མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་ལའི་གནམ་གཤིས་ཀྱི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནི་ཨེ་ཤ་ཡའི་ཆུ་མཛོད་ཡིན་པར་ངོས་འཛིན་བྱས་ཏེ་གཏོར་བཤིག་གི་ལས་གཞི་ལས་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

COP30 climate conference opens in Belém: calls for a just transition that respects human rights and justice – spotlight on Tibet

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༢༡ བར་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་བྷི་ཛལ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་ ༣༠ པ་འཚོག་བཞིན་ཡོད་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཚོགས་འདུར་མཉམ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་ཁོར་ཡུག་ལས་འགུལ་བ་སོགས་ཀྱིས་ཚོགས་འདུ་དེའི་སྟེང་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནད་དོན་ཁག་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འཛམ་གླིང་གི་མགོ་ཁྲིད་ཚོས་རང་བྱུང་ཁམས་ཀྱི་ནུས་ཤུགས་བསྐྱར་གསོའི་ཐབས་ལམ་སྐོར་ལ་གྲོས་བསྡུར་བྱེད་བཞིན་པའི་སྐབས་འདིར། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ནི་ཧ་ཅང་དྲང་བདེན་མིན་པའི་མཚམས་ཐིག་ཞིག་ཏུ་ལྷུང་ཡོད།  རྒྱ་ནག་གིས་གཞུང་འབྲེལ་གྱི་ཐོག་ནས་ལྗང་མདོག་གི་ནུས་ཤུགས་ལ་ཁ་གཡར་ནས། བོད་ཀྱི་གཙང་པོ་ཁག་ཏུ་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དེས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སླར་གསོ་མི་ཐུབ་པའི་གཏོར་སྐྱོན་དང་ས་གནས་མི་མང་གནས་སྤོ་བྱེད་དུ་འཇུག་གི་ཡོད།  རྒྱ་ནག་གིས་བསྐྲུན་པའི་ཆུ་མཛོད་ཆེན་པོ་དེ་དག་གིས་ཉམས་ཆུང་བའི་སྐྱེ་ཁམས་མ་ལག་ལ་གཏོར་བརླག་དང་ཨེ་ཤ་ཡའི་ཆུའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་གི་ཤུལ་བཞག་རྣམས་རྩ་བརླག་ཏུ་གཏོང་བཞིན་ཡོད།  ཅེས་བརྗོད་འདུག

རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་ལས་གཞི་དེ་དག་ལ་ས་གནས་མི་མང་གི་ངོས་ལེན་དང་འདོད་བློ་མེད་བཞིན་དུ་བཙན་གྱིས་རྒྱག་བཞིན་པ་ནི་རྒྱལ་སྤྱིའི་ཚད་གཞིར་འགལ་བ་མ་ཟད། བོད་མི་ཚོར་ཁོང་ཚོའི་ས་ཆ་དང་། འཚོ་བའི་རྟེན་གཞི། མ་འོངས་པ་བཅས་ལ་ཐག་གཅོད་བྱེད་པའི་དབང་ཆ་མེད་པར་བཟོས་ཡོད། དེར་བརྟེན། ཐེངས་འདིའི་ཚོགས་འདུའི་ཐོག་བོད་མི་མང་གི་འཚོ་རྟེན་དང་ཐོབ་ཐང་སྲུང་སྐྱོབ་ཐུབ་པའི་གནམ་གཤིས་འགྱུར་ལྡོག་གི་སྲིད་བྱུས་འཛིན་རྒྱུ་གལ་ཆེན་ཡིན་པ་དང་། གནམ་གཤིས་དང་ནུས་པའི་སྲིད་བྱུས་ཚང་མའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ། དེ་བཞིན་བོད་ནི་ཨེ་ཤ་ཡའི་ཆུ་མཛོད་ཡིན་པར་ངོས་འཛིན་བྱས་ཏེ་གཏོར་བཤིག་གི་ལས་གཞི་ལས་སྐྱོབ་དགོས་སྐོར་སོགས་ཀྱི་འབོད་སྐུལ་ཞུས་འདུག

ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཕྱི་ལོ་ ༢༠༠༠ ནས་བཟུང་རྒྱ་ནག་གིས་བོད་ནང་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་ཉུང་མཐར་ ༡༩༣  མགོ་བཙུགས་ཡོད་པ་དང་། དེ་དག་ལས་བརྒྱ་ཆ་ ༨༠ ཙམ་ཆུ་མཛོད་ཆེན་པོ་དང་ཆུ་མཛོད་ཧ་ཅང་ཆེན་པོ་ ( 100 MW ) ཡིན་པ་གསལ་སྟོན་བྱས་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་སྨད་ཕྱོགས་ཀྱི་བཞུར་རྒྱུན་དུ། འཛམ་གླིང་གི་ཆེས་ཆེ་བའི་ཆུ་རགས་གསར་རྒྱག་གི་ལས་གཞི་བརྩམས་ཡོད་པ་དེ་ནི་ཆུ་རགས་ལྔ་བརྩེགས་ཀྱི་ཆུ་མཛོད་ཅིག་ཡིན་པ་དང་།  ཆུ་རགས་དེ་ནི་དེ་སྔོན་རྒྱ་ནག་གཞུང་གིས་འབྲི་ཆུའི་བཞུར་རྒྱུན་དུ་བརྒྱབ་པའི་འགག་གསུམ་ཆུ་རགས་ (Three Gorges Dam) ལས་ལྡབ་ ༣ གྱི་ཆེ་བ་ཡོད་པ་དང་། ལས་གཞི་དེ་ལེགས་གྲུབ་བྱུང་ཚེ། ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་གནས་པའི་མི་གྲངས་ ༡།༢  ཙམ་སྲོལ་རྒྱུན་གྱི་གཞིས་ཁྱིམ་དང་ས་ཆ་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པ་བསྟན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese