མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་དཔོན་རིགས་ཤིག་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་རྒྱལ་སྤྱིའི་ཚན་ཁག་གི་བློན་ཆེན་ལུའུ་ཅན་ཁྲོ་ཟེར་བར་རྒྱུ་མཚན་གང་ཡང་འགྲེལ་བརྗོད་མེད་པའི་ཐོག་ནས་འཛིན་བཟུང་གིས་འདྲི་རྩད་གཏོང་གི་ཡོད་འདུག

File image of Liu Jianchao, director of the International Liaison Department of the Central Committee of the Communist Party of China. (Photo by Ichiro Ohara / Yomiuri / The Yomiuri Shimbun via AFP)

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་རྒྱལ་སྤྱིའི་སྡེ་ཚན་གྱི་བློན་ཆེན་ལུའུ་ཅན་ཁྲོ་ཟེར་བ་གློ་བུར་དུ་འཛིན་བཟུང་བྱས་ཏེ་འདྲི་རྩད་གཏོང་གི་ཡོད་ཅིང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁོ་འཛིན་བཟུང་བྱེད་དོན་གྱི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ལུའུ་ཅན་ཁྲོ་ལ་འདྲི་རྩད་གཏོང་བཞིན་ཡོད་པའི་གནས་ཚུལ་དེ་ཐོག་མར་ཨ་རིའི་གསར་ཁང་ (The wall street journal) གིས་སྤེལ་བ་དང་། གསར་ཁང་དེར་འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་སྐོར་བརྗོད་འདུག་ལ། གནས་ཚུལ་ལྟར་ན། ཟླ་སྔོན་མའི་ཟླ་མཇུག་ཙམ་ལ་ལུའུ་ཅན་ཁྲོ་ཕྱི་ཕྱོགས་སུ་གཞུང་འབྲེལ་སྐོར་བསྐྱོད་བྱས་ཏེ་ཕྱིར་རྒྱ་ནག་ཏུ་ལོག་མ་ཐག་འཛིན་བཟུང་བྱས་ཡོད་པ་དང་། རྒྱལ་སྤྱིའི་གསར་ཁང་རོའུ་ཊར་སོགས་ཀྱིས་རྒྱ་ནག་གཞུང་ལ་གནས་ཚུལ་དེའི་སྐོར་རྒྱུས་ལོན་བྱེད་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བརྡ་ལན་གང་ཡང་སྤྲད་མེད་པ་རེད།

རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། ལུའུ་ཅན་ཁྲོ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནད་དོན་དེ་ནི་ཕྱི་སྲིད་བློན་ཆེན་ཟུར་བ་ཆིན་གཱང་གི་རྗེས་ཀྱི་རྒྱ་ནག་གི་ཕྱི་སྲིད་དང་འབྲེལ་བའི་ཆེས་མཐོ་བའི་དཔོན་རིགས་ཤིག་ལ་འདྲི་རྩད་གཅོད་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་ཞི་ཅིན་ཕིན་གྱི་བློ་མཐུན་ཕྱི་སྲིད་བློན་ཆེན་ཆིན་གཱང་ལ་ཕྱི་ཕྱོགས་སུ་མཛའ་འབྲེལ་ཡོད་པའི་གནས་ཚུལ་ཁྱབ་རྗེས། འཛིན་བཟུང་འོག་འདྲི་རྩད་བྱས་ཏེ་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱིར་ཕུད་བཏང་ཡོད།

ལུའུ་ཅན་ཁྲོ་ཡིས་ཕྱི་ལོ་ ༢༠༢༢ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཁང་དུ་ཕྱི་སྲིད་དང་འབྲེལ་བའི་རྒྱལ་སྤྱི་ཞེས་པའི་ཚན་ཁག་གལ་ཆེན་ཞིག་གི་འགན་འཁུར་ཡོད་པ་དང་། དེ་ནས་བཟུང་ཁོ་འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་གི་ནང་བསྐྱོད་ཅིང་རྒྱལ་ཁབ་ ༡༦༠ ལྷག་གི་གནད་ཡོད་མི་སྣར་ཐུག་འཕྲད་བྱས་མྱོང་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༢ ནང་ལུའུ་ཅན་ཁྲོ་ཨ་རིར་གཞུང་འབྲེལ་སྐོར་བསྐྱོད་དུ་ཕྱིན་སྐབས། ཁོས་ཨ་རིའི་ཕྱི་སྲིད་བློན་ཆེན་ཟུར་བ་ཨན་ཊོ་ནེ་བྷི་ལི་ཁིན་སོགས་ཨ་རིའི་གནད་ཡོད་མི་སྣ་མང་པོར་ཐུག་འཕྲད་ཀྱིས་རྒྱ་ནག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་སྦས་གསང་མེད་པར་བཤད་ཡོད་པར་བརྟེན། སྐབས་དེར་རྒྱལ་སྤྱིའི་གསར་འགྱུར་མང་པོའི་ནང་ལུའུ་ཅན་ཁྲོ་མ་འོངས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆགས་སྲིད་སྐོར་གྱི་གནས་ཚུལ་ཐོན་ཡོད།

ལུའུ་ཅན་ཁྲོ་ཕྱི་ལོ་ ༡༩༦༤ ཟླ་ ༢ ཚེས་ ༢༣ ཉིན་རྒྱ་ནག་ཅི་ལིན་ཞིང་ཆེན་གྱི་ཏེ་ཧྥོ་རྫོང་ཁུལ་དུ་སྐྱེས། ཕྱི་ལོ་ ༡༩༨༦ ནས་ ༡༩༨༧ བར་ཁོས་འཛམ་གླིང་ནང་གྲགས་ཆེ་བའི་དབྱིན་ཡུལ་གྱི་ཨོག་སི་ཧྥོ་ཌི་སློབ་ཆེན་དུ་རྒྱལ་སྤྱིའི་འབྲེལ་ལམ་ཐོག་སློབ་སྦྱོང་བྱས་ཤིང་། དེ་ནས་བཟུང་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་ལས་ཀ་བྱེད་མགོ་བརྩམས་འདུག་ལ། ཕྱི་ལོ་ ༡༩༩༥ ནས་ ༡༩༩༨ བར་དབྱིན་ཡུལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཆེའི་ལས་འགན་འཁུར། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བྱས། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༢༢ ཟླ་ ༦ ནང་ལུའུ་ཅན་ཁྲོ་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་རྒྱལ་སྤྱིའི་ཚན་ཁག་ཟེར་བའི་བློན་ཆེན་དུ་བསྐོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese