མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རང་དབང་གློག་བརྙན་དུས་སྟོན་ཕྱིར་འཐེན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འཚོག་གཏན་ཁེལ་བའི་རྒྱ་ནག་གི་རང་དབང་གི་གློག་བརྙན་དུས་སྟོན་ཕྱིར་འཐེན་བྱས་འདུག

Zhu Rikun said he felt that anyone involved could face threats or harassment if he did not cancel the event. Photograph: Marion Curtis/StarPix for NYFCCA/Shutterstock

ཟླ་བ་འདིའི་ཕྱི་ཚེས་ ༨ ནས་ ༡༥ བར་ཉིན་གྲངས་བརྒྱད་རིང་ཨ་རིའི་ནེའུ་ཡོག་ཏུ་འཚོག་གཏན་འཁེལ་བའི་རང་དབང་གི་གློག་བརྙན་དུས་སྟོན་(independent film festival ) དེ། རྒྱ་ནག་གཞུང་གི་གནོན་ཤུགས་དང་དྲག་གནོན། ལྷག་པར་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་གློག་བརྙན་བཟོ་སྐྲུན་པ་ཁག་ཅིག་ལ་བརྙས་བཅོས་བྱས་པའི་དབང་གིས། གློག་བརྙན་དུས་སྟོན་དེ་ཕྱིར་འཐེན་བྱ་དགོས་ཁེལ་འདུག

གནད་དོན་དེའི་ཐད་རང་དབང་གི་གློག་བརྙན་དུས་སྟོན་གྱི་གོ་སྒྲིག་པ་སྐུ་ཞབས་ཀྲུ་རི་ཀུན་(Zhu Rikun) ལགས་ཀྱིས། ངས་ད་ལན་གློག་བརྙན་དུས་སྟོན་འདི་ཕྱིར་བསྡུ་མ་བྱེད་ཚེ། གློག་བརྙན་དུས་སྟོན་འདིར་ཞུགས་མཁན་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་། གླེང་སྟེགས་སུ་མཉམ་ཞུགས་མཁན་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་མང་ཚོགས་བཅས་སུ་བརྙས་བཅོས་དང་སུན་གཙེར་ཡོང་ཉེན་འདུག ཅེས་བརྗོད་འདུག

རྒྱ་ནག་གི་གནས་ཚུལ་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཡུལ་ཀུན་(Yalkun Uluyol) ལགས་ཀྱིས། རྒྱ་ནག་གཞུང་གིས་གོ་ལ་ཧྲིལ་པོ་གཙོས་ཨ་རིའི་ནེའུ་ཡོག་ནང་གི་གློག་བརྙན་དུས་སྟོན་བཀག་སྡོམ་བྱ་རྒྱུའི་ཚད་ལ་སླེབས་པ་རེད། དེང་སྐབས་འཛམ་གླིང་ནང་གི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་ཆེས་གསར་ཤོས་ནི། འཛམ་གླིང་གི་སྒྲིག་འཛུགས་ཁག་གིས་གང་མཐོང་བ་དེར་མིག་དཔེར་ལེན་གྱི་ཡོད་ཀྱང་། དེར་ཚོད་འཛིན་དང་ལྡོག་ཟླར་ལང་གིན་ཡོད་འདོད་ཀྱིན་ཡོད་སྐོར་བཤད་འདུག

རང་དབང་གི་གློག་བརྙན་དུས་སྟོན་དེར་མཉམ་ཞུགས་བྱེད་མཁན་གྱི་རྒྱ་ནག་ནང་གི་གློག་བརྙན་འཁྲབ་འཁྲིད་པ་ཁག་ཅིག་ལ་ཆེད་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་དབང་གིས་གློག་བརྙན་དུས་སྟོན་ལས་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པའི་མུར། ཁག་ཅིག་གི་རྒྱ་ནག་ཏུ་ཡོད་པའི་ནང་མི་དང་བུ་ཕྲུག་སོགས་ལ་གནོན་ཤུགས་དང་འཇིགས་སྐུལ་བྱས་ཏེ། ད་ཐེངས་ཀྱི་གློག་བརྙན་དུས་སྟོན་ལས་ཕྱིར་འཐེན་བྱས་བཅུག་འདུག་ལ། ད་ཐེངས་གློག་བརྙན་དུས་སྟོན་དེར་ལྟད་མོར་ཞུགས་མཁན་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་རྒྱ་རིགས་སློབ་མའི་ཚོགས་སྡེ་ཞིག་ཀྱང་། རྒྱ་ནག་གཞུང་གིས་གནོན་ཤུགས་དང་ཕ་མ་སོགས་ལ་འཇིགས་སྐུལ་བྱས་པའི་དབང་གིས་ཕྱིར་འཐེན་བྱ་དགོས་ཁེལ་འདུག དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་པེ་ཅིན་དུ་རྟེན་གཞི་བྱས་པའི་སྐུ་ཞབས་ཀྲུ་རི་ཀུན་ལགས་ཀྱི་གློག་བརྙན་བཟོ་སྐྲུན་ཁང་དུ་དམག་མི་ཡོང་ནས། ཁོང་གི་ལས་རོགས་གཅིག་བཙན་འཁྲིད་བྱས་ཏེ། སྐུ་ཞབས་ཀྲུ་རི་ཀུན་ལགས་ཀྱི་ལས་དོན་བྱེད་ཕྱོགས་དང་ལས་ཀ་སོགས་ཀྱི་སྐོར་ལ་འདྲི་བརྩད་བྱས་ཡོད་པ་མ་ཟད། སྐུ་ཞབས་ཀྲུ་རི་ཀུན་ལགས་དང་མཉམ་དུ་ལས་དོན་གཉེར་མི་ཆོག་པའི་འཇིགས་སྐུལ་དང་བཙན་བཀའ་བཏང་འདུག

རྒྱ་ནག་གི་རང་དབང་གི་གློག་བརྙན་དུས་སྟོན་ནི་ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་ནང་ཐོག་མར་མགོ་བཙུགས་བྱས་ཏེ། དེ་ནི་གཙོ་བོ་རང་དབང་གི་ཐོག་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་ཐད་སྲིང་བྱ་སའི་རང་དབང་གི་གླེང་སྟེགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེར་རྒྱ་ནག་ནང་གི་རྩོམ་པ་པོ་དང་ཉམས་ཞིབ་པ། གློག་བརྙན་བཟོ་སྐྲུན་བྱེད་མཁན་མང་དག་གི་དགའ་བསུ་ཐོབ་སྟེ། ཕྱི་ལོ་ ༢༠༠༧ ལོར་གཟེངས་རྟགས་ཀྱང་ཐོབ། རྒྱ་ནག་ནང་གི་གློག་བརྙན་བཟོ་སྐྲུན་པ་མང་དག་ཅིག་གིས་གླེང་སྟེགས་དེ་ནི་ཚད་བཀག་དང་བཀག་སྡོམ་ཆེན་པོ་མེད་པའི་རྒྱ་ནག་ནང་གི་གློག་བརྙན་དུས་སྟོན་རྩེ་གྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་།  ཕྱི་ལོ་ ༢༠༡༤ ཡས་མས་ཤིག་ནས་རྒྱ་ནག་གཞུང་གིས་གློག་བརྙན་དུས་སྟོན་དེར་ཚོད་འཛིན་དང་དམ་དྲག་བྱེད་མགོ་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༢ ལོར་སྐུ་ཞབས་ཁྲན་ཕིན་ལིན་(Chen Pinlin) ལགས་ཀྱིས་རྒྱ་ནག་གི་ཤོག་དཀར་གསར་བརྗེ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཏེ་ཤར་གཏོང་བྱས་པའི་དབང་གིས་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨
Mobile App

མཚོ་ངོགས་ཀྱི་དམ་བཅའ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese