མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚེ་མེད་ཞི་བདེ་དང་། བྱམས་བརྩེ། འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་རླབས་ཆེན་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་དུ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བྷ་ར་ཏི་རཱ་ཏ་ན་དབུལ་ཐུབ་ན་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་རྒྱུ་ཡིན་སྐོར་གསུངས།

རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་ནས་༧གོང་ས་མཆོག་གི་འཚེ་མེད་ཞི་བའི་རླབས་ཆེན་གྱི་མཛད་པར་ཆེ་བསྟོད་སླད་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དབུལ་དགོས་པའི་འབོད་སྐུལ་གནང་། ༢༠༢༥།༠༧།༣༠ ཐད་གཏོང་གི་དྲ་ངོས་པར།

ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་ཉིན་རྒྱབ་ཀྱི་གྲོས་ཚོགས་ནང་དུ། ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏ་ཕིར་གྷའོ་མཆོག་གིས། ད་ལྟ་༧གོང་ས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་ཡོད་ཅིང་། ནཱ་ལེནྜ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་ལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་ལུགས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐེ་ཇུས་བྱེད་ཀྱི་ཡོད་ལ། མ་འོངས་པར་རྒྱ་ནག་དམར་ཤོག་གཞུང་གིས་སྐུ་འཕྲེང་བཅོ་ལྔ་པ་ཞིག་ངོས་འཛིན་ཞུ་ཡི་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༩༠ ལ་ཕེབས་རྗེས་དྲི་བ་ཞིག་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ནཱ་ལེནྜ་དང་བོད་བརྒྱུད་ནང་བསྟན་ཙམ་མིན་པར། འཛམ་གླིང་གི་ནང་པ་ཡོངས་ཀྱི་མཚོན་དོན་ཉག་ཅིག་རེད། ངས་རྒྱ་གར་གཞུང་ལ་རེ་སྐུལ་ཞིག་ཞུ་རྒྱུར། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཚེ་མེད་ཞི་བདེ་དང་ཞི་བ། བྱམས་བརྩེའི་ཕོ་ཉ་ཞིག་རེད། རྒྱ་གར་ནི་འཚེ་མེད་ཞི་བའི་གནས་མཆོག་ཅིག་ཡིན་པར་བརྟེན།  ༧གོང་ས་ཏཱ་ལའི་བླ་མ་གང་ཉིད་ནས་འཚེ་མེད་ཞི་བདེ་དང་། བྱམས་བརྩེ། འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་རླབས་ཆེན་གྱི་མཛད་པ་སྐྱོང་བཞིན་པར་ངོས་འཛིན་སླད་བྷ་ར་ཏི་རཱ་ཏ་ན་དབུལ་དགོས། ཞེས་གསུངས་འདུག

དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་སྐུ་ཞབས་ཏ་ཕིར་གྷའོ་མཆོག་གིས། རྒྱ་གར་གཞུང་གིས་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ལ་གཞུང་འབྲེལ་ངོས་འཛིན་ཞུ་དགོས་པ་དང་། འཛམ་གླིང་ཁྱོན་ཡོངས་སུ་༧མགོན་པོ་གང་ཉིད་མཆོག་ནས་འཚེ་མེད་ཞི་བའི་ལམ་དང་བྱམས་བརྩེའི་བཀའ་སློབ་སྩལ་གྱི་ཡོད་སྟབས། རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བྷ་ར་ཏི་རཱ་ཏ་ནཱ་དབུལ་དགོས་སྐོར་དང་།   རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་༧གོང་ས་སྐུ་འཕྲེང་བཅོ་ལྔ་པ་བསྐོ་གཞག་བྱ་རྒྱུའི་ཐག་གཅོད་བྱས་ཡོད། གལ་ཏེ་༧གོང་ས་མཆོག་སྐུ་འཚོ་བཞུགས་མ་གནང་བ་ཡིན་ན། བཙན་བྱོལ་དུ་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ལྟར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་གི་རེད། དེ་བཞིན། ད་ལྟ་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་བསྐོ་གཞག་བྱ་རྒྱུར་གྲ་སྒྲིག་བྱེད་མུས་ཡིན་སྟབས།  རྒྱ་གར་གཞུང་ནས་༧སྐུའི་ཡང་སྲིད་ཐད་ཐག་གཅོད་ཅིག་གང་མགྱོགས་བླང་དགོས། ཞེས་གསུངས་འདུག

ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦

ཕྱི་ལོ་ ༢༠༢༢ ཟླ་ ༨ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༠ ཡིས་མགྲིན་གཅིག་གི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བྷ་ར་ཏི་རཱ་ཏ་ན་ (Bharat Ratna) དབུལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་བྷི་རྗེ་པི་ (BJP) ཆབ་སྲིད་ཚོགས་པའི་སྣེ་ཁྲིད་པ་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་དང་། གནད་ཡོད་མི་སྣ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་དང་ཁག་ཅིག་གི་གྲོས་ཆོད་གཏན་འབེབས་བྱས་ཏེ་འབོད་སྐུལ་ཞུས་འདུག

བྷ་ར་ཏི་རཱ་ཏ་ན་ཞེས་པའི་གཟེངས་རྟགས་དེ། ཕྱི་ལོ་ ༡༩༩༠ ལོར་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཱན་ཌེལ་ལཱ་ (Nelson Mandela) དང་། ཕྱི་ལོ་ ༡༩༨༧ ལོའི་རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན (Khan Abdul Ghaffar Khan)། དེ་བཞིན་ཕྱི་ལོ་ ༡༩༨༠ ལོའི་ཡི་ཤུ་ཨ་མ་ཊི་རེ་སཱ་མཆོག་དང་། སྲིད་བློན་དམ་པ་ནེ་རུ་མཆོག་བཅས་མི་སྣ་གྲགས་ཅན་ ༥༣ ཙམ་ལ་ཕུལ་འདུག་ལ། དེ་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས་ཤིག་དང་། དམིགས་བསལ་ཞབས་ཞུ་བ་དང་ཆེས་མཐོའི་བྱ་གཞག་སྒྲུབ་མཁན། ཕོ་མོ་དང་མི་རིགས་དབྱེ་འབྱེད་མེད་པར་བྱ་བཞག་སྒྲུབ་མཁན། རིག་གཞུང་དང་ཚན་རིག་ཐོག་ལ་བྱས་རྗེས་ཅན། མི་མང་ཞབས་འདེགས་ཞུ་མཁན་དག་ལ་འབུལ་སྲོལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༨ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese