མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་རི་མོའི་སྒྱུ་རྩལ་གྱི་རེ་འདོད་སྐོང་ཆེད་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱིས་བོད་ཀྱི་བྱིས་པའི་བསམ་བློ་གཙང་མས་བྲིས་པའི་༧གོང་ས་མཆོག་མཚོན་བྱེད་ཀྱི་བརྩམས་ཆོས་རི་མོ་གྲངས་ ༩༠ འགྲེམས་སྟོན་བྱེད་བཞིན་འདུག

ཁ་དོག་མཐུན་ཚོགས་ཀྱི་ཚོགས་མི་བསྟན་འཛིན་སྨིན་ལེགས་ལགས། ༢༠༢༥།༠༨།༡༩ དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༤ བདུན་ཕྲག་གཅིག་རིང་བཞུགས་སྒར་དྷ་སའི་ཇུ་ནི་པར(Juniper Cafe ) ཚིག་ཇ་ཁང་དང་། The Other Space Gallery དེ་བཞིན་ Cafe Dakini House ཚིག་ཇ་ཁང་བཅས་སུ་ཁ་དོག་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཨོ་གླིང་དང་། རྒྱ་གར། ཨ་རི། བལ་ཡུལ་བཅས་ཀྱི་རང་ལོ་བཅོ་བརྒྱད་མན་གྱི་བོད་ཕྲུག་ཚོས་བྲིས་པའི་རི་མོ་ ༩༠ ཡིས་བརྩེ་བའི་སྐུ་མདུན་ (Dear Kundun) ཞེས་པའི་རི་མོ་འགྲེམས་སྟོན་ཞིག་བྱེད་བཞིན་འདུག།

འདི་གའི་གསར་འགོད་པས་ཐེངས་འདིའི་འགྲེམས་སྟོན་གྱི་རི་མོ་འདེམས་ཐོན་སྐོར་ཁ་དོག་མཐུན་ཚོགས་ཀྱི་ཚོགས་མི་བསྟན་འཛིན་སྨིན་ལེགས་ལགས་ལ་དྲིས་པར་ཁོང་གིས། བརྩེ་བའི་སྐུ་མདུན་གྱི་རི་མོ་འགྲེམས་སྟོན་ནང་སློབ་ཕྲུག་ ༩༠ ཡི་རི་མོ་འདེམས་ཐོན་བྱུང་ཡོད། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་གྲངས་ཀྱི་མཚོན་རྟགས་ཡིན། དང་ཐོག་ཁ་དོག་མཐུན་ཚོགས་ཀྱིས་འཛམ་གླིང་ཡོངས་སུ་རི་མོའི་འགྲེམས་སྟོན་ཐོག་མཉམ་ཞུགས་བྱེད་པའི་གསལ་བསྒྲགས་བྱས་པ་ཡིན། མཐའ་མར་མཉམ་ཞུགས་བྱེད་མཁན་གྱི་རི་མོ་གྲངས་ཁྱོན་ ༧༠༠ ལྷག་འབྱོར་སོང་། དེའི་ཁྲོད་ནས་རང་ལོ་བཅོ་བརྒྱད་མན་གྱི་བོད་ཕྲུག་རྣམས་ཀྱི་རི་མོ་འདེམས་ཐོན་བྱུང་ཡོད་པ་རེད། རི་མོ་འདེམས་མཁན་གྱི་གཟུ་དཔང་རྣམས་ཀྱང་ཆེད་ལས་འདྲ་མིན་ཐོག་ནས་ཡོང་ཡོད། ཆེད་ལས་རྒྱབ་ལྗོངས་མི་འདྲ་བ་ཡིན་ཚེ་རི་མོ་ལ་ལྟ་སྟངས་མི་འདྲ་བ་ཞིག་ཡོང་གི་ཡོད། ཐེངས་འདིའི་རི་མོ་འདེམས་མཁན་གྱི་གཟུ་དཔང་ཁྲོད་སྒྱུ་རྩལ་པ་དང་། ༧གོང་ས་མཆོག་གི་ཧིན་དྷི་སྐད་བསྒྱུར་བ་ཀེ་ལ་ཤི་བྷོ་ཏ། དེ་བཞིན་སློབ་ཕྲུག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད། ཅེས་བརྗོད་བྱུང་།

བྱིས་པའི་རི་མོའི་བརྩམས་ཆོས་ཀྱི་ཐོག་ནས་༧སྐུ་མདུན་ལ་ངོས་འཛིན་ཞུ་ཕྱོགས་ཐད་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན། ང་ཚོའི་མཐུན་ཚོགས་ནི་རྟོག་འཆར་སྒྱུ་རྩལ་ཐོག་འབྲེལ་བ་ཆགས་ཡོད་དུས། བྱིས་པ་རྣམས་ཀྱི་སེམས་ཀྱི་ཚོར་བ་དེ་ཁ་ནས་བཤད་མ་ཐུབ་ཀྱང་། བཟོ་ལྟ་དང་། ཚོན་མདོག སྒྱུ་རྩལ་བརྒྱུད་ནས་བཤད་རྒྱུ་ཡོད་པ་ཞིག་རེད། སློབ་ཕྲུག་རྣམས་ཀྱི་སེམས་ལ་ཡོད་པའི་ཚོར་བ་གཙང་མ་རེད། ༧གོང་ས་མཆོག་ག་འདྲ་མཐོང་ཡོད་པའི་ཚོར་བ་ཧ་ཅང་གཙང་མ་ཡོད་པས། མི་མང་གིས་བྱིས་པ་རྣམས་ཀྱིས་བྲིས་པའི་རི་མོ་མཐོང་བ་ཙམ་གྱིས་བྱིས་པའི་ཚོར་བ་མྱོང་ཐུབ་པ་ཞིག་ཡོང་གི་འདུག ཅེས་བརྗོད་བྱུང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རི་མོའི་སྡིངས་ཆ་དང་ཁ་དོག་མཐུན་ཚོགས་ཀྱིས་རི་མོའི་ལམ་ནས་སྒྱུ་རྩལ་གསལ་བཏོན་བྱེད་བཞིན་པའི་སྐོར་ལ་ཁོང་གིས། སྤྱིར་བཙན་བྱོལ་གྱི་བོད་མིའི་སྤྱི་ཚོགས་ནང་རི་མོའི་སྒྱུ་རྩལ་ནི་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། ང་ལ་མཚོན་པ་ཡིན་ནའང་བཙན་བྱོལ་དུ་འཚར་ལོངས་བྱུང་སྟེ་བོད་ཁྱིམ་སློབ་གྲྭར་ཕྱིན་པ་རེད། རི་མོའི་སློབ་སྦྱོང་བྱེད་སའི་ལམ་ཁ་མེད་པ་རེད། བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་རི་མོའི་སྒྱུ་རྩལ་གྱི་སྡིངས་ཆ་མི་འདུག  སྔོན་མ་ང་ཚོས་རི་མོ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་མེད་པ་དང་། རྗེས་སུ་སོ་སོའི་རེ་བ་བཞིན་དཀའ་ལས་འཕར་མ་བརྒྱབ་སྟེ་སློབ་སྦྱོང་བྱས་པ་ཞིག་རེད། དེང་སང་བོད་པའི་སློབ་གྲྭ་ཁག་ཏུ་རི་མོའི་སྒྱུ་རྩལ་ལ་ཤུགས་རྒྱག་མཁན་གཞོན་སྐྱེས་མང་པོ་ཡོད་པས། ང་ཚོས་བོད་པའི་སློབ་ཕྲུག་རྣམས་ཀྱི་རེ་བའི་ཐོག་ལ་ཟུར་ནས་ཤུགས་རྒྱག་བཞིན་པའི་གནས་སྟངས་ཤིག་ཡིན། དེ་ནི་སེམས་པ་སྐྱོ་བའི་གནས་སྟངས་ཤིག་རེད། བོད་ནང་དུ་མཚོན་པ་ཡིན་ན་སྔོན་མ་རི་མོའི་སྒྱུ་རྩལ་མཐུན་ཚོགས་མང་པོ་བྱུང་འདུག བཙན་བྱོལ་ནང་ཕྱི་རྒྱལ་ཁག་ཏུ་རི་མོའི་སྒྱུ་རྩལ་ཐོག་མཐུན་ཚོགས་ཁག་ཅིག་བྱུང་ཡོད་ཀྱང་། དཔལ་འབྱོར་སོགས་ཀྱི་ཐོག་ནས་རྒྱབ་སྐྱོར་ཁག་པོ་ཡིན་དུས་མེད་པ་ཆགས་རེད། ཁ་དོག་མཐུན་ཚོགས་ལ་མཚོན་པ་ཡིན་ན། མགོ་བཙུགས་ཏེ་ད་ལྟའི་ཆར་ལོ་གསུམ་པ་དེ་འགྲོ་བཞིན་ཡོད། བོད་ཀྱི་ཐེབས་རྩ་སོགས་ཀྱི་རྒྱབ་སྐྱོར་ཐོབ་སྟེ་མུ་མཐུད་དུ་ལས་ཀ་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།

དྷ་རམ་ས་ལར་བརྩེ་བའི་སྐུ་མདུན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཕྲུག་ཚོས་བྲིས་པའི་རི་མོའི་བརྩམས་ཆོས་ ༩༠ འགྲེམས་སྟོན། ༢༠༢༥།༠༨།༡༩ དུས་བབ་ཀྱི་པར།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༥ ནས་ ༡༥ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཀཱ་མ་ལ་དྷེ་ཝི་ (Kamaladevi Complex) ཞེས་པའི་འགྲེམས་སྟོན་ཁང་ཞིག་ཏུ། ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ (Foundation for Universal Responsibility of His Holiness the Dalai Lama) དང་ཁ་དོག་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙི་ཞུས་པ་དང་བསྟུན། ༧མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་དང་ཕྱག་རྟགས་མཚོན་སླད། བརྩེ་བའི་སྐུ་མདུན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཕྲུག་རང་ལོ་ ༡༨ མན་གྱི་རི་མོའི་བརྩམས་ཆོས་གྲངས་ ༩༠ དེ་འགྲེམས་སྟོན་གནང་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༡༦ བར་དྷ་ས་མེག་གྷན་དུ་ཁ་དོག་མཐུན་ཚོགས་ཀྱི་གོ་སྒྲིག་འོག ངེས་མེད་ཅེས་པའི་བརྗོད་གཞིའི་ཐོག་ནས་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་རི་མོའི་སྒྱུ་རྩལ་བ་ ༢༠ ཡི་རི་མོའི་འགྲེམས་སྟོན་བྱས་ཏེ། རི་མོའི་ལམ་ནས་བཙན་བྱོལ་བོད་མི་རྣམས་ཀྱི་ངེས་མེད་ཀྱི་འཚོ་བ་གསལ་སྟོན་བྱེད་ཐབས་བྱས་ཡོད་པ་རེད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ ནས་ ༡༩ བར་ཉིན་གྲངས་བདུན་རིང་དྷ་ཤོད་ཀང་ར་སྒྱུ་རྩལ་འགྲེམས་སྟོན་ཁང་དུ། ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་བོད་སློབ་ཁག་ལྔའི་སློབ་ཕྲུག་གིས་བྲིས་པའི་བོད་ནང་གི་གནས་སྟངས་མཚོན་པའི་བྱིས་པའི་རི་མོ་གྲངས་ ༥༠ འགྲེམས་སྟོན་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

སྐར་མ ༥༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese