མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་ཊར་ཁན་གྱི་གྲོང་གསེབ་ཅིག་ལ་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་བྱུང་། 

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་རྒྱུད་ཧི་མ་ཅལ་མངའ་སྡེའི་ནང་འབྱུང་འགྱུར་ཉིན་གྲངས་འགར་དྲག་ཆར་ཤུགས་ཆེན་འབབ་རྒྱུ་ཡིན་པས་བདེ་འཇགས་ལ་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་འདུག

the before after view of an inhabitated area damaged in a flash flood triggered by a cloudburst at Dharali, in Uttarakhand’s Uttarkashi district on August 5. (Image: PTI)

ཁ་སང་ཕྱི་ཚེས་ ༥ ཉིན་གྱི་ཉིན་གུང་ཙམ་ལ་རྒྱ་གར་བྱང་རྒྱུད་ཀྱི་ཨུ་ཊར་ཁན་མངའ་སྡེའི་དྷ་ར་ལི་ (Dharali ) ཞེས་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་བའི་གྲོང་གསེབ་ཅིག་ཏུ་སྤྲིན་པ་བརྡོལ་རྐྱེན་གློ་བུར་དུ་ཆུ་ལོག་བརྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག་ལ། ཨིན་ཌི་ཊི་ཝི་(NDTV)སོགས་ཀྱིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། ད་བར་ཉུང་མཐར་མི་གྲངས་  ༤ རྐྱེན་འདས་དང་། ཉུང་མཐར་མི་གྲངས་ ༥༠ ལྷག་བོར་བརླག་ཏུ་གྱུར་ཡོད་འདུག དེ་བཞིན་གྲོང་གསེབ་དེའི་སྡོད་ཁང་ཕྱེད་ཀ་མ་ཟིན་ཙམ་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། རླངས་འཁོར་དང་། འཕྲུལ་རྟ་སོགས་ཆུ་ལོག་དང་འདམ་རུད་ཀྱིས་ཁུར་ཡོད་ཅིང་། ད་ལྟ་ཡུལ་དེར་གློག་དང་བརྡ་རྟགས་སོགས་ཀྱི་དཀའ་ངལ་དང་། གཞུང་ལམ་ཨང་ ༡༦༣ གཙོས་མངའ་སྡེ་བརྒྱད་ལ་འགྲོ་སའི་གཞུང་ལམ་དང་ཟམ་པ་ཆད་ཡོད་འདུག

ཨུ་ཊར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པུ་ཤི་ཀར་སིང་(Pushkar Singh) མཆོག་མཁའ་ལམ་བརྒྱུད་དྷ་ར་ལིར་ཕེབས་ཏེ། གནོད་འཚེ་ཐེབས་པའི་ཡུལ་མི་རྣམས་ལ་ཐུག་འཕྲད་དང་སེམས་གསོ་གནང་ཡོད་པ་མ་ཟད། གནམ་གཤིས་ཡག་པོ་མེད་པའི་ཁར། ལམ་དང་ཟམ་པ་སོགས་ཆད་པའི་དབང་གིས། གནོད་འཚེ་ཐེབས་མཁན་རྣམས་ལ་རོགས་འདེགས་བྱ་རྒྱུར་དཀའ་ངལ་ཡོད་མོད།  ད་ལྟ་གནོད་འཚེ་ཐེབས་མཁན་རྣམས་ལ་ངལ་སེལ་དང་མཐུན་རྐྱེན་སྦྱོར་སྤྲོད་རིགས་བྱས་དང་བྱེད་མུས་ཡིན་ཞེས་དང་། ཁོང་སྐུ་སྒེར་གྱི་ཨེག་སི་(X) དྲ་ལམ་སྟེང་། སྲིད་བློན་མུ་དྷི་མཆོག་གིས་ཁ་པར་བརྒྱུད། གནོད་འཚེ་ཐེབས་མཁན་རྣམས་ལ་རོགས་འདེགས་གནང་དགོས་པའི་མངག་བཅོལ་གནང་བ་བཞིན། རོགས་འདེགས་དང་ངལ་སེལ་རིགས་བྱེད་མུས་ཡིན་པས། སྲིད་བློན་མཆོག་གིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

དེ་བཞིན་ཀུ་ལུ་དང་མ་ན་ལི་ཁུལ་དུ་རྒྱུག་ཆུ་རྒྱས་པ་དང་རི་ཉིལ་ས་རུད་ཀྱི་དོན་རྐྱེན་འབྱུང་གིན་ཡོད་སྟབས། ཅན་དྷི་སྒར་ནས་མ་ན་ལི་བགྲོད་པའི་གཞུང་ལམ་འགགས་ཡོད་པ་མ་ཟད། མན་ཌི་དང་ཀུ་ལུར་བགྲོད་པའི་ལམ་བར་དུའང་ས་རུད་འབྱུང་མུས་ཡིན་པས་འགྲུལ་བ་རྣམས་ཀྱིས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་ཁོངས་དང་། ཨུ་ན། བྷི་ལ་སི་པུར་བཅས་སུ་ཉིན་བསྟུད་མར་དྲག་ཆར་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཀང་རཱ་དང་ཀུ་ལུ། མན་ཌི་སོགས་ཀྱི་གཞུང་ལམ་གྲངས་ ༢༢༦ འགགས་ཡོད་སྟབས། ཡུལ་སྐོར་བ་དང་འགྲུལ་བ་རྣམས་ལ་ཉེན་ཁ་ཧ་ཅང་ཆེ་བས་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་འདུག

འདི་ལོར་ཆར་ཞོད་ཆེ་བའི་དབང་གིས་ཕྱི་ཟླ་ ༦ ཚེས་ ༢༠ ནས་ད་བར་ཧི་མ་ཅལ་མངའ་སྡེ་གཅིག་པུའི་ནང་། ཆུ་ལོག་དང་། ས་རུད། རི་ཉིལ་བཅས་ཀྱིས་ད་བར་མི་གྲངས་ ༡༩༢ རྐྱེན་འདས་དང་། མི་གྲངས་ ༣༠༡ ལ་རྨས་སྐྱོན། མི་གྲངས་ ༣༦ བོར་བརླག་ཏུ་གྱུར་ཡོད་པ་མ་ཟད། མངའ་སྡེ་གཞུང་ལ་ཧིན་སྒོར་ས་ཡ་ ༡༧༥༣ ལྷག་གི་གྱོང་གུད་ཐེབས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese