མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོང་ཁྱེར་སིན་སིན་ན་ཊིའི་སྤྱི་ཁྱབ་པའི་འོས་བསྡུ་དངོས་གཞིའི་ཁྲོད་བོད་རིགས་ཨ་རི་བ་ཨ་ཧྥི་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་ཚད་མཐོའི་རྒྱབ་སྐྱོར་འོག་སླར་ཡང་གྲོང་ཁྱེར་དེའི་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

His Holiness the 14th Dalai Lama with seven Mayors from US cities and their staff and family members at His Holiness’ residence. Photo | OHHDL

དེ་རིང་ཝ་ཞིན་ཊོན་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཨོ་ཧ་ཡོ་ (Ohio) མངའ་སྡེའི་ནང་གི་སིན་སིན་ན་ཊི་ (Cincinnati) གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་དངོས་གཞིའི་འོས་བསྡུའི་ཁྲོད། བོད་རིགས་ཨ་རི་བ་ཨ་ཧྥི་ཊབ་ཀརྨ་སིང་པུ་རི་ཝལ་ (Aftab Karma Singh Pureval) ལགས་སུ་འོས་གྲངས་ ༥༡༦༩༨ ཐོབ་སྟེ་སླར་ཡང་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་བདམས་ཐོན་བྱུང་ཡོད་འདུག་ལ། ཁོང་གི་ཁ་གཏད་འོས་མི་དང་ཨ་རིའི་སྲིད་འཛིན་གཞོན་པ་ཇའེ་ཌི་ཝན་སིའི་ (J.D. Vance) བུ་སྤུན་ཡིན་པའི་ཁོ་རེ་ཝན་སི་ (Cory Vance) ལགས་སུ་འོས་གྲངས་ ༡༤༣༨༣ ཐོབ་ཡོད་འདུག

ཀརྨ་ལགས་ཀྱིས། ང་ཨ་རིའི་གྲོང་ཁྱེར་ཆེ་ཁག་ཏུ་ཨེ་ཤ་ཡའི་རིགས་རྒྱུད་ཡིན་པའི་ཨ་རིའི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཉུང་ཤས་ཤིག་གི་གྲས་ནས་གཅིག་ཡིན་པར་སྤོབས་པ་ཆེན་པོ་ཡོད། ང་དང་པོ་ཡིན་པོ་ཡིན་པར་བློ་འགྱོད་མེད།  འོན་ཀྱང་མཐའ་མ་མ་ཡིན་པར་འབད་བརྩོན་བྱེད་དགོས་ལ། ད་དུང་ལས་ཀ་མང་པོ་ཞིག་བྱེད་དགོས་ཡོད། ཅེས་བརྗོད་འདུག འདི་ལོའི་ཕྱི་ཟླ་ ༥ ནང་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པའི་སྔོན་འགྲོའི་འོས་བསྡུའི་སྐབས། ཨ་ཧྥི་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་བརྒྱ་ཆ་ ༨༢།༥༣ ཐོབ་ནས་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་ཅིང་། སྐབས་དེར་ཁོང་གི་ཁ་གཏད་འོས་མི་ཁོ་རེ་ཝན་སི་ (Cory Vance) ལགས་སུ་འོས་གྲངས་བརྒྱ་ཆ་ ༡༢།༩༡ དང་། བྷི་རེན་ཧྥི་རན་ཁུ་ (Brian Frank) ལགས་སུ་འོས་གྲངས་བརྒྱ་ཆ་ ༤།༤༥ བཅས་ཐོབ་ཡོད་འདུག

ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཐོག་མར་ཕྱི་ལོ་ ༢༠༢༡ ལོར་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མི་ལངས་ཏེ། ལོ་དེའི་ཟླ་ ༡༡ ཚེས་ ༣ ཉིན་དངོས་གཞིའི་ཁྲོད་རྒྱལ་ཁ་ཐོབ་ཅིང་། ཁོང་གིས་བོད་རིགས་ཨ་རི་བ་ཞིག་ཐེངས་དང་པོར་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་སྤྱི་ཁྱབ་པར་འོས་འདེམས་བྱུང་བའི་ཟིན་ཐོ་བཀོད་ཡོད། ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱིས་དེ་སྔ་ཨ་རིའི་ཨོ་ཧ་ཡོ་མངའ་སྡེའི་ཧ་མིལ་ཊོན་ (Hamilton County) རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཆེན་མོའི་ལས་འཁུར་ཞུས་མྱོང་འདུག་ལ། དེ་ནི་ས་གནས་སུ་ལོ་ངོ་ ༡༠༠ ལྷག་གི་རིང་ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་མི་ཞིག་ཁྲིམས་དྲུང་ཆེན་མོར་བསླེབས་པ་ཐོག་མ་དེ་ཆགས། དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་ཁོང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་ཏེ་བོད་མི་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིར་ལངས་བ་ཐེངས་དང་པོ་ཆགས་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ཁོང་གིས་རང་ཉིད་ཀྱི་ཕ་མའི་མི་རིགས་ལ་བརྟེན་ནས། རང་ཉིད་བོད་མི་ཨ་རི་བ་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པར་སྤོབས་པ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་ཨ་རིའི་གྲོང་ཁྱེར་བདུན་གྱི་སྤྱི་ཁྱབ་པ་དག་བཞུགས་སྒར་དུ་ཕེབས་ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ནང་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པ་ཨ་ཧྥི་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱིས་སྣེ་འཁྲིད་དེ་གྲོང་ཁྱེར་དེའི་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་ཆེད་དུ་ཕེབས་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་ཐུག་འཕྲད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་དེའི་གཡས་གཡོན་བོད་མིའི་ཚོགས་སྡེ་ཁག་ཏུ་གཟིགས་སྐོར་ལ་ཕེབས་ཡོད།

ད་ལྟ་རང་ལོ་ ༤༣  ཡིན་པའི་ཀརྨ་ལགས་ཀྱི་ཨ་མས་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་བྱས་ཏེ། ཕྱིས་སུ་ལྡི་ལི་མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ། རྒྱ་གར་གྱི་པན་ཇབ་མི་རིགས་ཡིན་པའི་བྷི་རིག་ཨ་རྗེ་ཐི་སིང་ (Brig Ajit Singh) ཞུ་བ་དང་ཐུག་ནས་གཉེན་སྒྲིག་བྱས། ཕྱིས་སུ་ཨ་རིར་གནས་སྤོར་བྱས་ཏེ་ཕྱི་ལོ་ ༡༩༨༢ ལོའི་ཟླ་ ༩ བའི་ནང་ཀརྨ་ལགས་ཨོ་ཧ་ཡོའི་ཞེ་ནི་ཡ་ (Xenia) གྲོང་ཁྱེར་དུ་སྐྱེས་ཡོད་པ་དང་། ཁོང་གིས་ཁྲིམས་ལུགས་རིག་པར་སློབ་སྦྱོང་བྱས་ཡོད། ཕྱི་ལོ་ ༡༩༩༤ ལོར་ཁོང་དགུང་གྲངས་ ༡༣ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན། ཕྱི་ལོ་ ༢༠༡༨ ལོར་ཁོང་གིས་ཝི་ཊི་ནེ་(Dr. Whitney June Whitis) ལགས་དང་གཉེན་སྒྲིག་བྱས་ཏེ། ཕྱི་ལོ་ ༢༠༢༡ ལོར་ཁོང་གཉིས་ལ་བུ་ཆུང་བྷོ་དྷི་ (Bodhi) ཞེས་པ་ཞིག་སྐྱེས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese