མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་ཁག་ལ་ཞིབ་འཇུག་བྱས་ཏེ། ལྟེ་གནས་ཁང་དེ་དག་གིས་དབྱིན་ཡུལ་གྱི་སློབ་གསོ་དང་གཞི་རྩའི་སྨྲ་བརྗོད་རང་དབང་སོགས་ལ་རྡོག་རོལ་གཏོང་གི་ཡོད་ཚེ་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དྲ་ལམ་གྱི་པར།

ད་ལྟའི་ཆར་དབྱིན་ཡུལ་གྱི་ཆར་དུས་གྲོས་ཚོགས་འཚོག་བཞིན་པའི་སྐབས་འདིར། དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཡུལ་གཞུང་གིས་སྨྲ་བརྗོད་རང་དབང་གི་གནད་དོན་གྱི་འོག་ནས་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་གཙོ་བྱས་པའི་རྒྱའི་སྐད་ཡིག་དང་འབྲེལ་བའི་སློབ་གསོའི་ལྟེ་གནས་ཁང་ཁག་ལ་ཞིབ་འཇུག་བྱེད་མུས་ཡིན་པའི་ཁར། རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཆར་གྱུར་བའི་ཁུང་ཙི་ལྟེ་གནས་ཁང་ཁག་ཅིག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡའང་བཏང་འདུག

དེ་འབྲེལ་དབྱིན་ཡུལ་གཞུང་གིས་སློབ་གསོའི་སྲིད་ཇུས་གསར་བ་ཞིག་གཏན་འབེབ་བྱས་པའི་ནང་། དབྱིན་ཡུལ་གྱི་སློབ་ཆེན་ཁག་གིས་ཕྱིའི་སློབ་གསོའི་ལྟེ་གནས་ཁང་ཁག་བར་གྱི་གྲོས་མཐུན་ལ་བསྐྱར་ཞིབ་བགྱིས་ཏེ། དབྱིན་ཡུལ་གྱི་སློབ་གསོ་དང་སྨྲ་བརྗོད་རང་དབང་སོགས་བཀག་སྡོམ་བྱེད་བཞིན་པའི་ལྟེ་གནས་ཁང་དག་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞིང་། དམིགས་བསལ་གྱིས་ཕྱིའི་རོགས་དངུལ་འོག་ཡོད་པའི་རྒྱའི་ཁུང་ཙིའི་སློབ་གསོ་ལྟེ་ཁང་གིས་ལས་མིར་ལྟ་གྲུབ་དང་ལངས་ཕྱོགས་སོགས་ཀྱི་ཆ་རྐྱེན་འཇོག་གི་ཡོད་པར་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དབྱིན་ཡུལ་དང་རྒྱ་ནག་ཀུན་གསལ་ཞེས་པའི་ཚོགས་པས། རྒྱའི་སློབ་གསོའི་ལྟེ་གནས་ཁང་ཁག་ཏུ་ལས་ཀ་བྱེད་པར་ཐོག་མར་ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་བཟོ་དགོས་པའི་ཆ་རྐྱེན་འདོན་གྱི་ཡོད་ཅིང་། དེ་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱེད་བཞིན་ཡོད། ཅེས་དང་། དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་སློབ་གསོའི་ལྟེ་གནས་ཁང་ཁག་གིས་དབྱིན་ཡུལ་གྱི་སློབ་གསོ་དང་གཞི་རྩའི་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་ནན་བརྗོད་བྱས་འདུག

གནད་དོན་དེའི་ཐད་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལན་འདེབས་གང་ཡང་བྱས་མེད་ནའང་། དབྱིན་ཡུལ་གྱི་ཤེས་ཡོན་ལྷན་ཁང་གིས། སློབ་ཆེན་དང་མཐོ་སློབ་ཁག་གིས་རྒྱལ་ཁབ་གཞན་དང་ལྷན་གྲོས་མཐུན་འཇོག་སྐབས། ཁོ་ཚོར་དབྱིན་ཡུལ་གྱི་ཁྲིམས་དང་སློབ་གསོའི་རང་དབང་གཙིགས་ཆེན་དུ་འཛིན་དགོས་པའི་ལམ་སྟོན་བྱེད་དགོས། འོན་ཀྱང་། ཁོ་ཚོས་དབྱིན་ཡུལ་གྱི་ཁྲིམས་ལུགས་གཞིར་བཟུང་བཀོད་ཁྱབ་ལག་བསྟར་བྱེད་ཐུབ་ཀྱི་མེད་ཚེ། དབྱིན་ཡུལ་གྱི་སློབ་གསོའི་སྡེ་ཁག་བར་གྲོས་མཐུན་གན་རྒྱ་འཕྲལ་དུ་མཚམས་འཇོག་བྱེད་དགོས་ལ། དམིགས་བསལ་གྱིས་ལྟ་གྲུབ་དང་ལངས་ཕྱོགས་སོགས་ཀྱི་ཆ་རྐྱེན་འཇོག་གི་ཡོད་པ་ནི་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན། ཞེས་བརྗོད་འདུག

ད་ལྟའི་ཆར་དབྱིན་ཡུལ་ནང་ཁུང་ཙིའི་སློབ་གསོ་ལྟེ་གནས་ཁང་ ༢༠ དང་རྒྱ་རིགས་སློབ་མ་ཁྱོན་ ༡༥༡༦༩༠ ཡོད་ཅིང་། དེ་དག་གིས་དབྱིན་ཡུལ་དུ་གྲགས་ཆེ་བའི་མན་ཆི་སི་ཊར (Manchester) སློབ་ཆེན་དང་(Liverpool) སློབ་ཆེན་སོགས་ཀྱི་བར་སློབ་གསོའི་གན་རྒྱ་བཞག་སྟེ། རྒྱ་སྐད་རྒྱ་ཡིག་དང་རྒྱའི་རིག་གཞུང་སློབ་ཁྲིད་ཙམ་དུ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་དམར་པོའི་ལྟ་གྲུབ་ཀྱང་རྒྱ་སྐྱེད་དང་དྲིལ་བསྒྲགས་བྱེད་བཞིན་ཡོད་ལ། ཉམས་ཞིབ་པས་རྒྱ་ནག་གི་སློབ་གསོའི་ལྟེ་གནས་ཁང་དག་ནི་དབྱིན་ཡུལ་གྱི་སློབ་གསོའི་ཁོར་ཡུག་གཏོར་བཅོམ་བྱེད་པའི་རྒྱ་ནག་གི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༣ ལོར་དབྱིན་ཇིའི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༡༧ ལོ་ནས་དབྱིན་ཇིའི་སློབ་ཆེན་ཁག་ ༨༨ ཀྱི་ནང་ནས་སློབ་ཆེན་ ༤༦ གིས་རྒྱ་ནག་གི་ལག་ནས་དབྱིན་སྒོར་པོ་ཌིན་ས་ཡ་ ༡༢༢ ནས་ ༡༥༦ བར་བླངས་ཡོད་པ་དང་། དངུལ་འབོར་དེ་དག་ལས་བརྒྱ་ཆ་ ༣༠ རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དང་འབྲེལ་བ་ཡོད་པ་ཡིན་འདུག་ལ། དབྱིན་ཡུལ་དུ་སློབ་སྦྱོང་བྱེད་པར་ཡོང་མཁན་གྱི་རྒྱའི་སློབ་མ་རྣམས་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པར་བློ་དཀར་ཡིན་པ་ཤ་སྟག་འདེམས་ཀྱི་ཡོད་ཅིང་། དེས་དབྱིན་ཡུལ་གྱི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་ཡོད་པ་མ་ཟད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་ཚབ་ལྟ་བུར་དབྱིན་ཡུལ་གྱི་སློབ་གསོའི་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་ཁྱད་གསོད་བཏང་ཡོད་སྐོར་ཐེར་འདོན་བྱས་ཡོད།

ཁུང་ཙི་ལྟེ་གནས་ཁང་ནི་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་དམར་ཤོག་ཚོགས་པའི་ལྟ་གྲུབ་ཁྱབ་སྤེལ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱ་བསྐྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་ལྟར། ཨ་རིས་རྒྱལ་སྲིད་བདེ་འཇགས་དང་སློབ་གསོའི་རང་དབང་སོགས་ལ་ཉེན་ཁ་ཆེ་བའི་ངོས་འཛིན་འོག ད་སྔ་བར་ཨ་རིར་ཡོད་པའི་ཁུང་ཙི་ལྟ་གནས་ཁང་ ༡༡༨  ལས་ ༡༠༤ སྒོ་བརྒྱབ་ཡོད་ཅིང་། དེ་བཞིན། འཇར་མན་དང་ཨོ་གླིང་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་འདས་པའི་ལོ་ཟླའི་ནང་རིམ་བཞིན་ཁུང་ཙི་ལྟེ་གནས་ཁང་མང་པོ་སྒོ་བརྒྱབ་ཡོད།  རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་ཕྱིའི་རྒྱལ་ཁབ་ ༡༦༠ ཡི་སློབ་ཆེན་དང་མཐོ་སློབ་ཁག་ནང་ཁུང་ཙི་ལྟེ་གནས་ཁང་ ༥༠༠ ལྷག་མཉམ་འབྲེལ་འཛུགས་སྐྲུན་དང་ཁུང་ཙི་སློབ་ཆུང་ཟེར་བ་ ༡༡༧༢ བཙུགས་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་ནང་སློབ་གཉེར་བ་ཁྲི་ ༩༡༦ དང་། མི་གྲངས་ཁྲི་ ༡ ལྷག་གིས་ཁུང་ཙི་རིག་གནས་ལ་དང་ལེན་བྱས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese