མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་སྟེ། དབུས་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་གཉིས་བཅས་ནས་འོས་བསྡུའི་སྒྲིག་གཞི་སོགས་གོ་རྟོགས་སྤེལ་སླད་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག

Election Commission’s announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes

དེ་རིང་ཕྱི་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་འོས་བསྡུ་ལས་ཁང་གིས་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ནས་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་མགོ་འཛུགས་གནང་སྟེ། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་གནང་རྒྱུ་དང་། སྔོན་འགྲོའི་འོས་བསྡུ་དང་དངོས་གཞིའི་འོས་བསྡུའི་དུས་ཚེས་སོགས་ལས་རིམ་ཞིབ་ཕྲག་གཏན་འབེབ་ཡོངས་བསྒྲགས་གནང་རྒྱུ་ཡིན་སྐོར་དང་། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་གཉིས་བཅས་སྔར་ལམ་ལྟར་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་སོགས་གོ་རྟོགས་སྤེལ་ཆེད་གཞུང་དོན་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་སྐོར་གསུངས་འདུག

འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁུངས་ལ་འོས་བསྡུའི་སྒྲིག་གཞི་སོགས་ཀྱི་ཐོག་གོ་རྟོགས་སྤེལ་སླད་ས་བགོས་གནང་ཕྱོགས་དང་། འོས་བསྡུའི་སྒྲིག་གཞིའི་ཐོག་གོ་རྟོགས་སྤེལ་བ་དང་ལྷན་དུ་འོས་བསྡུ་དང་འབྲེལ་བའི་ལས་དོན་གཞན་ག་རེ་གནང་རྒྱུ་ཡིན་པ་སོགས་ཀྱི་ཐོག་བཅར་འདྲི་ཞུ་ཐབས་བྱས་ཀྱང་། ཡོངས་ཁྱབ་གསལ་བསྒྲགས་ནང་གང་གསལ་བ་དེ་ཡིན་སྐོར་གསུངས་བྱུང་།

དེ་ཡང་དབུས་འོས་བསྡུ་ལས་ཁང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བས། བར་ལམ་དབུས་འོས་བསྡུ་ལས་ཁང་ལ་འབྱུང་འགྱུར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་སོགས་ཀྱི་སྐོར་འདྲི་རྩད་ཞུ་མཁན་མི་ཉུང་བ་ཞིག་ཡོང་བཞིན་འདུག་པ་མ་ཟད། སྤྱི་ཚོགས་ནང་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཚོད་དཔག་གིས་གླེང་སློང་སོགས་ཀྱང་ཡོང་གི་ཡོད་པས། དབུས་འོས་བསྡུ་ལས་ཁང་གིས་མང་ཚོགས་ལ་མཁྱེན་རྟོགས་སླད་གསལ་བཤད་ཞུ་རྒྱུར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༩༧ དང་། འོས་བསྡུའི་སྒྲིག་གཞི་ལེའུ་ ༢ དོན་ཚན་ ༥ ནང་གསེས་ ༣ པའི་ནང་ “ སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་དུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར་་་་” ཞེས་པའི་དགོངས་དོན་བཞིན། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ལས་འཁུར་དམ་འབུལ་ཞུས་པའི་ཉིན་ནས་འོས་བསྡུའི་ལས་རིམ་དངོས་སུ་འགོ་འཛུགས་རྒྱུའི་སྒྲིག་སྲོལ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡ ནས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་དང་ལས་འགན་ཐོག་དངོས་བཞུགས་ཐུབ་པའི་སྒྲིག་དོན་སྙན་སེང་ཞུས་ཟིན་པ་དང༌། ཕྱོགས་མཚུངས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནས་ལས་འགན་ཐོག་དངོས་སུ་བཞུགས་རྗེས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་དུས་ཚེས་སོགས་ཀྱི་ལས་རིམ་ཞིབ་ཕྲ་གཏན་འབེབས་ཀྱིས་མང་ཚོགས་ལ་གསལ་བསྒྲགས་ཞུ་རྒྱུ་དང༌། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་རྣམས་ནས་སྔར་ལམ་ལྟར་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་སོགས་གོ་རྟོགས་སྤེལ་ཆེད་གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་རིམ་དེ་ཡང་འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༡ རྗེས་ནས་འགོ་འཛུགས་ཞུ་རྒྱུ་ཡིན་པས། བོད་མི་མང་ཚོགས་ནས་སྤྱི་ཚོགས་ནང་འོས་བསྡུ་དང་འབྲེལ་བའི་ཁྱབ་གདལ་འགྲོ་བཞིན་པའི་འཁྱོག་བཤད་རིགས་ལ་བདག་སྤྲོད་མི་གནང་བའི་སྐུལ་ལྕག་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་ (༩༧) ནང་གསེས་ (༢) པའི་ “ཀ” ནང་། “སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས།” དང་། “ཁ” ཡི་དགོངས་དོན། “གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།” ཞེས་གསལ་འདུག

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་འཛམ་གླིང་རྒྱལ་ཁབ་ ༢༦ ནས་མི་གྲངས་ ༨༣༠༨༠ ཡིས་མིང་གཞུང་དེབ་འགོད་གནང་ཡོད་པ་དང་། སྲིད་སྐྱོང་གི་དངོས་གཞིའི་འོས་འཕེན་མཁན་མི་གྲངས་ ༦༣༩༩༡ བྱུང་བའི་ཁྲོད་འོས་ཤོག་ ༦༠༤  རྩིས་མེད་དུ་ཕྱིན་པ་དང་། ཆ་སྙོམས་འོས་འཕེན་པའི་བརྒྱ་ཆ་ ༧༢།༢ ཆགས་ཡོད་པ་རེད་ལ། དེ་ནི་འདས་པའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་ཁག་གི་ནང་ཆ་ཤས་ལེན་མཁན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་འདུག དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ འོག་འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༠༦ ནང་། དབུས་སའི་འོས་བསྡུའི་ཚོགས་མི་དང་གཟུ་དཔང་། ལས་བྱེད་བཅས་ཁྱོན་མི་གྲངས་ ༢༠༡༤ ནས་ལས་བསྡུའི་ལས་དོན་ཐོག་འགན་འཁུར་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese