མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧ཀུན་གཟིགས༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་ཡི་ཤུའི་ཆོས་དཔོན་ཝང་ཡི་སོགས་མི་སྒེར་དང་ཚོགས་པ་ཁག་ཅིག་ལ་འདི་ལོའི་དམངས་གཙོའི་གཟེངས་རྟགས་ཕུལ་འདུག

༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས། ༢༠༢༥།༡༡།༤ དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༤ ཉིན་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གིས་འདི་ལོའི་དམངས་གཙོའི་གཟེངས་རྟགས་དེ། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དང་། རྒྱ་ནག་མི་མང་གི་རང་དབང་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་རྒྱ་ནག་དྲ་རྒྱའི་དུས་བབ་ (China Digital Times)། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་གནས་པའི་ཡུ་གུར་དང་ཁ་ཆེའི་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་ (Campaign for Uyghurs)། ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་ཡི་ཤུའི་ཆོས་དཔོན་ཝང་ཡི་ (Wang Yi) བཅས་ལ་ཕུལ་ཡོད་འདུག

བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ནས་གཟེངས་རྟགས་བཞེས་གནང་འདུག གཟེངས་རྟགས་དེ་ནི་བོད་ཀྱི་འཐབ་རྩོད་དང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་སྟངས་འཛིན་མེད་པར་ཆོས་ལུགས་སོ་སོའི་དབུ་ཁྲིད་ཀྱི་ཡང་སྲིད་འདེམས་རྒྱུའི་ཐོབ་ཐང་ལ་ཆེ་བསྟོད་མཚོན་ཆེད་ཕུལ་བ་ཞིག་ཡིན་འདུག

སྐབས་དེར་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ཤེས་རྟོགས་བྱུང་གི་ཡོད་པ་ལྟར། དད་པ་ནི་དམ་པའི་ཁྱབ་ཁོངས་ཡིན། ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་གིས་བཙན་བཀའ་གཏོང་བ་དང་སྟངས་འཛིན་བྱེད་ཐུབ་ཀྱི་མེད། མི་རྣམས་ཀྱིས་སོ་སོའི་ཆོས་ལུགས་ལ་དོན་སྙིང་དང་། ཆེ་མཐོང་། ཆོད་སེམས་བརྟན་པོ་ཡོད་པ་ཤེས་རྟོགས་བྱུང་སྐབས། བཙོན་ཁང་དང་། དམག་དཔུང་། སྲིད་གཞུང་སུ་འདྲ་ཞིག་གིས་ཀྱང་མེད་པར་བཟོ་མི་ཐུབ། ཅེས་གསུངས་འདུག

༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་སྐབས། ༢༠༢༥།༡༡།༤ དྲ་ལམ་གྱི་པར།

 འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འཕྲིན་བསྩལ་བའི་ནང་། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ལ་ཨ་རིའི་རྒྱལ་ཡོངས་དམངས་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གིས་ཕྱི་ལོ་ ༢༠༢༥ ལོའི་དམངས་གཙོའི་གཟེངས་རྟགས་ཕུལ་བར་དགའ་ཚོར་ཆེན་པོ་བྱུང་། ཞེས་དང་། ངོས་ནས་ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ནང་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱེད་སྐབས། ངོས་ལ་བཀྲ་ཤིས་ལྷུན་པོའི་དབུ་ཁྲིད་གཙོས་པའི་བོད་ནང་དང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རེ་བ་བཅངས་ཡོད། དེར་བརྟེན་ཡང་སྲིད་འཚོལ་བའི་དུས་ལ་སླེབས་སྐབས། བོད་ཀྱི་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། ངོས་ནས་རྒྱ་ནག་གཞུང་དང་མཉམ་དུ་ལས་ཀ་བྱེད་རྒྱུར་འབད་བརྩོན་ཤུགས་ཆེན་བྱས་པ་ཡིན། ཞེས་དང་། ༸པཎ་ཆེན་རིན་པོ་ཆེ་དང་ངོས་རང་གཉིས་ཀྱི་བར་ལ་དམིགས་བསལ་གྱིས་སྒེར་གྱི་འབྲེལ་བ་ཡོད་པར་བརྟེན། ངོས་ཀྱིས་འགན་འཁུར་དང་ལེན་བྱས་པ་ཡིན། ༸པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ངོས་རང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་གནང་སྐབས་དམིགས་བསལ་གྱིས་ཐུགས་ཁུར་གནང་སོང་། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མི་ཚེའི་ནང་དཀའ་ངལ་ཤུགས་ཆེན་བྱུང་ཡོད་ཀྱང་། གོ་སྐབས་ཡོད་ཚད་བླངས་ཏེ་བོད་ནང་གི་བོད་མིའི་བདེ་སྡུག་ལ་གཟིགས་ཞིབ་དང་ཡར་རྒྱས། བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་སོགས་སྲུང་སྐྱོབ་ཐད་ཕྱག་ལས་གནང་ཡོད་པ་རེད། དེ་བཞིན་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མཛད་རྗེས་་འདི་དག་མུ་མཐུད་དུ་སྐྱོང་ཐུབ་ཀྱི་རེད། ངོས་ཀྱིས་ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་པ་དང་། སྐུ་ཚེ་རིང་བ། མི་ཚེ་ལམ་ལྷོངས་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་དགོས་པ་ཞུས་ཡོད། སྟབས་མ་ལེགས་པ་ཞིག་ལ་ཁོང་ལ་ནོར་འཁྲུལ་མེད་པར་བྱིས་པའི་དུས་ནས་འཚར་ལོངས་དང་། མི་དཀྱུས་མའི་འཚོ་བ་སོགས་ད་ལྟའང་རོལ་ཐུབ་མེད། འོན་ཀྱང་། ངོས་ནས་དྲང་བདེན་གྱི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ། མཐར་གཏུགས་ན་དྲང་བདེན་ལ་རྒྱལ་ཁ་ཐོབ་ཀྱི་རེད། དེར་བརྟེན་ངོས་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཆེ་མཐོང་དང་རང་དབང་གི་ཐོག་ནས་འཚོ་བ་སྐྱེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ནས་བཟུང་རྒྱ་ནག་དམར་གཞུང་གིས་ཡབ་ཡུམ་སྐུ་འཁོར་བཅས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་ནས་ད་ལྟ་ལོ་ངོ་ ༣༠ ཕྱིན་ཞིང་།  དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་གྲོས་མཐུན་དོན་ཚན་ཁག་གི་འབྲུ་དོན་དང་འགལ་ཚབས་ཆེན་པོར་གྱུར་ཡོད། ཁོང་ནི་སྐབས་དེར་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ (Prisoner of Conscience) དགུང་ལོ་ཆུང་ཤོས་དེ་ཆགས་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་གཞུང་དང་། སྒྲིག་འཛུགས། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་སོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་ཡང་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་སྐུ་སྒེར་གྱི་འཚོ་བར་བར་ཆད་བཟོ་འདོད་མེད་ལུགས་དང་ཁོང་སློབ་ཆེན་མཐར་ཕྱིན་ཏེ་རང་དབང་གི་འཚོ་བར་རོལ་བཞིན་ཡོད་ལུགས་སོགས་རྗོད་ཀྱི་ཡོད་པ་རེད།

ཁེ་ལི་ཧྥོར་ནི་ཡ་རུ་རྟེན་གཞི་བྱས་པའི་རྒྱ་ནག་གི་དྲ་རྒྱའི་དུས་བབ་ནི་ཕྱི་ལོ་ ༢༠༠༣ ལོར་གསར་འཛུགས་གནང་བ་དང་། རང་དབང་ཅན་གྱི་གསར་ཁང་ཞིག་ཡིན་འདུག རྒྱ་ནག་གཞུང་གིས་རང་དབང་འཐབ་རྩོད་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་མི་ཡོང་བའི་ཆེད་དུ་དྲ་ལམ་ནས་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། གསར་ཁང་དེས་གནད་དོན་དེ་དག་ཕྱིར་བསྒྲགས་སླད་གནས་ཚུལ་མཁོ་སྒྲུབ་བྱས་ཏེ་དབྱིན་ཡིག་དང་རྒྱ་ཡིག་ཐོག་གནས་ཚུལ་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་ཡུ་གུར་གྱི་འཐབ་རྩོད་ཚོགས་པ་ (Campaign for Uyghurs) ནི་ཁེ་ལས་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེ་ཕྱི་ལོ་ ༢༠༡༧ ལོར་གསར་འཛུགས་དང་། ཤར་ཊུར་ཀི་སི་ཐན་དང་འཛམ་གླིང་ཡོངས་སུ་ཡོད་པའི་ཡུ་གུར་བའི་དམངས་གཙོའི་ཐོབ་ཐང་དང་རང་དབང་ཞུ་གཏུག་གི་ལས་འགུལ་སྤེལ་བ་དང་། ཡུ་གུར་བའི་གནས་སྟངས་ཐེར་འདོན་གྱིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་རྣམས་མཚམས་འཇོག་དགོས་པའི་ལས་དོན་གཉེར་གྱི་ཡོད་པ་རེད།

ཆོས་དཔོན་ཝང་ཡི་ནི་ཕྱི་ལོ་ ༡༩༧༣ ཟླ ༦ ཚེས་ ༡ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་སྐྱེས་ཤིང་། སི་ཁྲོན་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་དོན་རིག་པའི་ཐོག་སློབ་མཐར་ཕྱིན། ཁྲིན་ཏུའུ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་ཐོག་སློབ་ཁྲིད་བྱས། ཕྱི་ལོ་ ༢༠༠༥ ནས་བཟུང་ཡེ་ཤུའི་མཆོད་ཁང་དུ་ལས་དོན་གཉེར་མགོ་ཚུགས། ཁོང་ནི་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་པ་མ་ཟད། ཁྲིན་ཏུའུ་རུ་ཡེ་ཤུའི་མཆོད་ཁང་ཞིག་གསར་འཛུགས་གནང་བ་དང་། མཆོད་ཁང་དེའི་ཆོས་དཔོན་ཡང་ཡིན་པ་རེད། ཕྱི་ལོ་ ༢༠༡༨ ལོར་ཆོས་དཔོན་ཝང་ཡི་ཡིས་ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་བྱས་པའི་ཉེས་མིང་འོག་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་ (National Endowment for Democracy) གི་དམངས་གཙོའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༩ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པ་དང་། དེ་བཞིན་འདས་ལོའི་དམངས་གཙོའི་གཟེངས་རྟགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག བཙོན་ཁང་དུ་ཡོད་པའི་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཀཱ་རཱ་ (Vladimir Kara-Murza)། བྷེ་ལེ་རེ་སིའི་མགོ་ཁྲིད་ (Sviatlana Tsikhanouskaya) ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་གྱིས་བོད་ཕྲུག་རྣམས་ལ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་གནས་ཚུལ་མཁོ་སྒྲུབ་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་། ཡུ་ཁེ་རིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Regional Center for Human Rights)། སུ་ཌན་གྱི་གཞོན་སྐྱེས་མགོ་ཁྲིད་རྣམས་ལ་དམངས་གཙོ་དང་ཞི་བདེ་གོང་མཐོར་གཏོང་མཁན་གྱི་ཝའེ་ཚོགས་པ་ (Waey Organization) བཅས་ལ་ཕུལ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༥ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༧ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese