མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ཤོག་སྦག་སྤར་བ་ལས་འཕྲོས་པའི་གཏམ་གླེང།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཆབ་མདོ་ངག་ཕུན།
རྩོམ་ཁུངས། བོད་ཀྱི་དུས་བབ།

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།

དེ་རིང་ནི་ངས་བོད་ནང་དུ་རྒྱ་རིགས་སྒྱུ་རྩལ་པ་ཚའེ་གོ་བྱང་ཟེར་བ་ཞིག་གིས་བོད་མཐོ་སྒང་དུ་རང་སྣང་གང་ཤར་གྱིས་ཤོག་སྦག་བེད་སྤྱོད་བཏང་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པའི་སྐོར་དེ་ཡིན་ཞིང་། དེ་ཡང་བོད་མཐོ་སྒང་ལ་རྒྱ་རིགས་སྒྱུ་རྩལ་པ་ཚའེ་གོ་བྱང་གིས་ཤོག་སྦག་བེད་སྤྱད་ནས་རི་ལུང་དུ་བས་བརྒྱངས་བ་དྲ་ལམ་ཁག་ཏུ་མཐོང་རྒྱུ་འདུག་ཅིང་། དེ་དག་མཐོང་དུས་སེམས་ནང་མ་སྐྱིད་པ་ཧ་ཅང་ཆེན་པོ་བྱུང་།  དེ་འདྲའི་ཤོག་སྦག་སྤར་དུས་དེའི་དུག་རླངས་ཀྱིས་ཁོར་ཡུག་ལ་གནོད་པ་མ་ཟད། ཤོག་སྦག་གི་འུར་སྒྲས་ལྷིང་འཇགས་གནས་པའི་རི་སྐྱེས་སྲོག་ཆགས་རྣམས་ཀྱི་སེམས་ནང་ཞེད་སྣང་ག་ཚོད་བཏང་ཡོད་པ་དང་། དུག་རླངས་དེས་མི་ཕྱུགས་གཉིས་ལ་གནོད་སྐྱོན་ག་ཚོད་ཅིག་བྱུང་གི་ཡོད་པ་བརྗོད་མ་དགོས། གཡུ་འབྲུག་མཁའ་ལྡིང་ཞེས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་རྩོམ་མཁན་རྒྱ་རིགས་ཚའེ་གོ་བྱང་ཟེར་བ་དེས་རྐང་བཙུགས་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བཤིག་གཏོང་ཆེད་དུ་འཁྲབ་སྟོན་ངན་པའི་ལས་འགུལ་དེ་འདྲ་ཞིག་སྤེལ་བཅུག་པ་དེ་རེད།  ཁོ་པས་དེ་འདྲའི་ལས་འགུལ་དེ་སྔོན་རྒྱལ་ཁབ་འགའ་ཤས་ནང་འཁྲབ་སྟོན་སྤེལ་འཆར་བྱས་ནའང་རྒྱལ་ཁབ་དེ་དག་གིས་ཆོག་མཆན་མ་ཐོབ་པ་དང་། རྒྱལ་ཁབ་དེ་དག་གིས་ཁོར་ཡུག་ལ་གནོད་སྐྱོན་འཐེབ་ཀྱི་ཡོད་པ་ཤེས་ནས་ཆོག་མཆན་མ་སྤྲད་པ་ཞིག་རེད། ལྷག་པར་ཤོག་སྦག་སྤར་བའི་ཡུལ་དངོས་ནས་ཐད་གཏོང་བྱེད་སྐབས་སུ་ཁོ་པས་དགའ་སྤྲོ་འཁོར་བའི་ངང་ནས་“ངའི་གཞོན་དུས་ཀྱི་རྨི་ལམ་མངོན་འགྱུར་བྱུང་དུ་བཅུག་པར་བཀའ་དྲིན་ཆེ་”ཞེས་བརྗོད་ཡོད། དེ་ཡང་བོད་ཀྱི་དུས་བབ་ལས། “ཡུལ་དངོས་སུ་ཡོད་པ་རྣམས་ཀྱིས་ང་དང་མཉམ་དུ་ངའི་གཞོན་དུས་ཀྱི་རྨི་ལམ་མངོན་འགྱུར་བྱུང་དུ་བཅུག་པར་བཀའ་དྲིན་ཆེ། འགྲོ་བ་མིའི་རིགས་ཀྱིས་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བཞིན་པའི་དུས་སྐབས་འདིར་མཁའ་ལམ་སྙེག་པའི་ཤོག་སྦག་གི་གསེར་འབྲུག་འདིས། འཛམ་གླིང་ལ་སྟོབས་ཤུགས་དང་སྨོན་འདུན། རེ་བ་བཅས་བསྐྲུན་ཐུབ་པའི་རེ་བ་ཡོད་སྐོར་དང་། ད་ལན་གྱི་འགྲེམས་སྟོན་དེས་མ་འོངས་པར་མུ་མཐུད་ནས་འགྲེམས་སྟོན་འདི་རིགས་བྱེད་པར་བློ་སྤོབས་བརྙེད་ཡོད་སྐོར་དང་། ཤོག་སྦག་འགྲེམས་སྟོན་ལ་རྒྱལ་རྩེ་རྫོང་གི་མགོ་འཁྲིད་དང་ཉེན་རྟོག་ཁང་། མེ་འགོག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། གློག་འདོན་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་སོགས་ཀྱིས་དུས་ཐུང་ནང་ལས་དོན་ལམ་ལྷོངས་ཡོང་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་སྐོར་བརྗོད་འདུག” ཅེས་གསལ་དོན་ལས་གོང་གི་སྡེ་ཚན་ཁག་དེ་དག་གིས་རྒྱབ་སྐྱོར་བྱས་ནས་ཁོ་པས་ལས་དོན་དེ་དག་ལམ་ལྷོང་བྱུང་སོང་ཞེས་བརྗོད་ཁུལ་བྱས་ཡོད། དབུས་གཞུང་གིས་རྒྱབ་སྐྱོར་ཡོད་པར་བརྟེན་ནས་ས་གནས་ཀྱི་རོགས་འདེགས་མ་བྱས་རང་བྱས་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་རེད། ཁོ་པས་ད་དུང་འཁྲབ་སྟོན་དེ་འདྲའི་རིགས་སྤེལ་རྒྱུ་ཡིན་པར་བློ་སྤོབས་བརྙེད་ཡོད་སྐོར་གསལ་བརྗོད་བྱས་ཡོད། དེར་བརྟེན་ད་ནས་བཟུང་སྟེ་བོད་མཐོ་སྒང་གི་ཕྱོགས་སུ་ཁོར་ཡུག་ལ་གནོད་གཞི་ཅན་གྱི་འཁྲབ་སྟོན་དེ་དག་ཁྱོན་ནས་བྱེད་མི་བཅུག་པའི་དབུས་དང་ས་གནས་གཉིས་ཀྱི་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཞིག་རེད།  དེ་ནི་ང་ཚོའི་བོད་མི་རིགས་ཀྱི་ཁྱིམ་གཞིས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན།

མཐར་བོད་མཐོ་སྒང་ལ་རྒྱ་རིགས་ཚའེ་གོ་བྱང་ལ་དེ་འདྲའི་ཤོག་སྦག་གི་ལས་འགུལ་དེ་སྤེལ་བཅུག་པ་རེད། ཁོ་པས་ལོ་མང་སྔོན་གྱི་མངོན་འདོད་དེ་རིང་འགྲུབ་སོང་ཅེས་བཤད། ཁོས་དེ་འདྲའི་ལས་འགུལ་སྤེལ་བསམ་ནས་གོང་གི་རྒྱལ་ཁབ་དེ་དག་ལ་འབྲེལ་བ་བྱས་རུང་ཆོག་མཆན་མ་སྤྲད་པ་རེད། ཐ་མ་ཁོ་པར་བོད་ལྗོངས་རྒྱལ་རྩེ་ས་ཁུལ་ཁྲ་ཆུང་ངམ་ཕྲ་ཆུང་གི་ཕྱོགས་སུ་སྤེལ་རྒྱུའི་གོ་སྐབས་རག་པ་རེད། རི་རྩེར་སྲིད་པ་ཆགས་པའི་གངས་རིས་ཡོངས་སུ་སྐོར་ཞིང་། རི་འདབས་སྔོ་ལྗང་ལྡན་པའི་རྩི་ཤིང་མཐོང་རྒྱུ་འདུག་ལ། དེ་འདྲའི་སྐྱིད་ཉམས་ལྡན་པའི་རི་རྒྱུད་དེར་ཤོག་སྦག་གི་རྫས་ངན་བེད་སྤྱེད་ནས་ང་ཚོའི་ཁྱིམ་གཞིས་ལ་གནོད་སྐྱོན་དང་གོད་ཆག་ཆེན་པོ་བཏང་ཡོད། གོད་ཆག་དེ་ནི་ལོ་ཤས་ནང་བསྐྱར་གསོ་བྱེད་མི་ཐུབ་པའི་གནད་དོན་ཞིག་རེད། བརྙན་པར་འགའ་ཤས་ནང་གྲོང་གསེབ་ཀྱི་མི་ཚོས་ཤོག་སྦག་གི་གད་སྙིགས་དེ་དག་སྒྲུག་བཞིན་པ་མཐོང་རྒྱུ་འདུག་ཅིང་། དེ་ཡང་དུས་བབ་ལས། “ས་གནས་མི་མང་གིས་ཤོག་སྦག་སྤར་ཤུལ་གྱི་རྫས་ངན་འབག་བཙོག་རིགས་གཙང་བཟོ་བྱེད་ཀྱི་ཡོད་པའི་བརྙན་ཐུང་དེ་འདྲ་མཐོང་རྒྱུ་འདུག” ཅེས་གསལ་བ་དང་། འཁྲབ་སྟོན་དེ་སྤེལ་ནས་སྤྱིར་སྤྱི་ཚོགས་ནང་ཚ་ཚ་འུར་འུར་གྱིས་གླེང་སློང་བྱེད་མཁན་བྱུང་བར་བརྟེན་དེང་སྐབས་ས་གནས་དེར་སུ་ཞིག་འགྲོ་སྤྱོད་མི་ཆོག་པ་བཟོ་ཡོད་ཚུལ་བཤད་ཀྱི་འདུག དེར་བརྟེན་ས་གནས་དེར་གནོད་འཚེ་བཏང་ཡོད་པར་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེ་མིན་དེར་འགྲོ་མི་ཆོག་པའི་བཀག་འགོག་བྱེད་དགོས་དོན་གང་ཡང་མ་མཐོང་། རྒྱ་རིགས་སྒྱུ་རྩལ་པ་ཡིན་ཟེར་མཁན་ཚའེ་གོ་བྱང་གིས་ང་ཚོའི་ཁྱིམ་གཞིས་ལ་གནོད་སྐྱོན་བཟོས་སོང་། དེ་ནི་གོང་ཞུས་ལྟར་དབུས་གཞུང་གིས་བཀོད་ཁྱབ་ལྟར་ས་གནས་ཀྱི་ཤོག་སྦག་སྤར་ཆོག་པ་ཆོག་མཆན་སྤྲད་པ་ཞིག་ལས་ས་གནས་རང་གི་དེ་འདྲའི་ཤོག་སྦག་སྤར་ཆག་པའི་ཆོག་མཆན་སྤྲད་ཡོད་པ་ཞིག་ཏུ་མ་མངོན། ཐོག་མ་རྒྱ་རིགས་སྒྱུ་རྩལ་པ་ཡིན་ཟེར་མཁན་ཚའེ་གོ་བྱང་གིས་“འགྲོ་བ་མིའི་རིགས་ཀྱིས་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བཞིན་པའི་དུས་སྐབས་འདིར་མཁའ་ལམ་སྙེག་པའི་ཤོག་སྦག་གི་གསེར་འབྲུག་འདིས། འཛམ་གླིང་ལ་སྟོབས་ཤུགས་དང་སྨོན་འདུན། རེ་བ་བཅས་བསྐྲུན་ཐུབ་པའི་རེ་བ་ཡོད་སྐོར་”སོགས་ལས་རྒྱ་ནག་གི་སྟོབས་ཤུགས་ཀྱིས་འཛམ་གླིང་ལ་ཁ་ལོ་བསྒྱུར་བཞིན་ཡོད་མདོག་གི་རྣམ་པ་མཚོན་ཐབས་སུ་སྐད་ཆ་དེ་དག་བཤད་ཡོད།

གང་ལྟར་ཚའེ་གོ་བྱང་གིས་རང་ཉིད་ཀྱི་བསམ་དོན་ཇི་བཞིན་མ་བྱུང་ནས་ཚའེ་གོ་བྱང་ལ་སྐྱོན་བརྗོད་བྱེད་མཁན་ཡོང་དུས་དེ་ནི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། ཤོག་སྤག་ནང་ཁོར་ཡུལ་ལ་གནོད་པའི་རྫས་རིགས་བེད་སྤྱོད་བྱས་མེད་ཚུལ་བརྗོད་ཡོད། མཐར་ཕྱི་ནང་གང་སར་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཧ་གོ་དུས། ད་གཟོད་གཞི་ནས་རྒྱ་རིགས་སྒྱུ་རྩལ་པ་ཚའེ་གོ་བྱང་གིས་དགོངས་སེལ་ཞུས་ཡོད་ལ། དེ་ཡང་དུས་བབ་ལས། “ཁེ་ན་ཌར་ཡོད་པའི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx) ཞེས་པ་དེས་སྤྱི་ཚོགས་དྲ་ལམ་བརྒྱུད་དགོངས་སེལ་གྱི་ཡི་གེ་ཞིག་སྤེལ་བའི་ནང་། བོད་ཀྱི་ཧི་མ་ལ་ཡའི་ས་ཁུལ་དུ་ཤོག་སྦག་སྤར་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་གནད་དོན་དང་འབྲེལ་ནས་དགོངས་དག་ཞུ་རྒྱུ་ཡིན་ལ། རྒྱ་རིགས་སྒྱུ་རྩལ་བ་ཚའེ་ཟེར་བས་གནད་དོན་དེ་དང་འབྲེལ་ནས་དགོངས་དག་ཞུས་པ་དང་། ཁོང་གིས་འགན་འཁུར་བླངས་པའི་ཐོག་ནས་ད་ལྟའི་ཆར་ཤོག་སྦག་སྤར་བའི་རྐྱེན་གྱིས་ཁོར་ཡུག་ལ་དོ་ཕོག་བྱུང་བ་རྣམས་བསྐྱར་གསོ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག” ཅེས་གསལ། དགོངས་སེལ་ཞུས་པ་ཙམ་གྱིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་དེ་དག་བསྐྱར་གསོ་བྱེད་ཐུབ་ཀྱི་རེད་དམ། ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་དེ་དག་ལོ་ཟླ་ཁ་ཤས་ནང་བསྐྱར་གསོ་མི་ཐུབ་པ་ང་ཚོས་བརྗོད་པ་མ་ཡིན་པར་ཚན་རིག་པས་བརྗོད་ཀྱི་ཡོད།

ལྷག་པར་རྒྱ་རིགས་སྒྱུ་རྩལ་པ་ཚའེ་གོ་བྱང་གིས་བོད་རང་ལ་ཤོག་སྦག་གི་འཁྲབ་སྟོན་དེ་སྤེལ་དགོས་དོན་གང་ཞིག་ཡིན་ནམ། བོད་རང་སྐྱོང་ལྗོངས་ཟེར་བ་དབུས་བརྙེས་ནས་ལོ་ངོ་དྲུག་བཅུ་འཁོར་ཟེར་བ་དེར་རྟེན་འབྲེལ་མཚོན་བྱེད་ཀྱི་ཁོ་པས་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པ་ནི་བརྗོད་མ་དགོས། རྒྱ་དམར་གྱིས་བོད་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུ་བྱས་ཚུལ་གྱིས་འུར་སྒྲོག་བྱེད་བཞིན་ཡོད། དོན་དདོས་དེ་འདྲ་ཞིག་གཏན་ནས་མིན། གྲོང་ཁྱེར་ཆེ་ཁག་ཏུ་ཡར་རྒྱས་ཀྱི་རྣམ་པ་འདྲ་པོ་ཁྲ་ཁྲ་ཟང་ཟིང་མང་པོ་མཐོང་རྒྱུ་ཡོད་པ་དང་། གཞུང་ལམ་ཡག་པོ་ཡོད་པ་མཐོང་རྒྱུ་ཡོད། གཞུང་ལམ་ཡག་པོ་བཟོ་དགོས་དོན་བོད་ནས་རང་བྱུང་གཏེར་ཁ་སྔོག་འདོན་སོགས་ཀྱི་དབོར་འདྲེན་རླངས་འཁོར་འགྲོ་ས་ཡིན་པ་ལས་བོད་མི་རིགས་ཁོ་ནར་ཕན་ཐོགས་ཡོང་ན་བསམ་ནས་གཞུང་ལམ་གསར་བཟོ་བྱས་པ་ཞིག་མ་རེད། དེ་བཞིན་གྲོང་གསེབ་ཀྱི་ལུང་པ་ཁུག་ཀྱོག་ཏུ་ཕྱིན་དང་བོད་ལ་ཡར་རྒྱས་ག་ཚད་བཏང་ཡོད་པ་ག་གཟོད་གཞི་ནས་ཤེས་ངེས་རེད་ལ། ལྷག་དོན་བོད་གངས་ཅན་ལྗོངས་ཀྱི་ལ་སྟོད་དིང་རི་རྫོང་གཙོས་པའི་ཉེ་འཁོར་གྱི་ས་གནས་ཁག་ལ་ཕྱི་ལོ་ ༢༠༢༥ ཟླ་༠༡ ཚེས ༧ ཉིན་ས་ཡོམ་གྱི་རྐྱེན་པས་གོད་ཆག་ཚབས་ཆེན་བྱུང་དུས་ས་གནས་དེ་དག་གི་འཚོ་བའི་གནས་སྟངས་ལས་གསལ་པོ་ཤེས་ངེས་རེད། གང་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་བོད་མཐོ་སྒང་བཙན་འཕྲོག་བྱས་ནས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚད་ལས་འདས་པ་བཏང་ཡོད། དེ་ཡང་རང་ཉིད་ལྟ་བུ་ཞིག་ཏུ་མཚོན་ན་བོད་ནང་བསྡད་པའི་སྐབས་སུ། རྫ་རྒྱུད་དུ་རྒྱ་གཞུང་གིས་བཙུགས་བཞག་པའི་ཤིང་ཆའི་བཟོ་གྲྭ་ཞིག་ཡོད་པས། དེར་རླངས་འཁོར་ནང་ཐང་ཤིང་བླུགས་ཏུ་ང་ཚོའི་ལུང་པའི་ཕོ་གསར་འགའ་ཤས་མཉམ་དུ་འགྲོ་མྱོང་ཡོད། རླངས་འཁོར་ནང་ཤིང་ཆ་རྣམས་བླུགས་ནས་རྒྱ་ནག་ཕྱོགས་སུ་དབོར་འདྲེན་བྱེད་ཀྱི་ཡོད། བཟོ་གྲྭ་དེའི་ནང་ཤིང་གཤགས་སའི་འཕྲུལ་ཆ་དེ་འདྲའི་བཙུགས་ནས་འདུག་ཅིང་། དེའི་ནང་ལས་ཀ་བྱེད་མཁན་བོད་རིགས་འགའ་ཤས་ལས་མང་ཆེ་བ་རྒྱ་རིགས་རེད། པང་ལེབ་རྣམས་གཤགས་ཚར་རྗེས་རླངས་འཁོར་ནང་བླུགས་ནས་རྒྱ་ནག་ཕྱོགས་སུ་གཏོང་གི་ཡོད་པ་རེད། ཆབ་མདོའི་ཁྲ་རྒོད་ལ་ནས་ཉིན་ལྟར་ཆད་མེད་རླངས་འཁོར་ཐལ་འཚུབ་ཕྱུར་རེ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་ལས་བོད་ནས་རྒྱ་ནག་ཕྱོགས་སུ་ཤིང་དངོས་སོགས་གང་འདྲ་དབོར་འདྲེན་བྱེད་པ་ལས་ཤེས་ཐུབ། སྐབས་དེ་དུས་ལོ་ན་ཆུང་བས་དེ་ཙམ་དོ་སྣང་བྱེད་མྱོང་མེད། ད་ལྟ་དེ་དག་ལ་བསམ་བློ་འཁོར་དུས་རང་བཞིན་མེད་པར་སྐྱོ་སྣང་ཞིག་ཀྱང་སྐྱེ་འོང་གི་འདུག ཡིན་ནའང་བྱ་ཐབས་བྲལ་བ་རེད། ལྷག་པར་གོང་ཞུས་ལྟར་སྐབས་དེ་དུས་ང་ཚོ་ལུང་པའི་ཕུ་ལ་རླངས་འཁོར་ནང་བསྡད་ནས་ཕྱིན། རླངས་འཁོར་འགྲོ་སའི་ལམ་ཁ་ནི་རླངས་འཁོར་ཐར་ཙམ་ལས་མི་འདུག་ཅིང་། ལུང་པའི་ཕུར་སླེབས་དུས་ཐང་ཤིང་བཅད་ཟིན་ནས་ལུང་པའི་མདའ་རུ་སྤུངས་ནས་བཞག་འདུག་པ་དང་། དེ་དག་ང་ཚོའི་རླངས་འཁོར་ནང་བླུགས་ནས་གནས་དེར་ཟླ་བ་གཅིག་ལྷག་ཙམ་བསྡད། ཉིན་ལྟར་རླངས་འཁོར་བདུན་ནས་དྲུག་ཡར་མར་ཙམ་གྱི་ཤིང་བླུགས་དགོས་ཀྱི་ཡོད། ལུང་པ་དེའི་རི་ངོས་ཀྱི་ཐང་ཤིང་ཚང་མ་བཅད་ཟིན་པ་དང་། རི་མགོ་མཐོ་སར་ཐང་ཤིང་ཕྲན་བུ་ལས་བཞག་མི་འདུག་པ་དང་། རྒྱང་རིང་ནས་བལྟས་ཚེ་ཐང་ཤིང་བཅད་རྗེས་རི་ངོས་སུ་ལུག་མང་པོ་ཞིག་ཡོད་པ་ལྟ་བུའི་གནས་སྟངས་བཟོས་འདུག སྐབས་དེ་དུས་ལོ་ན་ཆུང་བས་ཁོར་ཡུག་གི་གནས་སྟངས་སྐོར་ལ་ཤེས་ཀྱི་མེད་ལ་དོ་སྣང་བྱེད་མྱོང་མེད། ད་ལྟ་ཁོར་ཡུག་གལ་ཆེ་ཡིན་པ་ཤེས་དུས་དེ་སྔོན་བོད་ནང་གི་གནས་སྟངས་དེ་དྲན་སོས་པ་དང་། རྒྱ་དམར་གྱིས་བོད་ནང་ཁོར་ཡུག་ལ་གང་བྱུང་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོད་བྲེག་སོགས་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ག་ཚོད་ཡོད་པ་ནི་བརྗོད་ཀྱི་མི་ལངས་པ་ཞིག་རེད། གནོད་སྐྱོན་ག་ཚད་བཏང་ཡོད་པ་ཤེས་ཀྱི་འདུག་པས། དེའི་དབང་གིས་རང་བཞིན་མེད་པར་ཕམ་སེམས་ཤིག་ཀྱང་སྐྱེ་འོང་གི་འདུག ཡིན་ནའང་བྱ་ཐབས་བྲལ།  

རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་ནས་མི་ལོ་རེ་དྲུག་འགྲོ་བཞིན་ཡོད་ཅིང་། མི་ལོ་དེ་དག་ནང་དུ་བོད་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ལ་དཀའ་སྡུག་ཚད་ལས་འདས་པ་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོག་ཏུ་ཉམས་ཆག་ཚད་ལས་འདས་པ་འགྲོ་བཞིན་ཡོད། དེང་སྐབས་ན་གཞོན་མང་ཆེ་བའི་བོད་སྐད་བཤད་རྒྱུ་ལས་རྒྱ་སྐད་བརྒྱབ་རྒྱུར་དགའ་སྣང་དང་། གོ་ཆེ་བ་ཞིག་ཏུ་ཚོར་གྱི་ཡོད། དེ་ནི་དངོས་གནས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་ཆེ་བའི་དུས་མཚམས་ཤིག་ཏུ་བསླེབས་བཞིན་ཡོད་སྙམ། དེ་དག་ལ་ང་ཚོ་མི་རབས་གསར་པ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལས། གནས་སྐབས་དགོས་མཁོ་ཞིག་ལ་གཟིགས་ནས་ང་ཚོས་གནང་བསྡད་པ་ཡིན་ན་ནམ་ཞིག་ད་བྱུང་མ་སོང་བསམ་དུས་དུས་ཡོལ་ཟིན་པ་རེད། དུས་ཚོད་ནི་སུ་ཞིག་གིས་ཀྱང་བཀག་འགོག་མི་ཐུབ་པ་གནས་སྟངས་ཤིག་རེད།

མཐའ་དོན་བོད་མི་རིགས་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་གསལ་བའི་སྨོན་འདུན་དང་བཅས།

སྨྲས་པ།

ས་སྐྱིད་པོ་གངས་ལྗོངས་ལུང་པ་རེད།།

དུས་དེ་སྐབས་རྒྱ་དམར་གུང་ཁྲན་གྱིས།།

བོད་ཡར་རྒྱས་ཁ་གཡང་སྙན་སྒྲོག་ནས།།

ད་གཏོར་བཤིག་ཚད་མེད་འདི་དག་སྐྱོ།།
 

ངའི་སེམས་ནང་གང་ཞིག་ཤར་བ་རྣམས།།

ལྷད་མེད་པའི་ཚུལ་དུ་སྤེལ་ནས་ཡོད།།

ད་དོན་གཉེར་ཅན་གྱི་རང་རིགས་རྣམས།།

བོད་རང་བྱུང་ཁམས་ལ་དོ་སྣང་མཛོད།།

 

ལུས་མི་ཡུལ་ལུང་དུ་གནས་ན་ཡང་།།

སེམས་འཁོར་ས་རང་ཡུལ་ལུང་པ་རེད།།

བློ་གཅིག་ཏུ་བསྒྲིམ་དང་གངས་ཅན་པ།།

བོད་རང་དབང་མྱུར་དུ་ཐོབ་པར་སྨོན།།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese