མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་མི་རྩ་མེད་གཏོང་ཐུབ་མེད་ཀྱང་བོད་སྐད་ཡིག་རྩ་མེད་གཏོང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་ཟེར་བའི་རང་སྐྱོང་གི་ཚིག་མང་པོ་བཏགས་ཡོད་ཀྱང་དེ་ནི་མིང་ཙམ་མ་གཏོགས་དོན་གྱི་ཆ་ནས་རང་སྐྱོང་ཡོད་པ་མ་རེད་ཅེས་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་གནང་། ༢༠༢༥།༠༨།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་དབུས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་རྒྱའི་དཀའ་རྙོག་ལ་དབྱིན་ཡིག་ཐོག་ (Tibet Issue ) བེད་སྤྱོད་གཏོང་གི་ཡོད་པ་མ་རེད། ཚིག་དེ་གཞན་པར་འགྲེལ་བཤད་རྒྱག་དུས་ཁྱད་པར་ཆེན་པོ་ཡོད་པ་རེད། (issue)  ཟེར་བ་གནད་དོན་ཞིག་རེད། གནད་དོན་ཟེར་བ་གང་ཟག་དང་སྤྱི་ཚོགས་གཉིས་ཀྱི་བར་དུ་ཆེ་ཆུང་གང་ཡང་ཡོང་སྲིད་པ་ཞིག་རེད། ང་ཚོའི་དཀའ་རྙོག་ནི་བོད་དང་རྒྱ་ནག་གི་དཀའ་རྙོག་ཡིན་ལ། ལུང་པ་གཉིས་བར་གྱི་དཀའ་རྙོག་ཡིན་པ་རེད། དབྱིན་ཡིག་ཏུ་ (Sino Tibet conflict ) དང་(Sino Tibet dispute) གཉིས་བེད་སྤྱོད་གཏོང་གི་ཡོད།  འབྲེལ་ཡོད་ཁ་ཤས་ཀྱི་ཐོག་(Tibet issue ) བེད་སྤྱོད་གཏོང་དགོས་པ་ལས། བོད་རྒྱའི་དཀའ་རྙོག་དེ་རྒྱལ་ཁབ་གཉིས་དང་མི་རིགས་གཉིས་ཀྱི་གནད་དོན་ཡིན་པ་འཛམ་གླིང་དུ་འགྲེལ་བཤད་རྒྱག་དགོས། ང་ཚོས་བོད་རྒྱའི་དཀའ་རྙོག་སེལ་བའི་འགན་འཁུར་དགོས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་སྲིད་ཇུས་འཛིན་སྟངས་ཧ་ཅང་ནག་པོ་རེད། ཁོང་ཚོའི་བསམ་བློ་ནི་མི་རིགས་མེད་པ་བཟོས་ཚེ་མི་རིགས་ཀྱི་གནད་དོན་ཞེས་ཡོང་རྒྱུ་མེད་ཟེར་བ་དེ་རེད། རྒྱ་ནག་གཞུང་གིས་བོད་མི་ཡོངས་རྫོགས་རྩ་མེད་གཏོང་ཐབས་མེད་ཀྱང་། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་རྩ་མེད་གཏོང་བཞིན་ཡོད། ཅེས་དང་། དུས་རབས་བརྒྱད་པ་ནས་བཅུ་གསུམ་བར་དུ་ལེགས་སྦྱར་གྱི་གཞུང་དང་པཱ་ལིའི་གཞུང་ནང་ཡོད་པའི་ནང་ཆོས་བོད་སྐད་ཐོག་བསྒྱུར་ཡོད། དེ་ནི་འཛམ་གླིང་ཐོག་གི་སྐད་ཡིག་གཅིག་གི་ནང་དུའང་མེད་པ་རེད། སངས་རྒྱས་ཀྱི་བསྟན་པའི་གཞུང་ཆ་ཚང་ལ་ལྟ་དགོས་ཚེ་བོད་སྐད་ནང་དུ་མ་གཏོགས་མེད་པ་ཞིག་ཆགས་ཡོད། བོད་སྐད་ཡིག་ག་ཚོད་གལ་ཆེན་པོ་ཡིན་པ་དེ། བར་ལམ་དགེ་བཤེས་སྨོན་ལམ་ལགས་ཀྱིས་བོད་ཡིག་ཐོག་དེབ་ཕྲེང་གྲངས་ ༢༢༣ ཅན་གྱི་ཚིག་མཛོད་ཅིག་བཏོན་ཡོད་པ་ལས་ཀྱང་ཤེས་ཐུབ། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་གིས་འཛམ་གླིང་དུ་ཞི་བདེའི་བསྐྲུན་ཐུབ་པའི་ནུས་པ་ཡོད་པས་ངེས་པར་དུ་བདག་པོ་རྒྱག་དགོས་ཞེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་ཆབ་སྲིད་ཀྱི་ཐབས་ཇུས་འཛིན་སྟངས་ནི་དབུ་མའི་ལམ་ཡིན་པ་དང་། ཆབ་སྲིད་ཀྱི་ཐོག་ནས་དབུ་མའི་མཐའ་གཉིས་ལ་ངོས་འཛིན་གྱི་འདུག མཐའ་གཉིས་ངོས་འཛིན་མེད་ཚེ་དབུ་མ་ལ་རིན་ཐང་དང་ཆེ་མཐོང་བསླེབ་ཀྱི་མི་འདུག  མཐའ་གཅིག་ནི་ལོ་རྒྱུས་ཐོག་བོད་དེ་རང་བཙན་ཡིན་པ་དང་། མཐའ་གཞན་ནི་བོད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་འཛུལ་གྱི་གཉའ་གནོན་འོག་གནས་པའི་བོད། དེ་གཉིས་ཀྱི་བར་ལ་གནས་པའི་མིང་དོན་མཚུངས་པའི་རང་སྐྱོང་ཡིན། མིང་དོན་མཚུངས་པའི་རང་སྐྱོང་གསུངས་དགོས་དོན་ཡང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་ཟེར་བའི་རང་སྐྱོང་གི་ཚིག་མང་པོ་ཞིག་བཏགས་ཡོད། འོན་ཀྱང་། དེ་ནི་མིང་ཙམ་མ་གཏོགས་དོན་གྱི་ཆ་ནས་རང་སྐྱོང་ཡོད་པ་མ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མིང་དོན་མཚུངས་བའི་རང་སྐྱོང་གསུངས་ཡོད་པ་བཞིན་རྒྱ་ནག་གི་མིང་ཙམ་གྱི་རང་སྐྱོང་དེས་འགྲིག་གི་མེད། ༧གོང་ས་མཆོག་གི་དགོངས་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ཐོག་འགྲོ་དགོས་ཚེ། ང་ཚོས་ལྷག་བསམ་རྣམ་དག་གིས་དབུ་མའི་ལམ་ལ་ནུས་པ་ལྡན་པ་ཞིག་བཟོས་དགོས་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཤེས་པར་ཨ་རིའི་ལོ་རྒྱུས་མཁས་པ་མ་ཁེལ་ཝེན་ཝལ་ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། རྒྱ་ནག་གི་སློབ་དཔོན་ལའོ་ལགས་ཀྱིས་བརྩམས་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། དེ་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་བཅས་བཀླག་དགོས་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཨོ་ཌི་ཤཱ་ཕུན་ཚོགས་གླིང་དུ་འཚམས་གཟིགས་གནང་། ༢༠༢༥།༠༨།༠༣ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཚེས་ ༥ ཉིན་སྲིད་སྐྱོང་མཆོག་གིས་མན་སྤར་དྭགས་པོ་བཤད་སྒྲུབ་གླིང་དགོན་པ་དང་། དཔལ་ཡུལ་བདེ་ཆེན་ཆོས་འཁོར་གླིང་དགོན། གཙོ་རི་བདེ་ཆེན་ཆོས་འཁོར་གླིང་དགོན། དཔལ་ཀརྨ་དར་རྒྱས་ཆོས་འཁོར་གླིང་བཅས་སུ་མཆོད་མཇལ་དུ་ཕེབས་པ་དང་། དེ་བཞིན་ས་གནས་ཀྱི་དམིགས་བསལ་གཞིས་སྤོ་ལས་གཞིའི་ས་ཆ་དང་། ས་གནས་མཉམ་འབྲེལ་མགྲོན་ཁང་། ཁྲོམ་ར་གསར་རྒྱག་གི་ལས་གཞི་སོགས་སུ་གཟིགས་ཞིབ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཨོ་ཌི་ཤཱ་ཕུན་ཚོགས་གླིང་དུ། སྲིད་སྐྱོང་མཆོག་གིས་ས་གནས་མི་མང་ལ་ཐུག་འཕྲད་གནང་སྟེ།༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙིའི་ཆེད། མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ཁྱབ་སྤེལ་གཏོང་དགོས་སྐོར་དང་།ཕྱི་རྒྱལ་ཁབ་ཁག་ནས་བོད་དོན་དང་། ༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་། མི་མང་གི་དྲི་བར་ལན་འདེབས་གནང་འདུག  དེ་བཞིན་ས་གནས་ཀྱི་དགོན་པ་དང་། སློབ་གྲྭ། རྒན་གསོ་ཁང་། ལས་ཁུངས་ཁག་ཏུ་གཟིགས་སྐོར་གནང་ཡོད་འདུག

ཐོག་མའི་མཛད་འཆར་ལྟར་ན། སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༢ བར་དུ་རྒྱ་གར་ཨུ་ཌར་པར་རྡེ་ཤིའི་ཝཱ་རཱ་ཎ་སཱི་དང་། ཨུ་ཏ་ར་ཁན་ཌིའི་སྡེ་ར་ལྡུན་ཁྱབ་ཁོངས་ནེ་ནི་ཏལ་བཅས་སུ་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་དང་། ས་གནས་བོད་མི་རྣམས་ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese