མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་དཔྱད་བརྗོད་པས་ཨ་རྒྱ་གཉིས་བར་གྱི་ཚོང་ཟོག་གི་སྒོ་ཁྲལ་དང་། གཏེར་རིགས། ས་ཁམས་ཆབ་སྲིད་ཀྱི་ཐབས་ཇུས་སོགས་དང་འབྲེལ་བའི་དཀའ་རྙོག་དེ་དག་ལས་སླ་བོའི་ཐོག་ནས་ཐག་གཅོད་བྱ་ཐུབ་ཐབས་མེད་སྐོར་བརྗོད་འདུག

U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights

ཟླ་འདིའི་ཕྱི་ཚེས་ ༣༡ དང་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་གྲངས་གཉིས་རིང་ལྷོ་ཀོ་རི་ཡའི་ཇང་ཅུ་(gyeongju) གྲོང་ཁྱེར་དུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ཀྱི་ཚོགས་འདུ་ (Asia Pacific Economic Cooperation Forum) འཚོག་འཆར་ཡོད་པ་བསྟུན། དེ་རིང་ཕྱི་ཚེས་ ༣༠ ཉིན་ལྷོ་ཀོ་རི་ཡའི་བྷུ་སཱན་གྲོང་ཁྱེར་གྱི་གྷམ་ཧེ་རྒྱལ་སྤྱིའི་གནམ་ཐང་དུ། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས་ཡོད་ཅིང་། དེ་ནི་ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གཉིས་ཐུག་འཕྲད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

སྐབས་དེར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་ཡིན་པ་མ་ཟད། ཨ་རིས་འཕྲལ་དུ་རྒྱ་ནག་ནང་དུ་སྲན་མ་(soybeans) ཕྱིར་ཚོང་མགོ་འཛུགས་རྒྱུ་ཡིན་པ་དང་། ཉེ་ལམ་ཨ་རི་གཞུང་གིས་རྒྱ་ནག་ལ་ཚོང་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༥༧ སྤར་ཡོད་པ་དེ་བརྒྱ་ཆ་ ༤༧ ལ་མར་གཅོག་རྒྱུ་ཡིན་པ།  ཨ་རྒྱ་གཉིས་བར་ཕྱིར་གཏོང་བྱེད་དཀའ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་སྒོ་འབྱེད་རྒྱུ།   ཕྱི་ལོ་ ༢༠༢༦ ལོའི་ཟླ་བཞི་པའི་ནང་ཨ་རི་སྲིད་འཛིན་མཆོག་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་འགྲོ་རྒྱུ་ཡིན་པ་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཡང་མི་འགྱངས་བར་ཨ་རིའི་ཧྥི་ལོ་རི་ཌ་དང་། པཱ་ལམ། ཝ་ཤིན་ཌོན་བཅས་ཀྱི་ནང་དུ་འཚམས་གཟིགས་སུ་ཡོང་འཆར་ཡོད་སྐོར་བསྒྲགས་འདུག

དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་ཀྱིས་གནད་དོན་ཁག་ཅིག་ཐག་གཅོད་བྱ་རྒྱུར་མོས་མཐུན་བྱུང་ཡོད་པས། དེ་རིང་ང་ཚོའི་ཐུག་འཕྲད་འདི་ལའང་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད།   རྒྱ་ནག་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གནས་སྟངས་མི་འདྲ་བས། མི་མཐུན་སའི་ཕྱོགས་འགའ་ཤས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། དེ་བཞིན་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས། མཚམས་རེར་འགལ་ཟླ་ཅུང་ཙམ་རེ་འབྱུང་སྲིད་པ་དེའང་རྒྱུན་ལྡན་ཞིག་རེད། དཀའ་ཁག་དང་འགྲན་སློང་གི་མདུན་དུ་ང་དང་སྲིད་འཛིན་ཊོམ་ཕུ་གཉིས་སྣེ་ཁྲིད་བྱེད་མཁན་ཡིན་པས། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་བརྟན་བརླིང་ཡོང་བ་བྱ་དགོས་ཚུལ་བསྒྲགས་འདུག

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་སྐོར་ལ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ཨ་ལེ་ཇེན་ཌི་རོ་རེ་ཡེ་སི་( Alejandro Reyes) ལགས་ཀྱིས། ཨ་རིའི་དམིགས་ཡུལ་ནི་རྒྱ་ནག་ཐོག་འཛིན་པའི་རྣམ་འགྱུར་ནན་པོས་གྲུབ་འབྲས་ཐོན་ཡོད་པ་མཚོན་ཐབས་བྱ་རྒྱུ་དེ་ཡིན།  སྲིད་འཛིན་ཊོམ་གྱིས་ཚོང་འབྲེལ་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས། མ་ལེ་ཤི་ཡ། ཁམ་བྷོ་ཌི་ཡ། ཉི་ཧོང་བཅས་ཀྱི་ཚོང་དོན་ཁྲོམ་ར་དང་རྒྱལ་ཁབ་ཀྱི་བདེ་འཇགས་མཉམ་ལས་དང་འབྲེལ་བ་ཡོད་པ་རེད། རྒྱ་ནག་གི་དམིགས་ཡུལ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གནོན་ཤུགས་ལས་གཡོལ་རྒྱུ་དང་རྒྱ་ནག་ནང་ལོགས་སུ་བརྟན་བརླིང་ཡོང་བའི་ཆེད་དུ་རེད། འོན་ཀྱང་ཨ་རྒྱ་གཉིས་བར་གྱི་ཚོང་ཟོག་གི་སྒོ་ཁྲལ་དང་། གཏེར་རིགས། ས་ཁམས་ཆབ་སྲིད་ཀྱི་ཐབས་ཇུས་སོགས་དང་འབྲེལ་བའི་དཀའ་རྙོག་དེ་དག་ལས་སླ་བོའི་ཐོག་ནས་ཐག་གཅོད་བྱ་ཐུབ་ཀྱི་མ་རེད། ཅེས་བརྗོད་འདུག

འདི་ལོའི་ལོ་མགོར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༢༠ བཀལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་བཞི་པའི་ནང་བསྐྱར་དུ་ཚོང་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༣༤ བཀལ་ཡོད་པ་མ་ཟད།  ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་རྒྱ་ནག་གིས་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་ཐོག་སྒྲིག་གཞི་ལག་བསྟར་མ་བྱས་ཚེ། རྒྱ་ནག་ལ་ཚོང་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༥༠ བསྐྱར་དུ་སྤར་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རྒྱ་གཉིས་བར་ཉིན་གྲངས་ ༩༠ རིང་ཚོང་ཟོག་སྒོ་ཁྲལ་སྤར་མཚམས་འཇོག་དགོས་པའི་གྲོས་མཐུན་ཞིག་བཞག་ཡོད་ཀྱང་། དེའི་རྗེས་སུ་རྒྱལ་ཁབ་གཉིས་བར་རྩོད་རྙོག་མང་པོ་ཞིག་བྱུང་ཡོད་པའི་ཁྲོད། ཨ་རིའི་སྲིད་འཛིན་ཊོམ་ཕུས་རྒྱ་ནག་གིས་གྲོས་མཐུན་དེར་རྩིས་མེད་རྡོག་རོལ་བཏང་བའི་སྐྱོན་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་སྐྱོན་འཛུགས་དེར་ངོས་ལེན་བྱས་མེད་ཁར། ཨ་རིས་གྲོས་མཐུན་དེར་ཁྱད་གསོད་ཚབས་ཆེན་གཏོང་མགོ་བཙུགས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།

ཉེ་ལམ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ཨ་ཤེ་ཡ་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༢༨ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཉི་ཧོང་གི་བུད་མེད་སྲིད་བློན་ཐོག་མ་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi)མཆོག་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་ཉི་ཧོང་གི་སྲིད་བློན་མཆོག་གིས་ཉི་ཧོང་དང་ཨ་རི་གཉིས་འཆམ་མཐུན་རྒྱལ་ཁབ་ཏུ་མངོན་འགྱུར་བྱུང་འདོད་ཡོད་པ་དང་། ཐེངས་འདིའི་ཐུག་འཕྲད་ནི་རྒྱལ་ཁབ་གཉིས་བར་གྱི་གལ་གནད་ཆེ་བའི་ལས་དོན་ཞིག་ཡིན་སྐོར་གསུངས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༤ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese