མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་མདོ་སྨད་གཙང་དགོན་པའི་ལོ་ན་བཅོ་བརྒྱད་མན་གྱི་དགེ་འདུན་པ་ཡོངས་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་དང་དགོན་པའི་གྲྭ་བ་ཡོངས་དང་མགོ་འཁྲིད་གྲྭ་ཤེར་བཟང་རྒྱ་མཚོ་ལགས་སུ་བཟོད་དཀའ་བའི་སུན་གཙེར་དང་གཉའ་གནོན་བྱས་སྟབས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བཅད་ཡོད་འདུག

གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བཏང་། བོད་ཀྱི་དུས་བབ་གསར་ཁང་གི་པར། 2025/8/22

དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་མ་བསླེབས་པའི་ཉིན་འགའི་སྔོན་ནས། རྒྱ་གཞུང་གི་ཉེན་རྟོག་པས་གཙང་དགོན་པར་དམ་དྲག་ཤུགས་ཆེན་བྱས་ཏེ། དགོན་པའི་ནང་གི་གྲྭ་ཤག་རེ་རེ་བཞིན་སྔོག་བཤེར་བྱས་ཡོད་པ་དང་། སྐབས་དེར་གྲྭ་ཤག་ཁག་ཅིག་ནས་༸གོང་ས་མཆོག་གི་སྐུ་པར་ཉེན་རྟོག་པའི་ལག་ཏུ་ཚུད་ཡོད་སྟབས། ཉེན་རྟོག་པས་དགོན་པའི་དགེ་འདུན་པ་ཡོངས་རྫོགས་དགོན་པར་བཀའ་འགུག་བྱས་ནས་དགོན་པར་བཀག་སྐྱིལ་ལྟ་བུ་བྱས་ཏེ་དགེ་འདུན་པ་རྣམས་ཀྱི་འགྲོ་འདུག་གི་རང་དབང་ལ་བཀག་སྡོམ་ཤུགས་ཆེར་བྱས་པ་དང་། ལོ་བཅོ་བརྒྱད་འོག་གི་གྲྭ་གཞོན་ཡོངས་རྫོགས་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་འདུག

༸གོང་ས་མཆོག་གི་འཁྲུངས་སྐར་རྗེས་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ནས་བསྐྱར་དུ་དགོན་པའི་གྲྭ་ཤག་ཁག་ཏུ་ཉིན་རེ་བཞིན་སྔོག་བཤེར་ཐེངས་མང་བྱས། དགེ་འདུན་པ་རྣམས་ལ་ཉིན་རྟག་པར་ཆབ་སྲིད་སྐོར་གྱི་ཚོགས་འདུ་བསྐོངས་ནས་དགོན་པའི་ནམ་རྒྱུན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་མཐའ་དག་རྩིས་མེད་སྣང་ཆུང་དང་ཁྱད་གསོད་ཀྱིས་དགེ་འདུན་པར་མནར་གཅོད་དང་ཁོང་ཁྲོ་སློང་ཐབས་བྱས་འདུག་ལ།  ༸གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐབས་དེར། དགོན་པའི་ལྷ་སྡེའི་ཁོངས་གཏོགས་ཀྱི་འབྲོག་སྡེ་ཁག་ཏུ་གནའ་སྔ་མོ་ནས་བོད་ཟླ་ལྔ་པ་དང་དྲུག་པར་དགེ་འདུན་པ་གདན་འདྲེན་གྱིས་སྡེ་བའི་ཞབས་རིམ་འཚོགས་པའི་སྲོལ་རྒྱུན་ཡོད་པ་དག་ལའང་དགེ་འདུན་པ་ཕེབས་མ་བཅུག་པས་མི་མང་གི་ཆོས་དད་རང་དབང་དང་སྲོལ་རྒྱུན་གོམས་སྲོལ་སོགས་ལ་རྩིས་མེད་རྡོག་རོལ་བཏང་ཡོད་འདུག་ལ། དགོན་པའི་གྲྭ་པ་ཡོངས་ཀྱི་འགྲོ་འདུག་གི་རང་དབང་སོགས་ལ་དམ་དྲག་བྱས་དང་བྱེད་མུས་ཡིན་འདུག

དགེ་འདུན་པ་ཡོངས་དང་ལྷག་པར་དུ་དགོན་པའི་མགོ་ཁྲིད་ཁག་ལ་གནོན་ཤུགས་བཟོད་དཀའ་བ་སྤྲད་པར་བརྟེན། ཕྱི་ཟླ་ ༨ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཙམ་ལ་དགོན་པའི་དོ་དམ་ལྷན་ཁང་གི་མགོ་ཁྲིད་གཙོ་བོ་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་དགོན་པའི་ཚོང་ཁང་གི་ཐོག་ཁར་རྒྱ་ནག་གི་སུན་གཙེར་དང་གཉའ་གནོན། ཐུབ་ཚོད་སོགས་ལ་ངོ་རྒོལ་གྱིས་རང་སྲོག་བཅད་ཡོད་འདུག

All the monks and residents of the Tsang Monastery in Malho Sog Dzong are under strict restrictions. Photo: Tibettimes 2025/8/22

དགེ་འདུན་པ་ཤེར་བཟང་རྒྱ་མཚོ་ལགས་ནི་ད་ལྟ་དགུང་ལོ་ ༥༢ ཡིན་ཞིང་། དགོན་པ་དེར་རྨ་ལྷོ། མཚོ་ལྷོ། མགོ་ལོག་བཅས་ཁུལ་གསུམ་གྱི་གྲྭ་པ་བཞུགས་ཡོད་པ་ལས་རྨ་ལྷོ་སོག་རྫོང་ཁོངས་གཏོགས་ཀྱི་ཨ་རིག་སྡེ་བའི་མི་ཡིན་པ་དང་། ཡང་དགོན་པར་གྲྭ་ཚང་ཁག་ལྔ་ཡོད་པའི་ནང་ནས་རྒྱུད་པ་གྲྭ་ཚང་གི་ཁོངས་གཏོགས་ཡིན་འདུག   ཁོང་ནི་དགོན་པར་གྲྭ་པ་གྲངས་གཅིག་སྟོང་ཡས་མས་བཞུགས་ཡོད་པ་ལས་ཤེས་ཡོན་དང་ཀུན་སྤྱོད་གང་ཐད་ནས་གྲྭ་པ་རྩེ་ཕུད་ཀྱི་གྲས་ཤིག་ཡིན་འདུག

ད་ལྟའི་ཆར་དགོན་པ་དང་མི་མང་གཉིས་ཆར་དམ་དྲག་ཤུགས་ཆེར་བཏང་བའི་རྐྱེན་གྱིས་གནས་ཚུལ་ཁ་གསལ་དང་པར་རིས་སོགས་གང་ཡང་རག་གི་མི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese