མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཁང་སོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཚད་རིམ་ ༨།༨ ཅན་ས་ཡོམ་ཤུགས་ཆེན་གཉིས་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

New studies stated to indicate likelihood of major new earthquakes in the Himalayas

ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་དང་བོད་གནས་བསྐྱར་ཞིབ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ངོ་མང་པོའི་ནང་བོད་དང་བལ་ཡུལ། འབྲུག དེ་བཞིན་རྒྱ་གར་གྱི་ས་ཁུལ་ཁག་ཅིག་དང་པ་ཀི་སི་ཐན་ཚུད་པའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་བྱུང་ཡོད་པར་བརྟེན། འདས་པའི་ལོ་ངོ་བཞིའི་རིང་རྒྱལ་སྤྱིའི་མཁའ་དབྱིངས་དང་ས་ཁམས་ཞིབ་འཇུག་ལྟེ་གནས་ཁང་ཁག་ཅིག་གིས་ཞིབ་འཇུག་བྱས་པ་བརྒྱུད། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཚད་རིམ་ ༨།༨ ཅན་གྱི་ས་ཡོམ་ཐེངས་གཉིས་འབྱུང་སྲིད་པའི་སྔོན་བརྡ་བཏང་ཡོད་པ་རེད། དེ་བཞིན་ས་འགུལ་ག་དུས་འབྱུང་མིན་གྱི་དུས་ཚོད་དང་ས་གནས་སོགས་སྔོན་དཔག་བྱེད་ཐུབ་ཐབས་མེད་ཀྱང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་རྒྱལ་ཁབ་ཁག་ཏུ་ས་ཡོམ་འབྱུང་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པས། སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས་པའི་ལམ་སྟོན་ཡང་བྱས་འདུག

ཐེངས་འདིའི་ཞིབ་འཇུག་གྲུབ་དོན་དེ་ནི་རྒྱ་གར་གྱི་ཨེམ་དྷ་བྷ་ཌི་རུ་ཡོད་པའི་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཁང་དང་། ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ཞིབ་འཇུག་ཚན་པ་ (NASA) དང་ཁེ་ལི་ཧྥོར་ནི་ཡའི་ཚན་རྩལ་ལྟེ་གནས་ཁང་ (California Institute of Technology) བཅས་ཀྱི་ཚན་རིག་པ་དང་འབུམ་རམས་པ་སི་རི་ཇི་ཐི་ (Dr KM Sreejith) ལགས་དང་། མཚོ་ཁའི་ས་ཁམས་རིག་པ་དང་ས་ཁམས་རིག་པའི་ཚན་པའི་འགན་འཛིན་སློབ་དཔོན་སུ་ནིལ་ (Professor Sunil) ལགས། འབུམ་རམས་པ་ཨ་ཇི་ཤི་ (Dr Ajish P Saji) ལགས། མཁའ་དབྱིངས་ཞིབ་འཇུག་པ་ཇ་སིར་ (Jasir) ལགས་སོགས་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་པ་ཞིག་ཡིན་འདུག་ལ། ཞིབ་འཇུག་སྙན་ཐོ་དེ་ཨ་རིའི་ས་ཁམས་རིག་པའི་ཞིབ་འཇུག་དུས་དེབ་སྟེང་བཀོད་ཡོད་འདུག

ཨ་རིིའི་སི་ཊ་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང་ (Stanford University) གི་ས་ཁམས་རིག་པའི་མཁས་པ་སའེ་མོན་ (Simon Klemperer) ལགས་ཀྱིས། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། ས་འོག་རང་བྱུང་གི་སྒུལ་ཤུགས་ཆེ་བ། ས་བབ་བརྟན་པོ་མེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཡོམ་ཡང་ཡང་འབྱུང་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

སྙན་ཐོ་གསར་བའི་ནང་ས་ཡོམ་དེ་ས་གནས་གང་དུ་དང་དུས་ཚེས་ག་དུས་འབྱུང་སྲིད་པའི་སྐོར་ཁ་གསལ་བཤད་མེད་ཀྱང་། ཞིབ་འཇུག་གི་གྲུབ་དོན་ནང་རྒྱ་གར་གྱི་ཨུ་ཏ་ར་ཁན་དང་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་འབྱུང་སྲིད་པའི་ཚོད་དཔག་བྱས་ཡོད་ཅིང་། ས་ཁུལ་དེ་གཉིས་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་ས་མཚམས་ཀྱི་འབྲེལ་བ་ཡོད་པས་ཡིན་འདུག་ལ། སྙན་ཐོའི་ནང་ལོ་ངོ་ས་ཡ་ ༥༠ ཙམ་གྱི་སྔོན་ལ་རྒྱ་གར་དང་ཡུ་རོབ་ཀྱི་ས་ཁམས་གདོང་ཐུག་བྱུང་བ་ལས་ཧི་མ་ལ་ཡའི་རི་རྒྱུད་བྱུང་བ་དང་། བོད་དང་རྒྱ་གར་གྱི་ས་འོག་འགྱུར་འགྲོས་ཀྱི་ཤུགས་རྐྱེན་ལས་དུས་རབས་མང་པོའི་རིང་ཧི་མ་ལ་ཡའི་ས་ཁུལ་ནི་ས་ཡོམ་ཤུགས་ཆེན་ཡང་ཡང་བྱུང་སའི་ས་ཚིགས་ཤིག་ཏུ་གྱུར་ཡོད་ཅིང་། ས་ཁམས་ཀྱི་འགྱུར་འགྲོས་དེ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་དུ་ས་ཡོམ་ཚད་རིམ་ ༧།༨ ཅན་ཞིག་བརྒྱབ་སྟེ། མི་གྲངས་ ༩༠༠༠ ཙམ་རྐྱེན་འདས་སུ་གྱུར་བ་དང་། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་གྱི་ཧི་མ་ལ་ཡ་དང་ས་འབྲེལ་ཡོད་པའི་ཨུ་ཏ་ར་ཁན་མངའ་སྡེའི་ཨུ་ཏར་ཁ་ཤི་ (Uttarkashi) གྲོང་ཚོ་རུ་ས་ཡོམ་ཚད་རིམ་ ༦།༨ ཅན་ཞིག་བྱུང་སྟེ་མི་གྲངས་ ༧༦༡ རྐྱེན་འདས་སུ་ཕྱིན། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་ཨུ་ཏ་ར་ཁན་མངའ་སྡེའི་ཅ་མོ་ལི་ (Chamoli) རྫོང་དུ་ས་ཡོམ་ཚད་རིམ་ ༦།༦ ཅན་བརྒྱབ་སྟེ་མི་གྲངས་ ༡༠༣ རྐྱེན་འདས་སུ་གྱུར་ཡོད་པ་རེད། དེ་བཞིན། འདི་ལོའི་ལོ་མགོར་བོད་དིང་རི་རྫོང་དུ་ས་ཡོམ་ཤུགས་ཆེན་བྱུང་སྟེ་མི་གྲངས་ ༡༢༦ རྐྱེན་ལམ་དུ་ཤོར་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༦ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese