མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་ཀྱིས་རང་ཤི་རྒྱག་རྩིས་བྱས་ཏེ་ཛ་དྲག་གི་གནས་སྟངས་ནང་ལྷུང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཚེ་བཙོན་འོག་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱ་ཆོག་ཐབས་སུ། མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་ལས་འགུལ་སྤེལ་བར་རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་བཏང་ནས་རྐང་པ་གཅིག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ནས་མུ་མཐུད་བཀག་ཉར་འོག་བཞག་སྟེ་དམ་དྲག་བྱས་སྟབས་ཁང་ཐོག་ནས་མར་མཆོངས་ཏེ་རང་ཤི་རྒྱག་རྩིས་བྱས་འདུག

ལྷ་སའི་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་ཡར་མར་དྲུད་ནས་སར་འགྱེལ་ཡོད་པ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༨།༢༠

འདི་གའི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་བོད་ཀྱི་རྒྱལ་ས་ལྷ་ས་རུ། ཚེ་བཙོན་འོག་ཡོད་པའི་རང་ཉིད་ཀྱི་གཅུང་པོ་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་ཆོག་ཐབས་སུ་ཞི་བའི་ལས་འགུལ་སྤེལ་ཡོད་ཀྱང་། སྐྱ་ཆས་སྤྲས་པའི་ལྷ་སའི་ཉེན་རྟོག་པ་སོགས་ཀྱིས་ཁོང་མོ་སྲང་ལམ་ནས་སེམས་ཅན་ནང་བཞིན་ཡར་འདྲུད་མར་འདྲུད་བྱས་ཏེ་ཉེས་རྡུང་བཏང་ནས་རྐང་པ་གཅིག་ལ་རྨས་སྐྱོན་བཟོས་ཡོད་འདུག

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་བཙན་གྱིས་གཡག་མགྲོན་ཁང་གི་ནང་དུ་བཅུག་ཡོད་ཅིང་། ཁོང་མོ་ཕྱིར་འགྲོ་རྩིས་བྱེད་སྐབས་སྐྱ་ཆས་སྤྲས་པའི་ཉེན་རྟོག་པ་སོགས་ཀྱིས་ཁོང་མོ་དུད་འགྲོ་ནང་ལྟར་ཕྱིར་གཡག་མགྲོན་ཁང་གི་ནང་དུ་དྲུད་ནས་ས་ལ་འགྱེལ་ཡོད་འདུག་ལ། ད་ལྟ་རྒྱ་གཞུང་ཉེན་རྟོག་པས་གཡག་མགྲོན་ཁང་གི་ཕྱི་ནང་གཉིས་ནས་མགོན་པོ་སྐྱིད་ལགས་ཀྱི་འགྲོ་འདུག་གི་རང་དབང་ལ་དམ་དྲག་ཏེ། གཡག་མགྲོན་ཁང་གི་ཕྱིར་འགྲོ་བཅུག་གི་མེད་པ་རེད།

དེ་རིང་ཕྱི་ཚེས་ ༢༠ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་སུ་རྒྱ་གཞུང་ཉེན་རྟོག་པ་སོགས་ཀྱིས་རྡུང་རྡེག་དང་འགྲོ་འདུག་སོགས་ཀྱི་རང་དབང་ལ་དམ་དྲག་བྱས་ཏེ། གཡག་མགྲོན་ཁང་དུ་བཀག་ཉར་འོག་བཅུག་ཡོད་སྟབས། དེ་རིང་བོད་ནང་གི་ཞོགས་པ་ཙམ་ལ་མགོན་པོ་སྐྱིད་ལགས་གཡག་མགྲོན་ཁང་གི་ཐོག་རྩེག་གཉིས་པ་ནས་མཆོངས་ཏེ་རང་ཤི་རྒྱག་རྩིས་བྱས་ཡོད་ཅིང་། དོན་རྐྱེན་སྐབས་མགོན་པོ་སྐྱིད་ལགས་ཀྱི་སྐེད་པ་དང་རྐང་ལག་གཉིས་ལ་ཆག་སྐྱོན་བྱུང་སྟེ་ཛ་དྲག་གི་གནས་སྟངས་ནང་ལྷུང་ཡོད་པ་མ་ཟད། མགོན་པོ་སྐྱིད་ལགས་སུ་སྨན་བཅོས་བྱེད་པར་ཕྱིར་མངགས་གཏོང་བྱས་མེད་པ་རེད།

ཡང་གནས་ཚུལ་ལྟར་ན། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་པར་བརྟེན། བོད་རང་སྐྱོང་ལྗོངས་ནང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་སྟངས་འོག  ཉེ་སྔོན་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལྷ་ས་རུ་འདུག་གི་མ་བཅུག་པར་ལྷོ་ཁར་བཙན་གྱིས་འཁྲིད་ཡོད་པ་དང་། ཁོང་དམིགས་བསལ་གྱིས་བཀག་ཉར་འོག་ཏུ་བཅུག་མེད་ནའང་། ཕྱིར་ལྷ་སར་ཡོང་ཆོག་གི་མེད་པ་རེད་འདུག

རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་ཏེ། ཕྱི་ལོ་ ༢༠༢༠ ལོར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་ ༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ་ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་མགོན་པོ་སྐྱིད་ལགས་ཀྱི་གཙོ་བྱས་པའི་བཟའ་ཟླ་ཆོས་སྐྱོང་། རྡོ་རྗེ་ཚེ་བརྟན་བཅས་ཀྱིས་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་དང་ཉེན་རྟོག་ལས་ཁུངས་སོགས་ཀྱི་མདུན་ནས་སྔ་གཞུག་ཏུ་ཐེངས་ ༧ ལྷག་ལ་ཟས་བཅད་ངོ་རྒོལ་དང་རྐྱང་ཕྱག་འཚལ་བ་སོགས་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་བར་བརྟེན། ཞི་བའི་ལས་འགུལ་མཐའ་མའི་སྐབས་རྒྱ་གཞུང་གིས་མགོན་པོ་སྐྱིད་ལགས་ཉིན་གྲངས་དགུའི་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་ཉིན་གྲངས་ལྔའི་རིང་བཀག་ཉར་བྱས་ཏེ་ཕྱིས་སུ་ཀློད་གྲོལ་བཏང་ཡོད་འདུག ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༢ ཚེས་ ༢༠ ཉིན་དང་། ཟླ་ ༣  ཚེས་ ༡༤ ། ཟླ་ ༥ ཚེས་ ༡༠ དང་ ༢༨ སོགས་སུ་རྣམ་པ་འདྲ་མིན་གྱི་ཐོག་ནས་ཞི་རྒོལ་ལས་འགུལ་སྤེལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་མོའི་ཁྲིམས་མཐུན་གྱི་ཞུ་འབོད་ལ་ངོས་ལེན་མེད་ཁར་སྣང་མེད་དུ་བཏང་སྟེ། ཉེན་རྟོག་པ་སོགས་ཀྱིས་ཁོང་མོར་གཅར་རྡུང་བཏང་མྱོང་ཡོད།

ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྡོ་རྗེ་བཀྲ་ཤིས་ལགས་མཉམ་ཞུགས་དང་སྐུལ་སློང་བྱས་པའི་མ་ཉེས་ཁ་གཡོགས་ཀྱིས་ཟླ་མང་པོའི་རིང་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་། ཁོང་དང་ལྷན་དུ་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་རྡོ་རྗེ་ཚེ་བརྟན་ལགས་སུ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱིས་སུ་རྡོ་རྗེ་ཚེ་བརྟན་ལགས་ཀློད་གྲོལ་བཏང་ཡོད། འོན་ཀྱང་། ད་ལྟའི་ཆར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིར་ཁྲིམས་རྩོད་པར་ཐུག་འཕྲད་ཀྱིས་ཞུ་གཏུགས་བྱེད་པའི་ཐོབ་ཐང་དང་རྡོ་རྗེ་བཀྲ་ཤིས་ལགས་སུའང་བཙོན་ཁང་དུ་ཐུག་འཕྲད་ཙམ་ཡང་བྱེད་དུ་འཇུག་གི་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese