མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་ཨེ་རི་ལན་ཌིའི་སྲིད་འཛིན་གསར་པར་འཚམས་འཕྲིན་མཛད།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་སྐུ་ཁེ་ཐི་རི་ནེ་ཁོ་ནོ་ལིས་ (Catherine Connolly) ལགས་ཨེ་རི་ལན་ཌིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འཕྲིན་སྩལ།

གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨེ་རི་ལན་ཌི་སྲིད་འཛིན་གསར་པ་ཁེ་ཐི་རི་ནེ་ཁོ་ནོ་ལིས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འཕྲིན་སྩལ་བའི་ནང་། འཛམ་གླིང་ནང་གདོང་ལེན་བྱེད་དགོས་པའི་གཉན་འཕྲང་གི་དུས་སྐབས་འདིར། ཁྱེད་ཀྱིས་ལོ་མང་པོའི་རིང་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་གིས་གདོང་ལེན་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། ཅེས་དང་། ཁྱེད་ཀྱི་འོས་བསྡུའི་རྒྱལ་ཁ་ནི་ཁྱེད་རང་གི་མི་ཚེའི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན་ལ། ཁྱེད་ཀྱི་རྒྱལ་ཁབ་ཀྱིས་བུད་མེད་སྲིད་འཛིན་ཞིག་བསྐྱར་དུ་འོས་འདེམས་བྱས་པར་ངོས་རང་དགའ་སྤྲོ་ཆེན་པོ་བྱུང་། ཁྱེད་ཀྱིས་མཁྱེན་གསལ་ལྟར། སྙིང་རྗེའི་སྐོར་ལ་བུད་མེད་རྣམས་ནི་མི་གཞན་པའི་ཐོག་ཚོར་བ་སྐྱེན་པོ་ཡོད་པ་ཚན་རིག་གི་དཔང་རྟགས་བྱས་ཡོད་པར་བརྟེན། ངོས་ཀྱིས་ང་ཚོའི་མགོ་ཁྲིད་མང་ཆེ་ཤོས་བུད་མེད་ཡིན་ཚེ། འཛམ་གླིང་འདིར་བསམ་ཤེས་ཆེ་བ་དང་ཞི་བདེ་ལྡན་པའི་་གནས་ཤིག་ཏུ་འགྱུར་བར་ཡིད་ཆེས་བྱེད་ཀྱི་ཡོད།

ཁྱེད་ནས་འཛམ་གླིང་ཁྱོན་ཡོངས་སུ་བདེ་སྐྱིད་སྲ་བརྟན་དུ་གཏོང་བར་འགོག་རྐྱེན་འཕྲད་པའི་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་འཛིན་ཐུབ་པའི་སྨོན་འདུན་ཡོད། མ་འོངས་པར་དཀའ་ངལ་ལས་རྣམ་པར་རྒྱལ་སྟེ་ཨེ་རི་ལན་ཌིའི་མི་མང་གི་རེ་བ་དང་འདུན་པ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡོད། ཅེས་གསུངས་འདུག

ཁེ་ཐི་རི་ནེ་ཁོ་ནོ་ལིས་ (Catherine Connolly) ལགས་ནི་ཕྱི་ལོ་ ༡༩༥༧ ལོར་གྷལ་ཝ་གྲོང་ཁྱེར་གྱི་ཤན་ཌ་ལར་ས་གནས་སུ་སྐྱེས་ཡོད་ཅིང་། ཁོང་མོ་ནི་སྤུན་མཆེད་བཅུ་བཞི་ཡོད་པའི་ནང་གི་དགུ་པ་དེ་ཡིན་འདུག ཁོང་མོའི་ཨ་ཕ་ནི་གྷལ་ཝེ་ཡི་ཧུག་གར་གྲུ་ཁའི་གྲུ་གཟིངས་བཟོ་མཁན་གྱི་ཤིང་བཟོ་བ་ཞིག་ཡིན་པ་དང་། ཁོང་མོ་ལོ་དགུ་ཡིན་པའི་སྐབས་སུ་ཨ་མ་འདས་གྲོངས་སུ་ཕྱིན་འདུག ཕྱི་ལོ་ ༡༩༧༠ ལོར་ཁོ་མོས་ཤན་ཊ་ལར་ཊེ་ནི་སི་རྩེད་ཐང་བསྐྲུན་རྒྱུའི་ལས་འགུལ་གྱི་སྣེ་ཁྲིད་བྱས། ཕྱི་ལོ་ ༡༩༧༠ ལོའི་མཇུག་ཏུ་གྷལ་ཝེ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ (Galway) སེམས་ཁམས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན།  ཕྱི་ལོ་ ༡༩༨༡ ལོར་ལི་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སྨན་བཅོས་སེམས་ཁམས་རིག་པའི་གཙུག་ལས་རབ་འབྱམས་པའི་ཐོག་བསླབ་པ་མཐར་སོན་སྟེ་སེམས་ཁམས་རིག་པའི་ཐོག་སྨན་བཅོས་ཀྱི་ལས་ཀ་བྱས།

ཕྱི་ལོ་ ༡༩༨༩ ལོར་གྷལ་ཝེ་གཙུག་ལག་སློབ་གླིང་ནས་ཁྲིམས་ལུགས་རིག་པའི་ཐོག་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༩༡ ལོར་ཁོང་མོ་ཁྲིམས་རྩོད་པ་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༩༧ ལོའི་ངལ་རྩོལ་སྲིད་དོན་ཚོགས་པར་ཞུགས་ཏེ། ཕྱི་ལོ་ ༡༩༩༩ལོར་གྷལ་ཝེ་གྲོང་ཁྱེར་གྱི་ངལ་རྩོལ་སྲིད་དོན་ཚོགས་པའི་འཐུས་མི་རུ་འོས་འདེམས་བྱུང་། ཕྱི་ལོ་ ༢༠༠༧ ལོར་ངལ་རྩོལ་ཚོགས་པ་ནས་ཕྱིར་ཐོན་ཏེ། གྲོས་ཚོགས་འཐུས་མིར་འགྲན་ཞུགས་བྱས་ཀྱང་འོས་ཤོག་ ༢༠༠༠ ལྷག་ཙམ་ལས་ཐོབ་མེད། ཕྱི་ལོ་ ༢༠༡༦ ལོའི་གྷལ་ཝེ་ནུབ་ཁུལ་གྱི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་། གྲོས་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་། ཨེ་རི་ལན་ཌི་སྐད་ཡིག གླིང་ཕྲན་གྱི་ཚོགས་ཆུང་གི་ཚོགས་གཙོ་བྱས་ཡོད་འདུག ཕྱི་ལོ་ ༢༠༢༠ ཁོང་མོ་ཐེངས་དང་པོའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འོས་འདེམས་བྱུང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་མོས་སྲིད་འཛིན་འོས་མིར་ལངས་རྒྱུ་གསལ་བསྒྲགས་བྱས་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ཁོང་མོར་འོས་ཤོག་བརྒྱ་ཆ་ ༦༣།༤ ཐོབ་ཡོད་འདུག དེ་ནི་ཨེ་རི་ལན་ཌི་སྲིད་འཛིན་འོས་འདེམས་ཁྲོད་བརྒྱ་ཆ་མཐོ་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

སྐར་མ ༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese