མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་མ་ཧཱ་ར་ཤི་ཌི་ར་དང་།  ཨོ་ཌི་ཤཱ། ཆ་དྷི་སི་གྷར།   ཨུ་ཏ་ར་ཁན་ཌི། ཨུ་ཌར་པར་རྡེ་ཤི་མངའ་སྡེ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

སྲིད་སྐྱོང་མཆོག་གིས་བྷན་ཌཱ་རཱ་ནོར་རྒྱས་གླིང་གཞིས་ཆགས་སུ་འཚམས་གཟིགས་གནང་བཞིན་པ། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་མ་ཧཱ་ར་ཤི་ཏྲ་མངའ་སྡེའི་ནཱག་པུར་གྲོང་ཁྱེར་གྱི་གནམ་ཐང་དུ་ཕེབས་འབྱོར་སྐབས། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པར་༸གོང་ས་རྒྱལ་བ་རིན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་སྐོར་གྱི་བཅར་འདྲི་དང་ལེན་གནང་ཡོད་འདུག

དེ་ནས་ནཱག་པུར་གྲོང་ཁྱེར་ནས་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཕེབས་སྐབས། སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་(Rashtriya Swayamsevak Sangh) གནད་ཡོད་མི་སྣ་ཁག་ཅིག་དང་། ནཱག་པུར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Nagpur India Tibet Support Group) ཚོགས་མི་རྣམས་དང་ཐུག་འཕྲད་གནང་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། འཕགས་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་གལ་གནད། ༸རྒྱལ་བའི་ཡང་སྲིད་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་སྩལ་བ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་སྦན་ད་ར་ནོར་རྒྱས་གླིང་གི་སེར་བྱེས་ཐེག་ཆེན་གླིང་དགོན་པ་དང་། སྔ་འགྱུར་སྒྲུབ་བརྒྱུད་ཆོས་འཕེལ་གླིང་དགོན་པར་མཆོད་མཇལ་དུ་ཕེབས་པ་དང་། དེ་བཞིན་ས་གནས་ཀྱི་བོད་མིའི་བཟོ་གྲྭ་དང་། རྒན་གསོ་ཁང་། སློབ་གྲྭ། ལས་ཁུངས་ཁག་བཅས་ཀྱི་ནང་གཟིགས་ཞིབ་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ནས་ཕྱི་ཟླ་ ༨ པའི་ཚེས་ ༡༢ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཇཱ་མུ། ལ་དྭགས། བྷན་ཌཱ་རཱ་ནོར་རྒྱས་གླིང་། ཨོ་ཌི་ཤཱ་ཕུན་ཚོགས་གླིང་། མན་སྤར་ཕན་བདེ་གླིང་། ཝཱ་རཱ་ཎ་སཱི། སྡེ་ར་ལྡུན་ཁྱབ་ཁོངས་ནེ་ནི་ཏལ་བཅས་སུ་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་དང་། དེ་བཞིན་ས་གནས་བོད་མི་རྣམས་ལ་མཇལ་འཕྲད་གནང་རྒྱུའི་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ལ་དྭགས་རྒྱལ་ས་གླེ་རུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ད་ཐེངས་རྒྱལ་ཁབ་ཅིག་གི་སྲིད་འཛིན་འདི་གར་༧མགོན་པོ་གང་ཉིད་མཆོག་ལ་མཇལ་ཁ་ཞུས་པར་བཅར་བ་དང་། ང་ཚོ་ལྷན་དུ་དུས་ཚོད་བཏང་བ་ནི་ཐོག་མ་ཆགས་ཀྱི་ཡོད། དེར་བརྟེན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་འདི་གར་དངོས་སུ་ཕེབས་འབྱོར་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་བཀའ་བློན་རྣམ་པས།  ༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་སྐུ་འཕྲེང་ ༩ པ་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་ལ་མཇལ་བཅར་ཞུས་ཏེ། རིན་པོ་ཆེ་མཆོག་ནས་བྱང་ཐང་ཆུ་མུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ མ་ཟིན་ཙམ་གསོལ་སྩལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

ཆུ་ཚོད་ ༢༤ སྔོན་ལ།
༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།
Mobile App

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

༢༠༢༥/༡༢/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོག་བཞིན་པ། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

༢༠༢༥/༡༢/༠༤
French President Emmanuel Macron meets with Chinese President Xi Jinping in 2022.
Mobile App

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་འདུག

༢༠༢༥/༡༢/༠༤
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

༢༠༢༥/༡༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese