས།

དགེ་འདུན་པ་ཚེ་དབང་དོན་གོ་ལགས་རྔ་བ་ཨ་འདུས་སྡེ་བ་ནས་ཡིན་ཞིང་། ཆུང་དུས་ནས་ཨ་འདུས་དགོན་པར་ཆོས་ཞུགས་བྱས་ཏེ། ད་ལྟ་དབུ་མའི་འཛིན་གྲྭའི་ནང་སློབ་གཉེར་བྱེད་ཀྱི་ཡོད་འདུག

གླུ་བ་ཨ་སངས་ལགས་དང་དཔལ་ཆུང་ལགས་གཉིས་ཀྱིས་བསྐྱར་ལེན་བྱས་པའི་གླུ་གཞས་ཞི་བདེའི་རྒྱལ་སྲས་ཞེས་པ་དེའི་ནང་དུ། ལང་ཚོ་ཨ་མདོ་ནས་འཁྲུངས་ཤིང་།། ཞབས་བརྗེ་དབུས་གཙང་ལ་བཀོད་པ།། མཛད་འཕྲིན་འཕགས་ཡུལ་ནས་རྒྱས་པའི།། ཞི་བདེའི་རྒྱལ་སྲས་ཁྱེད་དྲན་ཀི། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ།། སྟག་གཟིག་ཝ་སྲམ་གྱི་ཤོམ་ལྭ།།  ཆོས་ལྡན་མི་རིགས་འདིར་མི་མཛའ།། གསུངས་པའི་བཀའ་སློབ་ཀྱང་དྲན་ཀི། ཁྱེད་ནི་མགོ་ཐོག་གི་ཉི་མ།། ཁྱེད་ནི་སེམས་ནང་གི་ཕ་མ།། ཁྱེད་ནི་བྱམས་ལྡན་གྱི་བླ་མ།། ཁྱེད་ཉིད་བརྗེད་ཐབས་ཤིག་མི་འདུག། ཅེས་པའི་གླུ་གཞས་དེ་བོད་ཕྱི་ནང་གཉིས་སུ་ཤུགས་ཆེན་ཁྱབ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese