མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་སྒོར་མོ་བསྐུར་ཟེར་བར་ཁ་གཡར་ནས་གཙང་དགོན་པའི་གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་ཏེ་ཟླ་གཉིས་ཟིན་ལ་ཉེ་ཞིང་། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་བདེ་འཇགས་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༨།༢༥

འདི་གའི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་གྱི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་པའི་སྐབས་ཏེ། ཕྱི་ཟླ་ ༧ ཚེས་ ༢ ཡས་མས་ཙམ་ལ་མདོ་སྨད་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གཙང་དགོན་པའི་དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། རྒྱ་གཞུང་ཉེན་རྟོག་པས་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་ནས་འཛིན་བཟུང་བཀག་ཉར་བྱས་འདུག་ཅིང་། ད་ལྟའི་བར་དུ་གཉེན་ཉེ་སོགས་འབྲེལ་ཡོད་མི་གཅིག་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པའི་ཁར། ད་ལྟ་རྒྱ་ནག་གིས་ཁོང་གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འདི་གར་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། རྒྱ་གཞུང་ཉེན་རྟོག་པས། གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱེད་དོན་རྒྱ་གར་དུ་སྒོར་མོ་བསྐུར་བའི་ནག་ཉེས་བཀལ་ཡོད་ཀྱང་འདི་ཕྱོགས་ཀྱི་སྤུན་མཆེད་ནས་དེ་ལྟར་བྱུང་མེད་ཅེས་གླེང་བཞིན་པ་དང་། འབྲེལ་ཡོད་ཚོས་གནས་ཚུལ་གཞན་ཞིག་གིས་བཟུང་བར་དོགས་པ་བྱེད་ཀྱིན་ཡོད་འདུག

ཕྱི་ཟླ་ ༧ པའི་ཚེས་མགོར་ཁོང་གཟུགས་གཞི་བདེ་མིན་གྱི་རྐྱེན་གྱིས་གྲོང་ཁྱེར་ཟི་ལིང་དུ་སྨན་པར་བསྟེན་གཏུག་བྱེད་པར་ཕྱིན་སྐབས།  རྒྱ་གཞུང་ཉེན་རྟོག་པས་ཟི་ལིང་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་ད་བར་ཟླ་གཉིས་ཙམ་ཟིན་ཉེའི་རིང་གཉེན་ཉེ་ཚོར་ངོ་ཐུག་བྱེད་བཅུག་མེད་པར་མ་ཟད། ད་བར་གང་དུ་ཡོད་མེད་རྩད་གཅོད་བྱེད་ཐབས་ཀྱང་དཀའ་བའི་གནས་སུ་གྱུར་འདུག

ཕྱི་ལོ་ ༢༠༠༨ ལོར་ཁོང་གི་མ་སྤུན་བུ་མཁས་གྲུབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་པ་ནས་བཟུང་གྲྭ་མཛེས་དགའ་རྒྱ་མཚོ་ལགས་གཙོ་བོར་གྱུར་བའི་གཉེན་ཉེ་དང་འབྲེལ་ཡོད་མང་པོ་ཞིག་ལ་རྒྱ་གཞུང་གིས་ལྟ་རྟོག་དང་དོགས་ཟོན་བྱ་སའི་ཁོངས་སུ་བཅུག་སྟེ་ཕྱི་ཕྱོགས་སུ་འབྲེལ་ལམ་ཡོད་སྐོར་བརྗོད་ནས་སྐད་ཆ་འདྲི་བ་དང་ཉེན་བརྡ་གཏོང་བ། དུས་ཚོད་ངེས་མེད་ཉེན་རྟོག་ཁང་དུ་སྐད་གཏོང་བ་སོགས་སུན་གཙེར་ཐེངས་མང་པོ་བཟོས་མྱོང་ཡོད་འདུག

 

བོད་མདོ་སྨད་འབའ་རྫོང་གི་གཙང་དགོན་དོན་གྲུབ་རབ་བརྟན་གླིང་། པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༨།༢༥

དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ནི། ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ལོ་གཅིག་ཙམ་རིང་སློབ་གཉེར་བྱས་རྗེས། ཕྱི་ལོ་ ༢༠༠༣  ལོར་ཕྱིར་ཕ་ཡུལ་དུ་ལོག་སྟེ་རྭ་རྒྱའི་སློབ་གྲྭ་རུ་སློབ་སྦྱོང་བྱས། སློབ་མཐར་ཕྱིན་རྗེས་གཙང་དགོན་པའི་སློབ་གྲྭ་ལྔ་རིག་ལེགས་བཤད་གླིང་གི་དགེ་རྒན་བྱས། ད་ལྟའང་སློབ་གྲྭ་དེའི་བོད་ཡིག་དགེ་རྒན་གནང་མུས་ཡིན་འདུག ཁོང་ད་ལྟ་དགུང་གྲངས་ ༤༨ ཡིན་པ་དང་། ཕ་བསོད་དབང་དང་མ་བཀྲ་ཤིས་གཉིས་ལ་བུ་གསུམ་དང་བུ་མོ་གསུམ་བཅས་ཁྱོན་བུ་རྒྱུད་དྲུག་ཡོད་པའི་ནང་གི་ཆེ་བ་དེ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

སྐར་མ ༢༡ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese