མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁྱིམ་གྱི་སློབ་མ་ཞིག་ལ་བཙན་གཡེམ་བྱས་ཡོད་མེད་ཐད་ཉེན་རྟོག་པས་ཞིབ་འཇུག་བྱེད་མུས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཁྱིམ་གྱི་སློབ་མ་ཞིག་གིས་སྐྱེས་པ་ཞིག་གིས་ཆགས་སྲེད་དང་འབྲེལ་ནས་བརྙས་བཅོས་བྱས་སོང་ཟེར་བ་བཞིན། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ས་གནས་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུགས་བྱས་པ་ལྟར་ཉེན་རྟོག་པས་ཞིབ་འཇུག་བྱེད་མུས་ཡིན་འདུག

Himachal dastak Representative Image

རྒྱ་གར་གྱི་(The Tribune) གསར་ཁང་གིས་གནས་ཚུལ་སྤེལ་བའི་ཁྲོད། ཕྱི་ཟླ་ ༩ ཚེས་ ༢༣ ཉིན་དྷ་སྟེང་བོད་ཁྱིམ་གྱི་ལོ་རིམ་དྲུག་པའི་བུ་མོ་ཞིག་ལ་སློབ་གྲྭའི་རྐང་སྤོལ་རྩེད་ཐང་གི་ཉེ་འགྲམ་དུ་བཙན་གཡེམ་བྱས་ཡོད་པའི་གནད་དོན་དང་འབྲེལ་ནས། ཉེན་རྟོག་པ་རྣམས་ཀྱིས་དོགས་ཡོད་མི་སྣ་སོགས་སུ་འདྲི་རྩད་བྱས་ཏེ། དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་ཐད་ཞིབ་འཇུག་བྱེད་མུས་ཡིན་འདུག

གནད་དོན་དེའི་ཐད་དྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས། དྷ་སྟེང་བོད་ཁྱིམ་གྱི་བུ་མོ་ཆུང་ཆུང་ཞིག་ལ་སྐྱེས་པ་ཞིག་གིས་རྐུབ་ལ་ལག་པ་འཆང་བ་དང་། འོ་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་ནས། གནད་དོན་དེ་ས་གནས་ཉེན་རྟོག་ཁང་ལ་ཞུ་གཏུགས་ཀྱིས་ཞིབ་འཇུག་བྱེད་མུས་རེད། ང་ཚོས་ཕྲུ་གུ་ཆུང་ཆུང་དེས་གང་བཤད་པར་གཞི་བཞག་པ་ལས། དངོས་ཡོད་ཀྱི་བཙན་གཡེམ་བྱས་ཡོད་པའི་ཁ་གསལ་གྱི་བདེན་དཔང་མེད་ཀྱང་། ཆགས་སྲེད་དང་འབྲེལ་བའི་གནད་དོན་བྱུང་ཡོད་སྲིད་པའི་དོགས་པ་ཡོད་སྟབས། ཉེན་རྟོག་ཁང་ལ་གནད་དོན་དེ་ཞུ་གཏུགས་ཀྱིས་ཞིབ་འཇུག་བྱེད་མུས་ཡིན་པས། ཕྱིས་སུ་ཉེན་རྟོག་པས་ཞིབ་འཇུག་བྱུང་རིམ་བཞིན། དངོས་ཡོད་ཀྱི་གནས་ཚུལ་ག་རེ་བྱུང་ཡོད་མེད་གསལ་པོ་ཆགས་ཀྱི་རེད། ཅེས་བརྗོད་བྱུང་།

ཡང་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། བུ་མོ་དེར་ཆགས་སྲེད་ཀྱི་གནས་ཚུལ་བྱུང་བའི་གནད་དོན་དང་འབྲེལ་ནས། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་ཁ་པར་འབྱོར་ནས། ཐད་ཀར་དྷ་ས་ས་གནས་མགོ་འཛིན་སར་བཅར་སོང་། བུ་མོ་ཆུང་ཆུང་ཞིག་གིས། སྐྱེས་པ་ཞིག་གིས་མོ་རང་གི་དོར་མའི་རྒྱབ་ནས་ལག་པ་བསྲིངས་ཏེ་རྐུབ་ལ་ལག་པ་འཆང་བ་དང་། ལྕེ་སྤྲད་དང་ལབ་པའི་གནས་ཚུལ་བྱུང་ཡོད་སྐོར་བཤད་པ་ལས། ང་ཚོར་དངོས་ཡོད་ཀྱི་ཆགས་སྲེད་དང་འབྲེལ་བའི་གནད་དོན་རིགས་བྱུང་ཡོད་པའི་བདེན་དཔང་མེད་ནའང་། ས་གནས་ཉེན་རྟོག་ལས་ཁུངས་སུ་བུ་མོ་ཆུང་ཆུང་དེས་གང་བཤད་པ་བཞིན། གནས་ཚུལ་དེའི་ཐད་ཞིབ་འཇུག་བྱ་རོགས་ཞེས་ཞུ་གཏུགས་བྱས་ཡོད་པ་ལས། ད་བར་དངོས་ཡོད་ཀྱི་བདེན་དཔང་གང་ཡང་མེད་སྐོར་སོགས་བརྗོད་བྱུང་།

རྒྱ་གར་གྱི་གསར་ཁང་ཁག་ཅིག་གི་གནས་ཚུལ་ལྟར་ན། དྷ་སྟེང་བོད་ཁྱིམ་གྱིས་ཞུ་གཏུགས་བྱས་པ་བཞིན། ཉེན་རྟོག་པ་རྣམས་ཀྱིས་མེག་ལོར་གནས་སྡོད་བོད་པའི་སྐྱེས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས། ཉེན་རྟོག་པས་ཆེད་དུ་ཡུལ་དངོས་ཀྱི་གནད་དོན་ཁག་ལ་ཞིབ་འཇུག་གིས་ཐོ་འགོད་བྱས་ཡོད་ཅིང་། ཉིན་དེར་ཉེན་རྟོག་པས་ཕྱི་ལོ་ ༢༠༡༢ ལོར་གཏན་འབེབས་བྱས་པའི་བྱིས་པར་ཆགས་སྲེད་ཀྱི་གནད་དོན་འགོག་ཐབས་ཀྱི་ཁྲིམས་འཆར་དང་འབྲེལ་ནས། གྱོད་དོན་ཐོ་འགོད་དང་ཞིབ་འཇུག་བྱེད་མགོ་བཙུགས་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese