མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལ་དྭགས་ཀྱི་ནུ་མ་ཁུལ་དུ་མཁའ་དམག་གི་རྟེན་གཞི་ཞིག་གསར་དུ་སྒོ་ཕྱེས་ཡོད་པ་དང་མཁའ་དམག་གི་རྟེན་གཞི་དེ་ནི་མཐོ་ཚད་ཧྥི་ཊི་ ༡༣,༧༠༠ ལ་ཆགས་ཡོད་འདུག

India operationalised its new Nyoma airbase close to the frontier with China

ཉེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་བོད་ནང་དུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས་ཏེ་དམག་དོན་གྱི་ནུས་པ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་ལ་དྭགས་དང་ཨ་རུ་ན་ཅལ་སོགས་འཕགས་བོད་མཐའ་མཚམས་ཁུལ་དུ་མཁའ་དམག་གི་གནམ་གྲུ་འཇོག་ས་དང་། སྡོད་ཁང་གསར་པ་སོགས་འཛུགས་སྐྲུན་བྱས་ཏེ་ཁ་གཏད་གཅོག་ཐབས་བྱེད་བཞིན་འདུག

རྒྱ་གར་གཞུང་གིས་ལ་དྭགས་སུ་དམག་དོན་ནུས་པ་རྒྱ་སྐྱེད་གཏོང་བཞིན་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལ་དྭགས་ཀྱི་ནུ་མ་ཁུལ་དུ་མཁའ་དམག་གི་རྟེན་གཞི་ཞིག་གསར་དུ་སྒོ་ཕྱེས་ཡོད་འདུག་ལ། མཁའ་དམག་གི་རྟེན་གཞི་དེ་ནི་མཐོ་ཚད་ཧྥི་ཊི་ ༡༣,༧༠༠ ལ་ཆགས་ཡོད་པ་མ་ཟད། རྒྱ་གར་གྱི་མཁའ་དམག་གི་རྟེན་གཞི་མཐོ་ཤོས་ཤིག་ཡིན་འདུག དེ་བཞིན་ཨ་རུ་ན་ཅལ་གྱི་མེ་ཆུ་ཁ་ (Mechuka) རུ་ཡོད་པའི་དམག་སྒར་དུ་ཕྱི་ལོ་ ༢༠༡༥ ལོར་མཁའ་དམག་རྟེན་གཞི་བཙུགས་ཏེ་དམག་མི་འབོར་ཆེན་བསྡུས་ཏེ་སྦྱོང་བརྡར་སྤྲོད་བཞིན་འདུག

དེ་འབྲེལ་རྒྱ་གར་གྱི་དཔོན་རིགས་ཤིག་གིས། རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་སླད་གྲོས་མོལ་ཐེངས་མང་བྱས་ཡོད་ཀྱང་། ཕན་ཚུན་ཡིད་ཆེས་མེད་པའི་རྐྱེན་གྱིས་དམག་དོན་གྱི་ལས་གཞི་ཤུགས་ཆེན་སྤེལ་བཞིན་ཡོད་ལ། རྒྱ་དཀར་ནག་གི་མཐའ་མཚམས་སུ་དམག་དཔུང་ཕོན་ཆེན་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་འདུག

ད་ལན་ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་ཞིག་གསར་འཛུགས་བྱས་པ་དེས་སྤང་གོང་མཚོ་དང་། བདེ་མཆོག་ (Demchok) སོགས་ལ་དྭགས་ཀྱི་ཤར་ཕྱོགས་ཁུལ་དུ་དམག་མི་དང་། གོ་མཚོན། མཁོ་ཆས་སོགས་གང་མགྱོགས་སྐྱེལ་འདྲེན་དང་། དམག་དོན་ནུས་པ་རྒྱ་སྐྱེད་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུར་དམིགས་པ་ཞིག་ཡིན་འདུག་ལ། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་གླེ་དང་། དཀར་འཁྱིལ། ནུ་མ་སོགས་དང་། ཨ་རུ་ན་ཅལ་མངའ་སྡེའི་ནང་པ་སི་གྷ་ཌི་ (Pasighat) དང་། མེ་ཆུ་ཁ། ཊུ་ཊིང་། ཝ་ལུང་སོགས་སུ་མཁའ་དམག་གི་རྟེན་གཞི་གསར་འཛུགས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་ས་ཐིག་དང་ཆེས་ཁ་ཐག་ཉེ་བའི་རྒྱ་གར་གྱི་མོན་རྟ་དབང་དང་། འབྲས་ལྗོངས། ལ་དྭགས། ཨུ་ཊར་ཁན་ཌི་མངའ་སྡེའི་ཁུལ་སོགས་སུ་མཁའ་དམག་དང་། སྐམ་དམག་གི་རྟེན་གཞི་སོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མུས་ཡིན་པ་དེས། རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་འབྱུང་འགྱུར་ས་མཚམས་རྩོད་རྙོག་རིགས་འབྱུང་སྐབས། འཆར་གཞི་དང་ཐབས་ཇུས་རང་བཞིན་གྱི་ཐོག་ནས་འཐབ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གིས་བོད་དིང་རི་དང་། ལྷུན་རྩེ། སྤུ་ཧྲེང་རྫོང་སོགས་སུ་མཁའ་དམག་གི་རྟེན་གཞི་བསྐྲུན་པ་ནི། འཕགས་བོད་མཐའ་མཚམས་ཁག་དང་ཧ་ཅང་ཁ་ཐག་ཉེ་བོ་ཡོད་སྟབས། རྒྱ་ནག་གིས་མཐའ་མཚམས་ཁུལ་དུ་མཁའ་དམག་གི་རྟེན་གཞི་རྒྱ་སྐྱེད་དང་འཆར་གཞི་དམིགས་བསལ་ཞིག་སྒྲིག་བཞིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

འདི་ལོའི་ཕྱི་ཟླ ༧ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་ཤར་ཨེ་ཤ་ཡའི་ཟུང་དྲུང་སྐུ་ཞབས་གྷ་རན་གྷ་ལལ་དྷ་སི་(Gourangalal Das) ལགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་ནག་མཐའ་མཚམས་དང་མཚོ་ཁུལ་གྱི་གནད་དོན་ལས་ཁུངས་ (Boundary and Oceanic Affairs Department)  ཀྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་མགོ་ཁྲིད་པའི་རྒྱ་ནག་གི་ཚོགས་ཆུང་དང་ཐུག་འཕྲད་གནང་སྟེ། རྒྱ་ནག་དཀར་ནག་གཉིས་ཀྱིས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་དང་མཉམ་ལས་བྱེད་ཕྱོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་ལ། རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ཞི་བདེ་བརྟན་བརླིང་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་རྒྱུན་ལྡན་བཞིན་ཡོང་རྒྱུའི་ཐད་ལ་གླེང་སློང་གནང་ཡོད་པ་མ་ཟད། མཐའ་མཚམས་ཁུལ་དུ་ཚོང་དོན་ཚུད་པའི་མཉམ་ལས་དང་། འདི་ལོའི་ལོའི་མཇུག་ཏུ་སླར་ཡང་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཁུལ་གྱི་གནད་དོན་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་འདུ་ཞིག་རྒྱ་གར་དུ་འཚོག་འཆར་ཡོད་སྐོར་སོགས་བསྒྲགས་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་དམར་འཛིང་བྱུང་རྗེས། ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཏེ་མཐའ་མཚམས་ཞི་བདེ་དང་བརྟན་བརླིང་ཡོང་སླད། ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་འཕགས་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ཡོད་སྟབས། ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese