མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེང་སང་བོད་བརྒྱུད་ནང་བསྟན་གྱི་བགྲོ་གླེང་སྐབས་རྩོད་པ་མ་གཏོགས་རྩོམ་ཡིག་བྲིས་ཏེ་བགྲོ་གླེང་བྱེད་པའི་ལམ་སྲོལ་དེ་ཉམས་བསྡད་ཡོད། ཅེས་གསུངས་སོང་།

ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་གོ་སྟོན་ཤེར་ཕྱིན་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་གི་པར།

དེ་རིང་ཕྱི་ཚེས་ ༡ ནས་ ༥ བར་ཉིན་གྲངས་ལྔའི་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་དུ། གཙུག་ལག་ཁང་སློབ་གཉེར་ཁང་གི་རང་གཞུང་སྡེ་ཚན་གྱི་གོ་སྒྲིག་འོག ༧སྐུའི་གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ ༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་ལགས། གཏན་ཚིགས་དང་ནང་དོན་རིག་པའི་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་གྲགས་པ་སེང་གེ་ལགས། རང་གཞུང་སྡེ་ཚན་གྱི་འགན་འཛིན་མཁན་པོ་གསང་སྔགས་བསྟན་འཛིན་ལགས། དེ་བཞིན་གདན་ས་དང་བཤད་གྲྭ་ཁག  མཐོ་སློབ་ཀྱི་སློབ་དཔོན་བཅས་ཁྱོན་བགྲོ་གླེང་བ་གྲངས་ ༢༦ དང་། མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མཉམ་ཞུགས་གནང་འདུག

ཐེངས་འདིའི་ཚོགས་འདུའི་སྐོར་ལ་སློབ་དཔོན་གྲགས་པ་སེང་གེ་ལགས་ཀྱིས། དེང་སང་གི་དུས་རབས་ཀྱི་གནས་སྟངས་དང་བསྟུན་པའི་ཐོག་ནས་གདན་ས་ཆེན་མོ་དང་བཤད་གྲྭ་ཁག་ཏུ་གཞུང་ཆེན་ཁག་ལ་བགྲོ་གླེང་འཚོགས་དང་འཚོག་མུས་ཡིན་པ་ལྟར། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་ཀྱང་ལོ་ལྟར་ཚོགས་འདུ་གོ་སྒྲིག་བྱེད་བཞིན་ཡོད་ཅིང་།ད་ལོ་རང་གཞུང་བཀའ་ཤག་གིས་འཛམ་གླིང་ཡོངས་སུ་༧སྐུའི་གོ་སྟོན་ཆེད་བྱམས་བརྩེའི་ལོ་སྲུང་གཙི་བྱེད་བཞིན་ཡོད་པ་དང་བསྟུན། དམིགས་བསལ་གཞུང་ཆེན་ཤེར་ཕྱིན་གྱི་ཐོག་བགྲོ་གླེང་འཚོག་གི་ཡོད་ལ།འདས་ལོར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞུང་ཆེན་ཐོག་བགྲོ་གླེང་མང་ཙམ་གནང་བའི་ལམ་སྟོན་བཞིན། ཐེངས་འདིའི་ཤེར་ཕྱིན་གྱི་བགྲོ་གླེང་ཉིན་ལྔའི་རིང་འཚོག་བཞིན་ཡོད། གཙུག་ལག་ཁང་འདི་ལ་མཚོན་ན་གཞུང་ཆེན་ཐོག་ཉིན་ལྔའི་རིང་བགྲོ་གླེང་འཚོགས་པ་ཐེངས་དང་པོ་ཡིན། གཞུང་ཆེན་བཀའ་པོད་ལྔའི་ནང་ནས་སྙིང་པོ་དེ་ཕར་ཕྱིན་ཆགས་ཀྱི་ཡོད་པས། འདས་ལོར་མངོན་པ་མཛོད་ཀྱི་ཐོག་བགྲོ་གླེང་འཚོགས་པ་རེད། ད་ལོའི་༧སྐུའི་གོ་སྟོན་ལ་མ་སྒྲིག་ལྷུན་འགྲུབ་ཀྱི་ཚུལ་དུ་ཕར་ཕྱིན་གྱི་གཞུང་ཆེན་ཐོག་བགྲོ་གླེང་གནང་བ་རེད། ད་ལོའི་ཕྱི་ཟླ་ ༥ པ་ནས་ཐེངས་འདིའི་བགྲོ་གླེང་གི་དཔྱད་རྩོམ་འབྲི་མགོ་བཙུགས་ཡོད་པས། བགྲོ་གླེང་གི་དཔྱད་རྩོམ་ཞིབ་ཚགས་པོ་ཡོང་ཡོད་བསམ་གྱི་འདུག ཅེས་བརྗོད་སོང་།

ཉེ་བའི་རིགས་བདག་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་ལགས་ཀྱིས། ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་ཀུན་དུ་བོད་བརྒྱུད་ནང་བསྟན་དར་དང་དར་བཞིན་པ་དེ། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་ཏེ། བསྟན་པ་དང་འགྲོ་བར་ཕན་པའི་ཕུགས་རྒྱང་རིང་པོར་བསམ་བློ་བཏང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པས། ང་ཚོས་ཀྱང་བཀའ་དྲིན་རྗེས་དྲན་ཞུ་དགོས་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར། རྗེས་མཇུག་པ་ཡོངས་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་དང་། བླ་མའི་བཀའ་གསུང་ཅི་བསྒྲུབ་བྱས་ཏེ་སྨོན་ལམ་འདེབས་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ང་ཚོས་ཤེར་ཕྱིན་ལ་བལྟས་ཏེ་ཐེག་པ་ཆེ་ཆུང་གི་བསམ་བློ་གཏོང་ཕྱོགས་གཅིག་པ་ཡིན་པའི་ངེས་ཤེས་རྙེད་ཐུབ་ན། ང་ཚོས་ཤེར་ཕྱིན་གྱི་བགྲོ་གླེང་འཚོགས་པའི་དགོས་པ་འགྲུབ་པ་རེད་དྲན་གྱི་འདུག སྤྱིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་པ་སངས་རྒྱས་པ་ཙམ་མིན་པར་ཕྱི་རོལ་པ་ཚང་མས་མཉམ་དུ་མཐུན་སྒྲིལ་བྱེད་དགོས་པ་དེ་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་དུ་ཡོད་པ་རེད། ང་ཚོས་ནང་པ་གཅིག་པ་ཡིན་པ་བསྒྲུབ་མ་ཐུབ་ན་ཉམས་ལེན་མེད་པའི་རྟགས་རེད། ཅེས་བརྗོད་སོང་།

ཤེར་ཕྱིན་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་༧སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་། ༢༠༢༥།༡༡།༡ ཐད་གཏོང་གི་པར།

༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བགྲོ་གླེང་ཚོགས་འདུ་ཟེར་བ་དེ་བོད་ཀྱི་སློབ་གཉེར་བྱེད་པའི་ལམ་སྲོལ་གྱི་ནང་དུ་བགྲོ་གླེང་དང་རྩོད་པ་ཞེས་མིང་བཏགས་སྟངས་ཀྱི་ཁྱད་པར་མ་གཏོགས་ཡོད་པ་རེད། མཁས་པའི་བྱ་བའི་ནང་དུ་འཆད་རྩོད་རྩོམ་གསུམ་ཞེས་ཐོག་མ་ནས་དར་བའི་ལམ་སྲོལ་ཞིག་རེད། དེའི་ནང་ནས་རྩོད་པ་ཞེས་པ་དེ་དོན་དུ་བགྲོ་གླེང་གི་གནས་སྟངས་ཤིག་རེད། རྒྱ་གར་དང་ཡུལ་ལུང་གཞན་པར་དར་བའི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་གང་དུ་བལྟས་ཀྱང་། གོང་ནས་གོང་དུ་འདྲི་བ་དང་ལན་འདེབས་པའི་བརྗོད་གཞིའི་དོན་ལ་གནད་དུ་སྨིན་པའི་གོ་དོན་གྲོལ་ཐུབ་པའི་ལམ་སྲོལ་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ནས་བྱུང་བ་ཞིག་རེད་མ་གཏོགས། དེའི་སྔོན་རྒྱ་གར་གྱི་མཚོན་པའི་ཆོས་དང་ལྟ་གྲུབ་ཀྱི་སྲོལ་རྒྱུན་གང་དུའང་སློབ་མས་བླ་མར་དྲི་བ་དྲིས་པ་དང་། དྲི་བའང་གོང་ནས་གོང་དུ་དྲིས་པའི་རིག་པའི་ལམ་སྲོལ་དེ་དར་ཡོད་པ་མ་རེད། སངས་རྒྱས་ཀྱིས་ཆོས་སྟོན་པའི་ཚུལ་དེ་སངས་རྒྱས་སྔོན་གྱི་མུ་སྟེགས་སྟོན་པ་དྲུག་ལ་སོགས་བྱུང་ཟིན་པ་ཕལ་ཆེ་བས་བསྟན་བཅོས་དང་ལུང་ལ་བལྟས་པ་ཡིན་ན། རིག་བྱེད་རྣམ་པ་བཞིའི་མཚོན་པའི་ལུང་ལ་བལྟས་ན་དྲི་བ་དྲིས་ལན་གྱི་སྒོ་ནས་འགྲོ་བའི་གཞུང་མེད་པ་རེད། སྟོན་པས་གང་གསུངས་པ་དེ་ཉན་པ་པོས་དེ་ག་རང་ཆ་བཞག་པ་ལས། དེ་ལ་དོགས་པ་དང་བགྲོ་གླེང་བྱེད་པའི་ལམ་སྲོལ་མེད་པ་རེད། ཅེས་གསུངས་སོང་།

ཡང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྟོན་པ་བཅོམ་ལྡན་འདས་ཀྱིས་སྟོན་པ་གཞན་དང་མི་འདྲ་བ་བྱས་ཏེ། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། དད་པའི་གུས་ཞབས་ཐོག་ནས་ཁས་བླངས་ན་འགྲིག་གི་མ་རེད། སོ་སོས་བལྟ་དགོས་པ་རེད་ཅེས་གསུངས་ཡོད་པ་དེ་རླབས་ཆེན་གྱི་ལམ་སྟོན་ཆེན་མོ་ཞིག་རེད། དེ་ནི་དེང་རབས་ཀྱི་ལྟ་གྲུབ་དང་སྲོལ་རྒྱུན་འཛིན་མཁན་ཚོ་དང་། ལྷག་པར་དུ་དེང་རབས་ཀྱི་ཚན་རིག་སྨྲ་བ་ཚོས་གཟི་བརྗིད་ཀྱི་ལམ་སྟོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སངས་རྒྱས་ཀྱི་གསུངས་དང་བཀའ་མདོ་སྡེ་གང་འདྲ་ཞིག་ལ་བལྟས་ཀྱང་། དྲི་བ་དྲིས་ལན་དང་འགལ་ལན་གྱི་ཚུལ་དུ་ཡོད་པ་ལས།  སྟོན་པ་རང་ཉིད་ཀྱིས་ཐག་བཅད་དེ་གསུངས་པའི་མདོ་དང་རྒྱུད་དཀོན་པོ་རེད། བོད་བརྒྱུད་ནང་བསྟན་གྱི་བགྲོ་གླེང་བྱེད་པའི་སྐབས་སུ་རྩོད་པ་མ་གཏོགས། དེང་སང་རྩོམ་ཡིག་བྲིས་ཏེ་བགྲོ་གླེང་བྱེད་པའི་ལམ་སྲོལ་དེ་ཉམས་བསྡད་ཡོད་པ་རེད། ཞིབ་འཇུག་ཐོག་ནས་རྩོམ་ཡིག་བྲིས་ཏེ་བགྲོ་གླེང་བྱས་པ་དེ་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བ་ཞིག་དང་། རྩོད་པ་དང་ཤེས་བྱ་སོགས་ཡིག་ཐོག་ཏུ་བཞག་པའི་ལམ་སྲོལ་ཡོད་པའང་བླང་བར་འོས་པ་དང་ཕན་ཐོགས་ཡོད་པ་ཞིག་རེད། ཅེས་གསུངས་སོང་།

ཐེངས་འདིའི་ཚོགས་འདུའི་ཐོག་གྲུབ་མཐའ་བཞིའི་ཆོས་འཁོར་གྱི་བཞེད་ཚུལ་རྒྱ་གཞུང་ལ་ཁུངས་གཏུགས་ཏེ་དཔྱད་པ་དང་། མཆོད་ཡུམ་གྱི་རྣམ་གཞག་ལ་བཀའ་བརྒྱུད་ཀྱི་ཐུན་མིན་གྱི་བཞེད་པ། ཆོས་བཞིའི་མཐའ་དཔྱོད་རྒྱ་གཞུང་ལ་ཁུངས་གཏུགས་ཏེ་དཔྱད་པ། མཁྱེན་གསུམ་གྱིས་དོན་བརྒྱད་བསྡུས་པའི་ཚུལ་ལ་རི་བོ་དགེ་ལྡན་པའི་ཐུན་མིན་གྱི་བཞེད་པ། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་པ་ལས་འཕྲོས་ཏེ་རྫོགས་སྨིན་སྦྱངས་གསུམ་ལ་རི་བོ་དགེ་ལྡན་པའི་ཐུན་མིན་གྱི་བཞེད་པ། ཐེག་ཆེན་སེམས་བསྐྱེད་ལ་སེམས་སེམས་བྱུང་གང་འདོད་སོགས་ཀྱི་སྐོར་ལ་གསང་སྔགས་རྙིང་མ་བའི་ཐུན་མིན་གྱི་བཞེད་མཚམས། ཁམས་ཆེན་པོ་བརྒྱད་ལས་ལམ་གྱི་ཁམས་བརྒྱད་དང་ས་ལམ་བགྲོད་ཚུལ་ལ་དཔྱད་པ་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese