མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོན་ཌོན་གྱི་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་བྱེད་པར་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་ལྟེ་བར་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་ཤིག་གསར་རྒྱག་གི་ལས་གཞི་དེ་ནི་རྒྱལ་འབྲེལ་འཐབ་ཇུས་ཀྱི་ངོ་བོ་མིན་པར་དབྱིན་ཡུལ་ནང་རྒྱ་ནག་གི་ལྟ་སྲུང་དང་འཇིགས་སྐུལ་བྱ་རྒྱུའི་གཞི་རུ་འགྱུར་ཉེན་ཡོད་སྐོར་བརྗོད་འདུག

Protesters gather at the proposed site of the new embassy [Jordan Pettitt/PA Wire]

རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་ལྟེ་བར་གྱུར་བའི་ཊ་ཝར་ཧེམ་ལེ་ཌི་སི་ (Tower Hamlets) རུ་ཡོ་རོབ་ཁུལ་གྱི་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་གསར་རྒྱག་བྱ་འཆར་ཡོད་པའི་གནད་དོན་དེར་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་དོ་སྣང་ཆེན་པོ་བྱས་ཏེ་ངོ་རྒོལ་རིམ་པར་བྱུང་ཡོད་ལ། དབྱིན་ཡུལ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༩ ནང་ཚུད་དུ་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པས་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ནས་ནུས་པ་མཉམ་དུ་སྤུངས་ཏེ་སྔར་ལས་ལྷག་ལས་གཞི་དེར་འགོག་རྒོལ་དགོས་པའི་འབོད་སྐུལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དབྱིན་ཡུལ་གྱི་འབྲེལ་ཡོད་བློན་ཆེན་བཞིས་རྙིང་ཞེན་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཟུར་པ་ཨི་ཡན་ (Iain Duncan Smith) ལགས་ཀྱི་མཚན་ཐོག་ཏུ་ཡིག་ཆུང་ཞིག་བཏང་ཡོད་པའི་ནང་། འདི་ལོའི་ཕྱི་ཟླ་ ༩ ཚེ་ ༩ ནང་ཚུད་དུ་གཞུང་ཚབ་ཁང་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེ་དང་འབྲེལ་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་ཡོངས་གྲགས་གནང་བ་མ་ཟད། དེ་འབྲེལ་ཞུ་གཏུག་གི་གནས་ཚུལ་ཇི་ཡོད་མྱུར་དུ་སྤྲོད་དགོས་པ་སོགས་གསལ་ཡོད་འདུག་ལ། ཕྱི་ཚེས་ ༡༥ ཉིན་ལོན་ཌོན་དུ་ཡོད་པའི་བོད་མིའི་རང་དབང་ལས་འགུལ་ཚོགས་པའི་ཨེག་སི་ (X) སྤྱི་ཚོགས་དྲ་ལམ་སྟེང་། དེ་སྔ་དབྱིན་ཡུལ་གཞུང་གིས་རྒྱ་ནག་གཞུང་ཚབ་ཁང་ཆེན་མོ་གསར་རྒྱག་གི་ལས་གཞི་དེ་ལ་ཆོག་མཆན་སྤྲོད་རྒྱུའི་གྲ་སྒྲིག་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་། ད་ལྟའི་ཆར་ལས་གཞི་དེའི་ཚད་བཀག་དང། གསང་བ། དེ་བཞིན་གནས་སྡོད་ཡུལ་མི་རྣམས་ལ་ཤུགས་རྐྱེན་ཇི་ཐེབས་ཀྱི་ཡོད་པའི་སྐོར་ལ་དོགས་འདྲི་སྣ་མང་ཡོང་བཞིན་ཡོད་ལ། ལས་གཞི་དེར་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ། ལྷོ་སོག ཐའེ་ཝན། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ས་གནས་མི་མང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་མི་གྲངས་ ༤༠༠༠ ལྷག་མཉམ་འབྲེལ་གྱིས་ངོ་རྒོལ་ལས་འགུལ་སྤེལ་ཏེ། ལས་འཆར་དེ་མཚམས་འཇོག་དགོས་པ་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ད་དུང་ལོན་ཌོན་གྱི་གཞུང་ལམ་ཁག་ཏུ་གཞུང་ཚབ་ཁང་ཆེ་ཤོས་མི་དགོས་ཞེས་པའི་འཕྲེད་དར་འཕྱར་ཏེ། ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བ་མ་ཟད། ཆུ་ཚོད་འགའི་རིང་གཞུང་ལམ་དུ་མོ་ཊ་སོགས་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་སོགས་གསལ་འདུག

ཁོང་ཚོའི་ངོ་རྒོལ་བསྒྲགས་གཏམ་དེའི་ནང་། རྒྱ་གཞུང་གིས་ལོན་ཌོན་དུ་གྲོས་འཆར་འདོན་པའི་གཞུང་ཚབ་ཁང་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེ་རྒྱལ་འབྲེལ་འཐབ་ཇུས་ཀྱི་ངོ་བོ་མིན་པར་ལྟ་སྲུང་དང་འཇིགས་སྐུལ་བྱེད་ཉེན་ཡོད་པ་མ་ཟད། དྲ་ཚིགས་དེས་དབྱིན་ཡུལ་དུ་ཡོད་པའི་བོད་རིགས་ཚོགས་པའི་ཚོགས་མི་ཚུད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་ལྟ་སྲུང་དང་དྲག་གནོན་བྱ་ཉེན་ཡོད་པ་མངོན་གསལ་རེད། ཅེས་དང་། རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་ཤིག་གསར་རྒྱག་གི་ལས་གཞི་དེས་པེ་ཅིན་གྱིས་དབྱིན་ཡུལ་ནང་སོ་ལྟ་དང་། དྲག་གནོན་སོགས་བྱ་རྒྱུའི་ལས་དོན་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གསལ་སྟོན་དང་། ཕྱི་ལོ་ ༢༠༡༩ ནས་བཟུང་བོད་དོན་ལས་འགུལ་བ་དང་མཐུན་ཕྱོགས་ཚོགས་པ་ཁག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་སྙིང་དབུས་སུ་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་སྲིད་ཇུས་རྒྱ་སྐྱེད་གཏོང་ཐབས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་དང་བྱེད་མུས་ཡིན་སྐོར་སོགས་བརྗོད་འདུག་པ་མ་ཟད། ས་གནས་བོད་མི་ཚང་མས་མཉམ་ཞུགས་བྱེད་དགོས་པའི་འབོད་སྐུལ་གནང་འདུག

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁྱོན་སྨི་ཊར་གྲུ་བཞི་མ་ཉིས་ཁྲི་ཙམ་གྱི་ས་ཚིགས་རོ་ལ་མིན་ཊི་ (Royal Mint) ཞེས་པ་ཉོས་ཡོད་ཅིང་། དེར་རྒྱ་ནག་གི་གཞུང་ཚབ་ཁང་ཆེ་ཤོས་ཤིག་གསར་རྒྱག་བྱ་རྒྱུར་སྙན་ཞུ་རིམ་པ་བཏང་ཡོད་ཀྱང་ལམ་ལྷོང་བྱུང་མི་འདུག དེ་ནས་ཕྱི་ལོ་ ༢༠༢༢ ལོར་དབྱིན་ཡུལ་གྱི་གཞུང་འཛིན་གསར་པ་ངལ་རྩོལ་ཆབ་སྲིད་ཚོགས་པར་རྒྱལ་ཁ་འཐོབ་པར་བརྟེན། གོ་སྐབས་དེ་དང་བསྟུན་ནས་རྒྱ་གཞུང་གིས་སླར་ཡང་སྙན་ཞུ་བཏང་ནས་ཆོག་མཆན་འཐོབ་ཐབས་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༢༢ དང་ ༢༠༢༤ ལོར་ཊ་ཝར་ཧེམ་ལེ་ཌི་སིའི་ (Tower Hamlets) གྲོང་སྡེ་ལྷན་ཚོགས་ཀྱིས་ཁུལ་དེར་གནས་སྡོད་ཡུལ་མི་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་གཟིགས་ཏེ་ཆོག་མཆན་སྤྲད་མི་འདུག་ལ། སྐབས་དེར་ཞི་ཅིན་ཕིན་གྱིས་དབྱིན་ཡུལ་གྱི་སྲིད་བློན་ཀི་ཡ་སི་ཊར་མིར་ (Keir Starmer) དང་ལྷན་དུ་གནད་དོན་དེའི་སྐོར་ཐད་ཀར་གླེང་སློང་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་དབྱིན་ཡུལ་གྱི་ནོར་སྲིད་བློན་ཆེན་རཱ་ཆལ་ (Rachel Reeves) ལགས་ཀྱིས་རྒྱ་ནག་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་ཟིན་རྗེས། ནང་སྲིད་བློན་ཆེན་ཁཱུ་པར་ (Yvette Cooper) ལགས་དང་། ཕྱི་སྲིད་བློན་ཆེན་ཌེ་ཝི་ཌི་ (David Lammy) ལགས་རྣམ་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ཡིན་པར་བསྙད་དེ། རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་གསར་འཛུགས་ཐད་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་རེད། ལྷག་པར་དུ་གནད་དོན་དེ་དང་འབྲེལ་ནས་གྲོང་སྡེ་ལྷན་ཚོགས་དང་ཉེན་རྟོག་སྡེ་ཁག་གཉིས་ཀས་དེ་སྔོན་གྱི་དགག་བྱ་བྱས་པ་དེ་ཕྱིར་འཐེན་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༢ དང་ ༣ པའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་སྟེ། གྲོང་སྡེ་ལྷན་ཚོགས་དང་ཉེན་རྟོག་སྡེ་ཁག་གཉིས་ཀྱིས་དེ་འབྲེལ་གསལ་བཤད་གང་ཡང་བྱས་མེད་པ་རེད།

གཞི་རྩའི་ད་ལྟའི་ཆར་དབྱིན་ཡུལ་ནང་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་གསར་རྒྱག་གི་ལས་འཆར་དེ་ནི། ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་བདེ་འཇགས་ལ་དམིགས་ཏེ་གསང་བའི་གནས་ཚུལ་བརྒྱུད་སྐུལ་སོགས་སྤྱི་ཡོངས་ཀྱི་འབྲེལ་ལམ་ཐད་ནས་ཉེན་ཚབས་ཆེན་པོ་ཆགས་ཡོད། ལྷག་པར་དུ་ས་བབ་ཆབ་སྲིད་ཀྱི་ཐོག་ནས་ཨ་རི་དང་དབྱིན་ཡུལ། ཁེ་ན་ཌ། ཨོ་གླིང་། ནིའུ་ཛེ་ལེན་ཌི་བཅས་རྒྱལ་ཁབ་ལྔའི་བར་གསང་བའི་གནས་ཚུལ་བརྒྱུད་སྐུལ་གྱི་གནད་དོན་ཐད་འགག་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། ཕྱོགས་གཞན་ནས་དབྱིན་ཡུལ་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ལ་དམིགས་ཏེ། རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བསྐྱར་གསོ་བྱེད་བཞིན་པའི་དུས་སྐབས་ཤིག་ཀྱང་ཡིན་པ་རེད། ད་དུང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་དབྱིན་ཡུལ་གཞུང་ཚབ་ཁང་དེ་ཉིད་བསྐྱར་གསོ་བྱ་འཆར་ཡོད་པའི་གནད་དོན་སོགས་དང་འབྲེལ་ནས། ད་ལྟའི་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese