མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་འདས་དང་མི་ ༢༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

Police officers and forensic technicians work at the site of an explosion in the old quarters of Delhi, India, November 10, 2025. REUTERS/Adnan Abid

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་ཁང་དམར་པོའི་ཉེ་འགྲམ་དུ་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་ཞིག་བྱུང་སྟེ་མི་བརྒྱད་རྐྱེན་འདས་དང་མི་གྲངས་ ༢༠ ལྷག་ལ་རྨས་སྐྱོན་ཐེབས་པའི་གནས་ཚུལ་བྱུང་། ད་ལྟ་རྒྱལ་ས་ལྡི་ལིའི་ས་གནས་ཉེན་རྟོག་པས་རྨས་སྐྱོན་ཕོག་པའི་མི་རྣམས་སྨན་ཁང་དུ་མྱུར་སྐྱོབ་ཀྱིས་སྨན་བཅོས་བྱེད་མུས་ཡིན་པ་དང་། འགས་གཏོར་དོན་རྐྱེན་གྱི་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་པ་ལས། དོན་རྐྱེན་གྱི་འབྱུང་ཁུངས་དངོས་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་རོའུ་ཊར་གསར་ཁང་གིས་བརྗོད་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། གཏོར་རྒོལ་དོན་རྐྱེན་དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྨས་སྐྱོན་ཕོག་པའི་མི་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་རེ་སྨོན་ཞུས་འདུག་ལ། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཐི་ལགས་གཙོས་ལྡི་ལིའི་གསར་བའི་གནད་ཡོད་མི་སྣ་ཁག་ཅིག་དང་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་སོགས་ཀྱི་མི་སྣ་ཚོ་དོན་རྐྱེན་བྱུང་ཡུལ་དངོས་སུ་ཕྱིན་ནས་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་ཡུལ་དངོས་སུ་ཞིབ་འཇུག་བྱེད་མུས་ཡིན་འདུག

ཐེངས་འདིའི་དོན་རྐྱེན་བྱུང་ཡུལ་ནི་རྒྱལ་ས་ལྡི་ལི་རྙིང་བའི་ཉེ་འཁྲིད་སུ་ཡོད་པའི་མོའོ་གྷལ་ (Mughal) རྒྱལ་ཁང་གི་འགྲམ་དུ་ཆགས་ཀྱི་ཡོད་པ་དང་། རླངས་འཁོར་ཞིག་གློ་བུར་འགས་འཐོར་བྱུང་བ་དང་ལྷན་དུ་རླངས་འཁོར་གཞན་དྲུག་ལ་མེ་སྐྱོན་བྱུང་ཡོད་འདུག་ལ། མི་རྣམས་འཇིགས་སྐྲག་དང་བཅས་བྲོས་བཞིན་པའི་བརྙན་རིས་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འཐོན་མུས་རེད་འདུག ད་ལྟ་མི་གྲངས་ས་ཡ་ ༣༠ འདུས་པའི་རྒྱལ་ས་ལྡི་ལིར་འགས་གཏོར་དོན་རྐྱེན་བྱུང་བ་ལ་བརྟེན་ནས། ལྡི་ལིའི་ཁྱིམ་མཚེས་མངའ་སྡེ་ཨུ་ཊར་དང་མི་འབོར་མང་སའི་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་སོགས་སུ་བདེ་འཇགས་ཐད་དོགས་ཟོན་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

མོའོ་གྷལ་རྒྱལ་ཁང་ནི་ལོ་འཆར་ཅན་རྒྱ་གར་གྱི་སྲིད་བློན་རིམ་པས་རྒྱ་གར་རང་བཙན་ཉིན་མོའི་གསུང་བཤད་གནང་ཡུལ་ཡིན་པ་དང་། ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ཙམ་ནས་རྒྱལ་ས་ལྡི་ལི་ནི་དྲག་རྒོལ་བྱེད་ཡུལ་གྱི་དམིགས་འབེན་ཞིག་ཏུ་གྱུར་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་རྒྱལ་ས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་གཅིག་རྐྱེན་འདས་དང་མི་ ༦༡ ལྷག་ལ་རྨས་སྐྱོན་བཟོས་ཡོད་ལ། དེ་ནི་ཆེས་ཉེ་བའི་ལྡི་ལི་རུ་དྲག་རྒོལ་བྱས་པའི་དོན་རྐྱེན་ཡིན་པ་དང་དྲག་རྒོལ་དོན་རྐྱེན་དེ་དག་གི་རྒྱབ་ཏུ་པ་ཀི་སི་ཐན་དུ་ཡོད་པའི་ཁ་ཆེ་དྲག་དམག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese