མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་རིག་པའི་མཁས་པ་ཞིག་འདས་གྲོངས་སུ་གྱུར།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་མཁས་པ་རྣམས་འཇུག་པའི་སྒོ་ཞེས་པར་ཞིབ་འཇུག་གནང་མཁན་གྱི་ཨ་རིའི་བོད་རིག་པའི་མཁས་པ་ཌའེ་ཝི་ཌི་ཇེག་སོན་ལགས་དགུང་གྲངས་ ༧༤ འདས་གྲོངས་སུ་གྱུར།

Tibetologist Dr. David Jackson passed away. 6 August 2025.

ཁ་སང་ཨ་རིའི་བོད་རིག་པའི་མཁས་པ་འབུམ་རམས་པ་ཌའེ་ཝི་ཌི་ཇེག་སན་  (Dr. David Jackson) ལགས་དགུང་ལོ་  ༧༤ སྟེང་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ཨ་རིར་རྟེན་གཞི་བྱས་པའི་རུའུ་བྷིན་འགྲེམས་སྟོན་ཁང་ (Rubin Museum) གིས། འདས་པོ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡིག་ཅིག་སྤེལ་འདུག་ཅིང་། དེའི་ནང་ཇེག་སོན་ལགས་ཀྱི་དཔེ་སྐྲུན་མཐའ་མ་གཉིས་དེ་རུའུ་བྷིན་འགྲེམས་སྟོན་ཁང་གི་ལས་གཞི་ཧི་མ་ལ་ཡའི་སྒྱུ་རྩལ་གྱི་རྩོམ་ཡིག་མཉམ་དུ་བྲིས་ཡོད། རིན་ཐང་ཅན་གྱི་ལས་གྲོགས་དང་བཀའ་དྲིན་ཅན་གྱི་སློབ་སྟོན་པ་ཞིག་ཡིན་པའི་ཇེག་སོན་ལགས་ཀྱི་ཤུལ་བཞག་གིས་མུ་མཐུད་ནས་མ་འོངས་པའི་མི་རབས་ཚོར་སེམས་འགུལ་ཐེབས་ངེས་ཡིན་ཞེས་བྲིས་འདུག

ཡང་ཕྱི་ལོ་ ༢༠༢༡ ལོར་འཇར་མན་གྱི་ཧམ་བྷག་གཙུག་ལག་སློབ་ཆེན་སློབ་ཕྲུག་ཟུར་བ་དག་གིས། ཇེག་སོན་ལགས་དགུང་གྲངས་ ༧༠ ལོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཆེད་དྲན་རྟེན་དེབ་ཅིག་པར་སྐྲུན་བྱས་པའི་སྔོན་གླེང་དུ།  ༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་འཚམས་འཕྲིན་ཞིག་སྩལ་བའི་ནང་། ཌའེ་ཝི་ཌི་ནི་བོད་ཀྱི་སྐད་ཡིག་དང་རྩོམ་རིག དེ་བཞིན་བོད་ཀྱི་ནང་ཆོས་ལ་ཁྱད་དུ་འཕགས་པའི་ཤེས་བྱ་ལྡན་པ་ཞིག་ཡིན། ཧམ་བྷག་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཟུར་པ་དག་གིས་ཁོང་གི་གྲུབ་འབྲས་ལ་བཀའ་དྲིན་ཞུ་ཆེད་དྲན་དེབ་འདི་ཕུལ་བ་ནི་འོས་ཤིང་འཚམ་པ་ཡིན། ཞེས་གསུངས་འདུག

འབུམ་རམས་པ་ཇེག་སོན་ལགས་ནི་ཕྱི་ལོ་ ༡༩༥༡ ཟླ་ ༩ ཚེས་ ༡ ཉིན་ཨ་རིའི་ནུབ་བྱང་མངའ་སྡེ་ཝང་ཤིན་ཊོན་གྱི་གྲོང་ཁྱེར་སཱི་ཡ་ཊལ་དུ་སྐྱེས་ཤིང་། ཌོ་ནལ་ཌི་ཇེག་སོན་ (Donald Pearce Jackson) དང་ཨེ་ཝ་ལིན་ཇེག་སོན་ (Constance Evelyn Jackson) གཉིས་ལ་ཕྲུ་གུ་དྲུག་ཡོད་པའི་ནང་གི་ཆེ་ཤོས་གཉིས་པ་དེ་ཡིན། ཁོང་གི་ཨ་ཕ་ནི་སྨན་སྦྱོར་རིག་པའི་ཆེད་མཁས་པ་ཞིག་ཡིན་པ་དང་ཨ་མ་སློབ་ཆུང་དགེ་རྒན་ཡིན་འདུག ཁོང་བྱིས་པ་ཡིན་དུས་སུ་ཁྱིམ་ཚང་མི་ཆི་གྷན་ནང་གནས་སྤོར་བྱས་སྟབས།  ཁོང་ཌེ་ཝི་སོན་ (Davison) ཟེར་བའི་ས་ཁུལ་ཞིག་ཏུ་འཚར་ལོངས་བྱུང་ཞིང་། ཕྱི་ལོ་  ༡༩༦༠ ལོའི་མགོ་སྟོད་དུ་ཁོང་གི་ཁྱིམ་ཚང་ཕྱིར་སཱི་ཡ་ཊལ་དུ་གནས་སྤོས།

ཕྱི་ལོ་ ༡༩༦༩ ལོར་ཁོང་གིས་ཝང་ཤིན་ཊོན་གཙུག་ལག་སློབ་ཆེན་དུ། ལེ་ཊིན་སྐད་ཡིག་དང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པར་སློབ་གཉེར་བྱེད་མགོ་བརྩམས། དུས་སྐབས་དེ་ནི་ནུབ་ཕྱོགས་སུ་བོད་ཀྱི་ནང་ཆོས་དར་ཁྱབ་འགྲོ་མགོ་ཚུགས་པའི་དུས་ཚོད་ཅིག་ཡིན་སྟབས། ཇེག་སོན་ལགས་སུའང་བོད་དང་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་པའི་འདུན་པ་སྐྱེས་ཤིང་།  བོད་སྐད་གཙང་མ་ཞིག་བཤད་ཐུབ་པ་དང་བླ་མ་ཞིག་གི་མདུན་ནས་ནང་ཆོས་ལ་སློབ་གཉེར་བྱེད་པའི་རེ་བ་འགག་མེད་དུ་སྐྱེས་པའི་དབང་གིས། ཕྱི་ལོ་ ༡༩༧༢  ལོར་ཐོག་མར་བལ་ཡུལ་དུ་ཕྱིན་ནས་བོད་མི་མང་པོར་འབྲེལ་འདྲིས་ཀྱིས་ལོ་བཅུའི་རིང་བོད་ཀྱི་སྐད་ཡིག་སློབ་གཉེར་བྱས། ཕྱི་ལོ་ ༡༩༧༣ ལོར་ཕྱིར་ཨ་རིར་ལོག་སྟེ། ཝང་ཤིན་ཊོན་གཙུག་ལག་སློབ་ཆེན་དུ་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་ཕྱིན། ཕྱི་ལོ་ ༡༩༧༩ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༨༥ ལོར་འབུམ་རམས་པའི་ལག་འཁྱེར་བླངས།

ཁོང་གི་འབུམ་རམས་པའི་དཔྱད་རྩོམ་དུ་༸ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་མཁས་པ་རྣམས་འཇུག་པའི་སྒོ་ཞེས་པར་ཞིབ་འཇུག་བྱས་པ་ཞིག་དང་། གཞན་ཡང་དཔྱད་རྩོམ་གྲགས་ཅན་གྱི་གྲས་སུ་གློ་སྨོན་ཐང་གི་ཉིང་ཁུ། བོད་ཀྱི་ཐང་བྲིས་སྒྱུ་རྩལ། བོད་ཀྱི་ཐང་བྲིས་སྒྱུ་རྩལ་གྱི་ལོ་རྒྱུས། སི་ཡ་ཊལ་གྱི་བདག་ཉིད་ཆེན་པོ་ཞིག ༼  སྡེ་གཞུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་ཉི་མ་མཆོག་གི་མཛད་རྣམ། ༽   སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ།  ད་དུང་ཡིག་སྒྱུར་བྱས་པའི་བརྩམས་ཆོས་སུ་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མཛད་པའི་གཙུག་ལག་ཁང་གི་སྒོ  བོད་བརྒྱུད་ནང་བསྟན་གྱི་དགོན་པའི་གོམས་སྲོལ་དང་སྒྱུ་རྩལ། ཁང་བརྩེགས་དང་དུས་ཆེན་གྱི་ལག་དེབ། ཅེས་པ་སོགས་ཡོད་འདུག

Some books and Arts of the late professor David Jackson. Photo: edited by tibettimes

འབུམ་རམས་པ་ཇེག་སོན་ལགས་སུ་བོད་བརྒྱུད་ནང་བསྟན་གྱི་མཁས་པའི་དབང་བོ་མང་པོར་མཇལ་རྒྱུ་བྱུང་སྟེ། ཁོང་ལ་བོད་ཀྱི་སྐད་ཡིག་གཞིར་རྩར་བྱས་པའི་བོད་བརྒྱུད་ནང་བསྟན་ལ་ངེས་པ་མི་དམན་པ་ཞིག་ཐོབ་ཅིང་། ཕྱི་ལོ་ ༡༩༨༤ ་ནས ༡༩༨༦ བར་ཉི་ཧོང་གི་ཨོ་ས་ཀ་གཙུག་ལག་སློབ་ཆེན་དུ་བོད་ཡིག་སློབ་ཁྲིད་ཀྱི་དགེ་རྒན་གནང་། དེའི་རྗེས་ཉི་ཧོང་གི་ཀེའུ་ཊོ་ (Kyoto) དང་ཨོ་སི་ཊི་རེའི་རྒྱལ་ས་ཝིན་ནཱ། འཇར་མན་གྱི་ཧམ་བྷག་གཙུག་ལག་སློབ་ཆེན་སོགས་སུ་ཞིབ་འཇུག་གི་ཕྱག་ལས་གནང་སྟེ་བོད་རིག་པ་དང་འབྲེལ་བའི་ཞིབ་འཇུག་གི་དཔྱད་རྩོམ་གང་མང་སྤེལ་མྱོང་། ཕྱི་ལོ་ ༡༩༨༩ ལོར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་གྲོང་ཁྱེར་ (Culver) ནང་ཆགས་པའི་སྒེར་བཙུགས་སློབ་ཆེན་ (Antioch ) ཨན་ཊོ་ཆིའི་ རྡོ་རྗེ་གདན་གྱི་ནང་དོན་རིག་པའི་སྡེ་ཚན་གྱི་ཁོངས་སུ་དགེ་རྒན་གནང་། ཕྱི་ལོ་ ༡༩༩༢ ལོར་འཇར་མན་གྱི་ཧམ་བྷག་གཙུག་ལག་སློབ་ཆེན་དུ་བོད་རིག་པའི་སློབ་དཔོན་དུ་བསྐོ་གཞག་གནང་ཞིང་། སློབ་ཆེན་དེར་ཁོང་གིས་བོད་རིག་པར་དོ་དབྱིངས་ཆེ་བའི་སློབ་མ་བགྲང་གི་མི་ལོང་བ་ཞིག་སྐྱེད་བསྲིང་བྱས་ཡོད་པར་གྲགས་ལ། ཁོང་ནི་ཧམ་བྷག་གཙུག་ལག་སློབ་ཆེན་དེ་བོད་རིག་པའི་ཞིབ་འཇུག་བྱེད་ཡུལ་ལྟེ་བ་ཞིག་ཏུ་བསྒྱུར་བར་ནུས་ཤུགས་གཙོ་གྲས་འདོན་མཁན་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་སུ་བོད་རིག་པའི་ཞིབ་འཇུག་དར་ཁྱབ་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་མི་སྣ་ཞིག་ཀྱང་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese